ཕུའུ་ཅིན་ཐེན་ཅིན་ལ་འབྱོར།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

     དེ་རིང་གི་སྔ་དྲོར།(ཚེས་31ཉིན།) ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གནམ་གྲུར་བཞུགས་ནས་ཐེན་ཅིན་ལ་འབྱོར་ཏེ།2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་རེད། འདི་ནི་ཕུའུ་ཅིན་ན་ནིང་ཟླ་ལྔ་བར་ཀྲུང་གོར་ཕེབས་ནས་རྒྱལ་དོན་འཚམས་འདྲི་མཛད་རྗེས་ཀྱི་ཡང་བསྐྱར་ཀྲུང་གོར་ཡོང་བའི་འགྲུལ་བཞུད་ཅིག་ཡིན།

     ཨུ་རུ་སུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་འཛུགས་ཁོངས་མིའི་རྒྱལ་ཁབ་དྲུག་གི་གྲས་ཤིག་ཡིན་ལ། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ནམ་ཡང་འབྲེལ་བ་དམ་ཟབ་བྱས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཐོག་ནས་དུས་སྐབས་ཡག་ཤོས་སུ་གནས་ཤིང་། འཕོ་འགྱུར་ཆེ་བའི་དེང་དུས། འཛམ་གླིང་ཐོག་གི་ཆེས་བརྟན་ཤོས་དང་ཆེས་རྒྱུས་ཡོད་ཤོས། ཆེས་འཐབ་ཇུས་ནང་དོན་ལྡན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཞིག་ཏུ་གྱུར་ཡོད།

     ཐེན་ཅིན་གི་འགྲུལ་བཞུད་མཇུག་སྒྲིལ་རྗེས། ཕུའུ་ཅིན་པེ་ཅིན་དུ་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་རེད།

     ཨུ་རུ་སུ་ཕྱོགས་ཀྱིས་བསྟན་དོན། ཕུའུ་ཅིན་དང་མཉམ་དུ་ཀྲུང་གོར་ཕེབས་པའི་འཐུས་ཚབ་རུ་ཁག་ནི་གཞི་རྒྱ་ཆེ་ལ་དོན་སྙིང་གལ་ཆེན་ལྡན་པའི་རུ་ཁག་ཅིག་ཡིན། དེའི་ནང་དུ་ཙུང་ལི་གཞོན་པ་གསུམ་དང་། པུའུ་ཀྲང་བཅུ་ལྷག ཁེ་ལས་ཆེ་ཁག་གི་འཐུས་ཚབ་བཅས་ཡོད་པ་རེད། ཕུའུ་ཅིན་འདིར་ཕེབས་ནས་འཚམས་འདྲི་མཛད་པ་དེས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྔར་བས་མངོན་འགྱུར་བྱུང་བ་མཚོན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།