ཧྥ་རན་སིར་གློ་བུར་དུ་དོན་རྐྱེན་འདི་འདྲ་བྱུང་འདུག

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

    ཧྥ་རན་སིར་རླངས་འཁོར་ཞིག་གིས་བསམ་བཞིན་དུ་མི་ལ་རྡུང་བའི་དོན་རྐྱེན་ཐོན་ནས་མི་10ལ་རྨས་སྐྱོན་ཕོག་པ་དང་། མཱ་ཁེ་ལུང་གིས་དེའི་ཐད་གསལ་བསྒྲགས་སྤེལ་པ།

     ཚེས་5ཉིན་ཧྥ་རན་སིའི་ནུབ་རྒྱུད་པིན་ཧའེ་ཞ་ལང་ཏེ་ཞིང་ཆེན་ཨའོ་ལའེ་ལུང་གླིང་ཕྲན་དུ་རླངས་འཁོར་གྱིས་ལམ་འགྲོ་བར་རྡུང་པའི་དོན་རྐྱེན་ཞིག་ཐོན་ནས་མི་10ལ་རྨས་སྐྱོན་ཕོག་ཡོད། ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་གིས་ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་Xཐོག་གསལ་བསྒྲགས་སྤེལ་ནས་དེའི་ཐད་ཧང་སངས་བྱུང་ཞེས་བཤད།

     མཱ་ཁེ་ལུང་གིས་རྨས་མ་དང་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ལ་འཚམས་འདྲི་ཞུས་པ་རེད། ཁོང་གིས་བསྟན་དོན། ཁྲིམས་འཛིན་མ་ལག་གིས་གནས་ཚུལ་ངོ་མ་རྩད་གཅོད་བྱ་རྒྱུ་དང་འབྲེལ་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་ཐོག་ནས་གཏུམ་སྤྱོད་དེར་ལན་སྤྲོད་རྒྱུའི་ཡིད་ཆེས་ཡོད།

     ཧྥ་རན་སིའི་BFMTVགསར་འགྱུར་ཆ་འཕྲིན་བརྙན་འཕྲིན་ཁང་གིས་དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་5ཉིན་སྐྱེས་པ་ཞིག་གིས་རླངས་འཁོར་བཏང་ནས་ཨའོ་ལའེ་ལུང་གླིང་ཕྲན་དུ་བསམ་བཞིན་དུ་རྐང་ཐང་བ་ལ་རྡུང་བ་དང་ད་དུང་རླངས་འཁོར་ནས་བབས་ནས་རླངས་འཁོར་མེ་བསྲེག་བྱ་རྩིས་བྱས་ཀྱང་འཕྲལ་མར་ཉེན་རྟོག་ཕྱོགས་ཀྱིས་བཀག་འདོམས་བྱས་པ་རེད། དོན་རྐྱེན་དེའི་ནང་མི་10ལ་རྨས་སྐྱོན་ཕོག་པ་དང་རྨས་སྐྱོན་ཕོག་པའི་ནང་རྐང་ཐང་བ་དང་རྐང་ཞོན་མཁན་ཚུད་ཡོད་པ་དང་མི་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

     ཧྥ་རན་སིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དོགས་ཡོད་མི་སྣ་ནི་ཧྥ་རན་སིའི་རྒྱལ་ཁོངས་ཡིན་པ་དང་ལོ་30ཡས་མས་ཡིན། དེ་སྔར་རྐུ་འཕྲོག་དང་ཆང་འཐུང་རྗེས་རླངས་འཁོར་བཏང་བ་སོགས་ཀྱི་ཁྲིམས་འགལ་ཟིན་ཐོ་ཡང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།