ཀྲུང་གོའི་སྤྱི་དམངས་གནས་སྐབས་ཨུ་རུ་སུའི་རྒྱལ་ཁོངས་སུ་ཡོང་ཆོག་པའི་བཀའ་ཁྲིམས་ལ་ཕུའུ་ཅིང་གིས་མིང་རྟགས་བཀོད་པ། ཚེས་1ཉིན་ཨུ་རུ་སུའི་བཅའ་ཁྲིམས་ཆ་འཕྲིན་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལས་མངོན་པར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོའི་སྤྱི་དམངས་གནས་སྐབས་ཨུ་རུ་སུའི་རྒྱལ་ཁོངས་སུ་ཡོང་རྒྱུའི་སྐོར་གྱི་བཀའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད། བཀའ་ཁྲིམས་དེར་གཞིགས་ན། ཀྲུང་གོའི་སྤྱི་དམངས་འཐུས་མཆན་འགོད་མི་དགོས་པར་ཨུ་རུ་སུའི་རྒྱལ་ཁོངས་སུ་བསྐྱོད་ནས་ལྟ་སྐོར་དང་ཚོང་དོན་ཡུལ་སྐོར་བྱེད་ཆོག་པ་དང་གོ་ཆོད་ཚད་2026ལོའི་ཟླ་9ཚེས་14ཉིན་(ཉིན་དེ་ཚུད་ཡོད་)བར་ཡིན་པ་རེད། ཐོ་འགོད་མི་དགོས་པའི་ཉིན་གྲངས་ནི་ཉིན་30ཡིན།