ཡི་མུག་གི་ནད་སྨན་བཅོས་དང་འབྲེལ་བ་ཡོད་པའི་སྐོར། རང་རྒྱལ་གྱི་ཚན་རིག་པས་ཆ་རྒྱུས་གསར་ལོན་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     རང་རྒྱལ་གྱི་ཚན་རིག་པའི་ཚོགས་པས་ཡི་མུག་གི་ནད་སྨན་བཅོས་ཐབས་ཀྱི་ལམ་སྲོལ་གསར་པ་གསལ་སྟོན་བྱས་པ།

     ཡི་མུག་གི་ནད་ནི་གོ་ལ་ཧྲིལ་པོའི་བསམ་པའི་ནད་གཙོ་བོའི་གྲས་ཤིག་ཡིན་པ་དང་། མི་དུང་ཕྱུར་ཁ་ཤས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། པེ་ཅིན་གྱི་དུས་ཚོད་ཟླ་11ཚེས་6ཉིན། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་རྒྱལ་སྤྱིའི་རྩེར་སོན་རིག་གཞུང་དུས་དེབ་《རང་བྱུང་》ཐོག་ཞིབ་འཇུག་བྱས་འབྲས་སྤེལ་ནས་ཁིལ་ཨན་ཐོང་དང་གློག་ཤིའུ་ཁེ་གསོ་ཐབས་གཉིས་མྱུར་ཞིང་ཕན་ནུས་ཆེ་བའི་ཡི་མུག་འགོག་བཅོས་ཐུན་མོང་ནུས་པའི་ལམ་སྲོལ་ཏེ། གཤེར་རྨེན་ཀམ་བརྡ་བརྒྱུད་ལམ་དེ་ཐོག་མར་གསལ་སྟོན་བྱས་ཏེ། གཤེར་རྨེན་ཀམ་བརྡ་སྙོམས་སྒྲིག་ལ་བརྟེན་པ་མ་ཟད་ཞོར་སྐྱོན་དེ་བས་ཆུང་བའི་ཡི་མུག་གི་ནད་འགོག་བཅོས་བྱེད་ཐབས་རབས་གསར་པ་གསར་སྤེལ་བྱེད་པར་གཞུང་ལུགས་ཀྱི་གཞི་འཛིན་ས་བརྟན་པོ་དང་དམིགས་འབེན་ཁ་གསལ་འདོན་སྤྲོད་བྱས་ཡོད།

     ངོ་སྤྲོད་བྱས་པར་གཞིགས་ན། ཁིལ་ཨན་ཐུང་དང་གློག་ཤིའུ་ཁེ་གསོ་ཐབས་ནི་ད་ལམ་བཅོས་དཀའ་བའི་ཡི་མུག་གི་ནད་པར་དམིགས་པའི་ནུས་ལྡན་གྱི་ཐེ་གཏོགས་བྱེད་ཐབས་ཤིག་རེད། བཅོས་ཐབས་དེ་གཉིས་ཀྱིས་ཆུ་ཚོད་འགའི་ནང་ཕན་ནུས་མགྱོགས་པོ་ཆེན་པོ་ཐོན་ཐུབ་མོད། འོན་ཀྱང་དེའི་ནུས་པའི་ལམ་སྲོལ་ད་དུང་ཁ་གསལ་མེད་པ་མ་ཟད། འཕྲུལ་སྣང་དང་ཤེས་པར་གནོད་སྐྱོན་ཐེབས་པ་སོགས་ཞོར་སྐྱོན་གྱི་ཉེན་ཁ་དང་མཉམ་དུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱས་ཡོད། ད་ཡོད་ཡི་མུག་ནད་བཅོས་ཐབས་ཀྱི་གཏིང་གི་རྩ་བའི་རིགས་པ་དང་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། སྨན་བཅོས་ཀྱི་ཐབས་ཇུས་སྔར་ལས་ལེགས་པོ་གསར་སྤེལ་བྱེད་པ་དེ་ཡི་མུག་གི་ནད་ཞིབ་འཇུག་ཁྱབ་ཁོངས་ཀྱི་གལ་ཆེའི་ནང་གི་གལ་ཆེན་དུ་གྱུར་ཡོད།

