ཧ་མ་སིས་རང་གི་དམག་དོན་འགོ་ཁྲིད་པ་མོ་ཧན་མོ་ཏི་·ཤིན་ཝར་ཤི་བ་ར་སྤྲོད་བྱས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     ས་གནས་དེ་གའི་དུས་ཚོད་ཚེས་30ཉིན་གྱི་དགོང་མོ་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱི་དམག་དོན་འགོ་ཁྲིད་པ་མུ་ཧན་མུ་ཏེ་·ཤིན་ཝར་རྐྱེན་ལམ་དུ་ཤོར་བ་ར་འཕྲོད་བྱུང་ཡོད།

     དེའི་གོང་ལ་དབྱི་སི་རལ་གྱིས་ཟླ་5པར་འཇབ་རྒོལ་ཐེངས་གཅིག་བྱེད་སྐབས་མུ་ཧན་མུ་ཏེ་·ཤིན་ཝར་བསད་པའི་སྐོར་བརྗོད་མོད། འོན་ཀྱང་ཧ་མ་སི་ཕྱོགས་ཀྱིས་དེ་དོན་ད་བར་ར་སྤྲོད་བྱས་མེད། ཚེས་30ཉིན་གྱི་དགོང་མོ་ཧ་མ་སིས་རང་གི་སྣེ་ཁྲིད་པ་དབྱི་སི་མེར་·ཧ་ཉི་དང་། ཡེ་ཧའེ་ཡ་·ཤིན་ཝར། མུ་ཧན་མུ་ཏེ་·ཏའེ་ཧྥུའུ། མུ་ཧན་མུ་ཏེ་·ཤིན་ཝར། མར་ཝན་·དབྱི་སི། པ་སི་མུའུ་·དབྱི་སི། ལྭ་ཕེ་·ས་ར་མ་·ལྭ་ཏ་·ཐ་པེ་ཐེ་སོགས་ཚུད་པའི་“སྔོན་གཤེགས་དཔའ་བོའི་”མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

     མུའུ་ཧན་མུའུ་ཏེ་་ཤིན་ཝར་ནི་ཧ་མ་སིའི་འགོ་ཁྲིད་པ་ཡེ་ཧའེ་ཡ་ཤིན་ཝར་གྱི་གཅུང་པོ་ཡིན་པ་དང་། ན་ནིང་ཡེ་ཧའེ་ཡ་ཤིན་ཝར་དང་ཧ་མ་སིའི་དམག་དོན་སྡེ་ཚན་གྱི་འགོ་ཁྲིད་པ་མུའུ་ཧན་མུའུ་ཏེ་ཏའེ་ཧྥུའུ་དམག་འཐབ་ཁྲོད་ཤི་རྗེས་མུའུ་ཧན་མུའུ་ཏེ་ཤིན་ཝར་ཧ་མ་སིའི་ཀ་ཧྲ་ས་ཁུལ་གྱི་དམག་དོན་སྡེ་ཚན་གྱི་འགོ་ཁྲིད་པར་གྱུར་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།