ཧའེ་ནན་ཝུན་ཁྲང་ཉེན་རྟོག་ཕྱོགས་ཀྱི་བརྡ་ཁྱབ་ལྟར་ན། སྐྱེས་པས་ཆུང་མར་རྡུང་རྡེག་བཏང་བའི་བརྙན་ལམ་རྫུན་མ་བཟོས་པས་བཀག་ཉར་བྱས་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

     ཟླ་12ཚེས་1ཉིན་ཧའེ་ནན་ཝུན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་གསལ་དུ། ཉེ་ཆར་དྲ་དམངས་ཀྱི་སྙན་ཞུ་འབྱོར་བ་ལྟར་ན། འཁྱུག་དབྱིངས་རྩིས་ཐོའི་མིང་ལ་“ཀྲུའུ་ཀེ་ཧྲེན་ཧོའོ་”(འཁྱུག་དབྱིངས་ཨང་གྲངས།AGT9957)ཟེར་བས་དྲ་རྒྱའི་སྟེགས་བུའི་ཐོག་ཆུང་མར་རྡུང་རྡེག་བཏང་བའི་བརྙན་ལམ་ཁྱབ་བསྒྲགས་བྱས་པ་དང་། དེས་ཤུགས་རྐྱེན་ངན་པ་བཟོས་ཡོད།

     བརྟག་དཔྱད་བྱས་པ་བརྒྱུད། འཁྱུག་དབྱིངས་ཨང་གྲངས་AGT9957གྱི་བདག་པོ་ཀྲང་ཆེ་གེ་མོ་(སྐྱེས་པ། ལོ་35ལོ། ཟ་ཚང་ཁ་བྲལ་བ་)ཡིས་དྲ་རྒྱའི་ཐོག་གཞན་གྱི་དོ་ཁུར་ཐོབ་ཆེད། དྲ་རྒྱའི་ལས་སྟེགས་ནས་བུད་མེད་ལ་རྡུང་རྡེག་བཏང་བའི་པར་རིས་དང་བརྙན་ལམ་ཕབ་ལེན་བྱས་ཏེ། པར་རིས་དང་བརྙན་ལམ་ནང་གི་བུད་མེད་ངོ་མི་ཤེས་པའི་གནས་ཚུལ་འོག་“ངས་ཚོད་ལྟ་བྱས་མྱོང་། འོན་ཀྱང་ལག་པ་ལྕི་དྲགས་སོང་། ངར་ད་དུང་འདྲ་པར་མང་པོ་ཡོད་མོད། འོན་ཀྱང་འདྲ་པར་དེ་དག་ཚང་མར་ཁྲག་ཡོད་པས་ངས་བསྐུར་མི་འདོད། འདྲ་པར་འདི་གཅིག་པུར་ཁྲག་མེད་”སོགས་ཀྱི་ཡི་གེ་བཀོད་ནས་ཁྱིམ་ཚང་གི་གཏུམ་སྤྱོད་རྫུན་བཟོ་བྱས་ཏེ། འཁྱུག་དབྱིངས་སྟེགས་བུའི་ཐོག་རྐང་བཙུགས་ནས་ཁྱབ་སྤེལ་བྱས་ནས་དཀྲོག་གཏམ་བཟོས་ནས་ཟིང་ཆ་བླངས་པས་རྒྱ་ཆེའི་དྲ་དམངས་ཀྱིས་དོ་སྣང་བྱེད་པ་དང་སྤྱི་པའི་སྒྲིག་ལམ་དཀྲུགས་ཡོད་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཀྲང་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་དང་དངུལ་ཆད་ཆབས་ཅིག་ཏུ་བཅད་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།