འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2026ལོའི་ཟླ་1ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ། 2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་རེད། 《སྲོལ་ཡིག》དེས་བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་སྟོང་ཆ་བསྐངས་ཡོད།
བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས《སྲོལ་ཡིག》ནང་འཛུགས་སྐྲུན་གྱི་ཚད་གཞི་དང་སྲུང་སྐྱོང་བྱ་ཐབས་ཚད་ལྡན་དུ་བཏང་སྟེ། འཕྲིན་གཏོང་དྲ་རྒྱའི་བདེ་འཇགས་རང་བཞིན་དང་བརྟན་པོའི་རང་བཞིན་ཇེ་ཆེར་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཐུབ་རྒྱུ་རེད། གྲོན་དངུལ་གང་བྱུང་དུ་བསྡུ་བའི་སྣང་ཚུལ་གཏན་འགོག་དང་འདྲ་མཉམ་ངང་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་པ་བརྒྱུད། ཚོང་གཉེར་ཁོར་ཡུག་ལེགས་སུ་ཏན་ཏིག་བཏང་ནས་གློག་འཕྲིན་སྤྱོད་མཁན་དང་གློག་འཕྲིན་ལས་སྒོའི་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད་ཅེས་བཤད་པ་རེད།