“དུང་ཕྱུར་སྟོང་”ལས་བརྒལ་ངེས་ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
     ཟླ་11ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་“བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བ་”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་ཐེངས་ཉེར་བདུན་པ་འཚོགས་པ་དང་། འཚོགས་འདུའི་ཐོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བའི་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་པ་རེད།

     ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚམས་སྦྱོར་བྱས་པར་གཞིགས་ན། ལོ་60རིང་ལྷ་ས་གྲོང་ཁྱེར་གྱིས་“དོན་ཆེན་བཞིར་”དམིགས་པ་དང་། “གསར་འཛུགས་བཞིར་”ནུས་ཤུགས་གཅིག་སྡུད་བྱས་པ། “སྣེ་ཁྲིད་བདུན་ཡག་པོ་བྱེད་པར་”དམིགས་པ། “རྩ་དོན་ལྔ་”མཐའ་འཁྱོངས་བྱས་པ། “འཐབ་ཇུས་ཆེན་པོ་བཞི་”ལག་བསྟར་བྱས་པ། ནུས་ཤུགས་ཡོད་རྒུས་“ཕན་ནུས་ཁུལ་གསུམ་”ཡག་པོར་སྒྲུབ་པ། “ལས་རིགས་རིགས་ལྔའི་འཕེལ་རྒྱས་ཁུལ་”ལེགས་སུ་བཏང་བ། “ཐོན་ལས་ཆེན་པོ་དགུ་”སྟོབས་ཆེར་བཏང་བ་བཅས་བྱས་ཏེ། ལྷ་སའི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། སྔོན་དཔག་བྱས་པར་གཞིགས་ན། 2025ལོར་ལྷ་ས་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུང་ཕྱུར་སྟོང་ལས་བརྒལ་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་བཅས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་340དང་། སྒོར་དུང་ཕྱུར་420 540བཅས་སོ་སོར་བརྒལ་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་6དང་ཁྲི་2.9སོ་སོར་བརྒལ་རྒྱུ་ཡིན་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་2020ལོའི་2.39:1ནས་2.1:1ཡས་མས་སུ་ཆུང་དུ་ཕྱིན་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།