ཐེ་རོན་ཕུའུ་ཡིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལ་ཁ་པར་བཏང་ནས་“ཕ་རོལ་པོ་སྲིད་སྟེགས་ནས་བབ་རེ་ཐད་ཀར་བཏོན་པ་”རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

     ཨ་རིའི་《ཧྭ་ཨེར་ཁྲོམ་གཞུང་ཉིན་རེའི་ཚགས་པར་》ཐོག་ཟླ་11ཚེས་29ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ལ་ཁ་པར་གཏོང་སྐབས་ཐད་ཀར་འཇིགས་སྐུལ་བྱས་ཏེ། མཱ་ཏུའུ་ལུའོ་རང་འགུལ་ངང་སྲིད་སྟེགས་ནས་མ་བབས་ཚེ་ཨ་རིས་དྲག་ཤུགས་སྤྱོད་པ་ཚུད་པའི་བྱ་ཐབས་གཞན་དག་སྤྱོད་རྒྱུར་བསམ་གཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

     ཟླ་འདིའི་ཚེས་28ཉིན་ཨ་རིའི་《ཉིའུ་ཡོག་སྐབས་དོན་ཚགས་པར་》ཐོག་སྔོན་ལ་ཐེ་རོན་ཕུའུ་ཡིས་གཟའ་འཁོར་གོང་མར་མཱ་ཏུའུ་ལུའོ་དང་ཁ་པར་ཐོག་ནས་གླེང་མོལ་བྱས་པ་དང་ཁ་པར་ཐོག་གི་ནང་དོན་དུ་ཁོང་གཉིས་ཨ་རིར་ཐུག་འཕྲད་བྱེད་སྲིད་པའི་གནས་ཚུལ་ཚུད་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོ་དང་ཝེ་ནེ་ཙུའེ་ལ་སྲིད་གཞུང་གཉིས་ཀས་གནས་ཚུལ་དེར་ལན་མ་བཏང་བ་རེད། ཚེས་29ཉིན་《ཧྭ་ཨེར་ཁྲོམ་གཞུང་ཉིན་རེའི་ཚགས་པར་》དུ་གནས་ཚུལ་ཤེས་མཁན་མི་སྣའི་བཤད་ཚུལ་དྲངས་ནས་ཐེ་རོན་ཕུའུ་ཡིས་ཁ་པར་ཐོག་མཱ་ཏུའུ་ལུའོ་ལ་འཇིགས་སྐུལ་བྱས་པའི་གནས་ཚུལ་སྤེལ་བ་རེད།

     ཉེ་ཆར་ཨ་རིས་“དུག་ཚོང་འཛིན་རྒྱ་གཏོང་རྒྱུ་”རྒྱུ་མཚན་དུ་བྱས་ནས་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་གྱི་ཅ་ལེ་པིའི་མཚོ་ཁོངས་སུ་དམག་གྲུ་མང་པོ་བཀོད་སྒྲིག་བྱས་ནས་ཝེ་ནེ་ཙུའེ་ལར་མུ་མཐུད་གནོན་ཤུགས་སྤྲད་པ་རེད། ཚེས་29ཉིན་ཐེ་རོན་ཕུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་ཝེ་ནེ་ཙུའེ་ལའི་མཁའ་དབྱིངས་དང་དེ་བཞིན་མཐའ་འཁོར་གྱི་མཁའ་ཁོངས་“ཁྱོན་ཡོངས་ནས་སྒོ་རྒྱག་པར་བརྩི་བཞིན་ཡོད་”ཅེས་བཤད་པ་རེད། ཉིན་གཅིག་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་གཞོན་པ་ལུའོ་ཏེ་ལི་ཀེ་སིས་ཝེ་ནེ་ཙུའེ་ལ་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ཕྱོགས་མང་གི་ལམ་སྲོལ་ཚང་མ་ལག་བསྟར་བྱས་ཏེ་“ཨ་རིས་མཁའ་ཁོངས་བཀག་སྡོམ་བྱས་པའི་”ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད་པ་རེད

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།