སི་ཁྲོན་མའོ་རྫོང་གི་རི་མཐོའི་ཀུ་ཤུ་ཕྱུག་འགྱུར་གྱི“དཔག་བསམ་ཤིང”ལ་གྱུར་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འདི་ནི་ཨན་ཤང་གྲོང་ཚོའི་ཤིང་འབྲས་འདེབས་མཁན་ཞིང་པས་ཀུ་ཤུ་བསྡུ་བཞིན་པ།

འདི་ནི་ནན་ཤིན་གྲོང་རྡལ་ཨན་ཤང་གྲོང་ཚོར་དྲ་ཚོང་པས་ཐད་གཏོང་བརྒྱུད་ཀུ་ཤུ་འཚོང་བཞིན་པ།

     ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་ནན་ཤིན་གྲོང་རྡལ་གྱིས་ས་བབ་སྨི་2000ལྷག་ཙམ་ཟིན་པའི་རི་ཁུག་ཏུ་ཞིང་ལས་གླིང་བསྐྲུན་ནས། སྤུས་ལེགས་ཀུ་ཤུ་མུའུ་2200ལྷག་ཙམ་བཏབ་པར། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་3800ལྷག་ཙམ་ཟིན་གྱི་ཡོད། ས་གནས་དེ་གས་དྲ་ཐོག་ཚོང་དོན་ལས་སྟེགས་དང་དྲ་ཕྱིའི་ཀུ་ཤུ་འཐུ་བའི་ཡུལ་སྐོར་སོགས་ཀྱི་བྱ་ཐབས་བརྒྱུད། ཀུ་ཤུ་བྲིན་ཚོང་ལ་རམ་འདེགས་བྱས་ཏེ་ཡུལ་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ད་ཆ། དམར་ཐིང་ཐིང་གི་ཀུ་ཤུ་དེ་ཉིད་ས་གནས་དེ་གའི་མང་ཚོགས་ཀྱི“ཕྱུག་འགྱུར་ཤིང་འབྲས”ལ་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།