ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར“འཆལ་ལོག་རྡུང་རྡེག”གཞུང་སྒྲུབ་ཁང་གིས་སྒྲིག་བཟོ་བྱས་པའི“ཁྱེའུ་སྲུང”འགུལ་རིས་བརྙན་ཐུང《ཨ་ཕ་བློ་ལྡན》ཞེས་པར་རྒྱ་ཆེའི་ན་ཆུང་བྱིས་པ་དང་ཁྱིམ་བདག་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན“འཆལ་ལོག་རྡུང་རྡེག”གཞུང་སྒྲུབ་ཁང་གིས་བོད་འབྲེལ་ས་ཁུལ་གྱི་ན་ཆུང་བྱིས་པས་ཆ་འཕྲིན་བཟང་ངན་གྱི་དབྱེ་འབྱེད་ནུས་པ་དང་འགོག་ཟོན་འདུ་ཤེས་ཞན་པའི་ཆ་ལ་དམིགས་ཏེ། འགུལ་རིས་བརྙན་ཐུང་དེ་བོད་རྒྱ་སྐད་གཉིས་ལམ་ནས་བོད་འབྲེལ་ས་ཁུལ་དུ་སྤེལ་བ་ཞིག་ཡིན་ལ། གཙོ་བོ་ད་ལྟ་སྤྱི་ཚོགས་ཡོངས་ན་དོ་ཁུར་དང་གཅེས་སྐྱོང་ཆེན་པོ་བྱེད་པའི་ན་ཆུང་བྱིས་པའི་འཚར་ལོངས་ཀྱི་ཕྱོགས་ལ་ཁོར་ཡུག་གཙང་མ་ཞིག་འདོན་ཐུབ་ལ་ནུས་ཤུགས་འདོན་ཕྱིར་རེད།