     དུས་ཡུན་རིང་པོར་གསོ་རིག་ལས་རིགས་ལ་དཀའ་ངལ་བཟོས་པའི་དཀའ་གནད་དེའི་མདུན་དུ་པེ་ཅིང་གི་ཀླད་པའི་ཚན་རིག་དང་ཀླད་རིགས་ཞིབ་འཇུག་སུའོ་ཡི་ལུའོ་མེན་མེན་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྩེར་སོན་ཚོད་ལྟ་ཁང་མང་པོ་ཞིག་དང་མཉམ་འབྲེལ་བྱས་ཏེ་མདུན་གྲལ་གྱི་རྒྱུད་རྒྱུ་ཨང་སྒྲིག་འོད་ཆེམ་འཚོལ་མདའི་ཁབ་རྩལ་སྤྱད་དེ་ཀླད་རྩ་གསོན་པོའི་ནང་ནས་ཐོག་མར་ཁིལ་ཨན་ཐུང་དང་གློག་ཧྲོ་ཁི་སྨན་བཅོས་བྱེད་རིམ་ཁྲོད་སེམས་ཁམས་སྙོམས་བྱེད་ཀྱི་འགག་རྩའི་ཀླད་པའི་ཁུལ་གྱི་གཤེར་རྨེན་ཀམ་གྱི་ཆུ་ཚད་མགྱོགས་མྱུར་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་ཤེས་རྟོགས་བྱུང་ནས། གསོ་ཐབས་དེ་གཉིས་ཀྱི་གཏིང་གི་ཐུན་མོང་སྲོག་ཤིང་བརྒྱུད་ལམ་སྟེ། གཤེར་རྨེན་ཀམ་བརྡ་བརྒྱུད་ལམ་གསལ་སྟོན་བྱས་པ་རེད།

     ཞིབ་འཇུག་ཚོགས་པས་རྒྱུད་འཛིན་རིག་པ་དང་སྨན་རྫས་ཚོད་ལྟ་སྔར་ལས་ལྷག་པར་བྱས་པ་བརྒྱུད། ཀླད་པའི་ཚོར་བའི་གཤེར་རྨེན་ཀམ་བརྡ་བསྡུ་ལེན་འཕྲུལ་ཆས་སྒོ་རྒྱག་སྐབས། གསོ་ཐབས་དེ་གཉིས་ཀྱི་ཡི་མུག་འགོག་པའི་ཕན་འབྲས་རྦད་དེ་མེད་པར་འགྱུར་བ་དང་། བརྒྱུད་ལམ་འདི་བསྐོལ་སྤྱོད་བྱས་ན་ཡི་མུག་འགོག་པར་ཕན་འབྲས་གསལ་པོ་ཐོན་ཐུབ།

     ལུའོ་མེན་མེན་གྱི་ཞིབ་འཇུག་དེས་ཕན་ནུས་དང་ཞོར་སྐྱོན་ལམ་ལྷོང་ངང་ཁག་འཕྲལ་ནས་སྨན་རྫས་རབས་གསར་པ་གསར་སྤེལ་བྱ་རྒྱུར་ལམ་ཐིག་དཔེ་རིས་གསལ་པོ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད། གཞན་ཡང་ཞིབ་འཇུག་དེས་ད་དུང་སྨན་རྫས་མིན་པའི་སྨན་བཅོས་ལ་བསམ་ཕྱོགས་གསར་པ་ཁྱེར་ཡོད། ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། “མྱུར་གཤིས་ཀྱི་དབྱང་ཉུང་བར་ཆད་ཉུང་བ་”ཞེས་འབོད་པའི་བདེ་འཇགས་དངོས་ལུགས་ཐེ་གཏོགས་བྱེད་ཐབས་ཤིག་གིས་ཀྱང་ཀླད་པའི་གཤེར་རྨེན་ཀམ་བརྡ་ནུས་ལྡན་ངང་འཕེལ་སྐྱེད་འབྱུང་ཞིང་། ཡི་མུག་འགོག་པའི་ཕན་འབྲས་ཆེན་པོ་ཐོན་ཐུབ། ཞིབ་འཇུག་དེས་ཕྱིས་སུ་བཙན་འཛུལ་མིན་པ་དང་སྨན་རྫས་ལ་མི་བརྟེན་པའི་སྐྱེ་ཁམས་གསོ་ཐབས་གསར་སྤེལ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

     ཞིབ་འཇུག་དེ་པེ་ཅིང་ཀླད་པའི་ཚན་རིག་དང་ཀླད་རིགས་ཞིབ་འཇུག་སུའོ་ཡི་ལུའོ་མེན་མིན་ཚོད་ལྟ་ཁང་གིས་སྣེ་ཁྲིད་བྱས་པ་དང་ཀྲུང་གོ་ཚན་རིག་ཁང་ཁྲང་ཁྲུན་ཉེར་སྤྱོད་རྫས་འགྱུར་ཞིབ་འཇུག་སུའོ་ཡི་ཝང་ཞའོ་ཧུའེ་ཚོགས་པ་དང་པེ་ཅིང་སློབ་ཆེན་གྱི་ལི་ཡུས་ལུང་ཚོགས་པ་སོགས་ཚོད་ལྟ་ཁང་མང་པོ་དང་མཉམ་འབྲེལ་ཐོག་མཐུན་སྦྱོར་ལམ་ལྷོང་བྱུང་བ་རེད། ཞིབ་འཇུག་ལ་ཀྲུང་གོའི་གསོ་རིག་ཚན་རིག་ཁང་གི་གསར་གཏོད་ལས་གྲྭ་དང་དེ་བཞིན་གསོ་རིག་གསར་གཏོད་ཐེབས་རྩ། ཀྲུང་གོའི་ཀླད་པའི་འཆར་གཞི། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ། དེ་བཞིན་རྨང་རྡོ་གསར་པའི་ཞིབ་འཇུག་པའི་རྣམ་གྲངས་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།