ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་སྤྱི་བསྒྲགས་གསར་ཤོས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

     རྒྱ་ཆེའི་ཡུལ་སྐོར་བ་རྣམ་པ།

     མིག་སྔར་རང་ལྗོངས་སུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས་འབྲེལ་ཡོད་སྡེ་ཁག་གི་བླང་བྱ་ལྟར། ཡུལ་སྐོར་བའི་ལྟ་སྐོར་གྱི་དགོས་མཁོ་སྐོང་ཆེད་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཉིན་རེའི་ནམ་གུང་ཆུ་ཚོད་24དང་སྔ་དྲོའི་ཆུ་ཚོད8པར་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཕོ་བྲང་པོ་ཏ་ལའི་སྤ་སེ་མངགས་ཉོའི་མ་ལག་གམ་ཡང་ན་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་ནས་སྤ་སེ་བཙོང་ཚར་རྗེས། ཡུལ་སྐོར་བ་ཉུང་ཤས་ཀྱི་འགྲུལ་བཞུད་བསྒྱུར་བའི་རྐྱེན་གྱིས་སྤ་སེ་ཕྱིར་སློག་པའི་གྲངས་འབོར་དུས་ཐོག་ཏུ་བསྡོམས་རྩིས་བྱས་ཏེ་དུས་དང་བསྟུན་ནས་སྤ་སེ་ཁག་བགོས་ཀྱིས་བཙོང་རྒྱུ་ཡིནཔས། སྤ་སེ་མངགས་ཉོ་དྲང་གཞག་དང་། དྲང་སྙོམས། ཡོངས་བསྒྲགས་བཅས་ཡོང་བ་བྱེད་རྒྱུ་ཡིན།

     དུས་མཚུངས་སུ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་བསྒྲགས་དོན། གཅིག་ནས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཕྱོགས་གསུམ་པའི་དྲ་རྒྱའི་ལས་སྟེགས་གང་རུང་ཞིག་ལ་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ཚབ་འཚོང་གི་ལས་སྒོ་སྤེལ་དབང་སྤྲད་མེད་པ་དང་། གཉིས་ནས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་གཞུང་ཕྱོགས་ཀྱི་སྒོ་འཛིན་ཉོ་སྒྲུབ་ཐབས་ལམ་ནི“ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་ཉོའི་མ་ལག”གམ་ཡང་ན་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཡིན་པས་གཞུང་ཕྱོགས་མིན་པའི་ཐབས་ལམ་བརྒྱུད་ནས་སྒོ་འཛིན་ཉོས་ཚེ་ལྟ་སྐོར་དུ་སྐྱོད་མི་ཐུབ་པའམ་ཡང་ན་དཔལ་འབྱོར་གྱི་གྱོང་གུན་ཕོག་སྲིད། གསུམ་ནས་ཡུལ་སྐོར་ལས་དོན་ཁང་ཁག་གཅིག་གིས་དྲ་རྒྱའི་ལས་སྟེགས་སམ་ཡང་ན་དྲ་ཕྱི་རུ་ཡུལ་སྐོར་བ་མང་པོ་བསྡུ་རུབ་བྱས་ནས། ཡུལ་སྐོར་ཚོགས་པ་སྒྲིག་པའམ་ཡུལ་དངོས་སུ་གནས་བཤད་བྱེད་པའི་ཞབས་ཞུ་དང་། དེ་བཞིན“ཉིན་གཅིག་གི་ཡུལ་སྐོར་”དང་ཡུལ་སྐོར་བར་སྒོ་འཛིན་མྱུར་ཉོ་བྱེད་རོགས་སོགས་ཀྱི་རྣམ་པའི་ཐོག་ནས་རིན་གོང་སྣོན་པའམ་ཡང་ན་རིན་གོང་མཐོན་པོའི་སྒོ་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་བཙོངས་པའི་གནས་ཚུལ་ཐོན་པར་རྒྱ་ཆེའི་ཡུལ་སྐོར་བས་ངེས་པར་དུ་སོ་སོའི་ཁེ་ཕན་སྲུང་སྐྱོབ་དང་དེ་རིགས་ལ་གཟབ་དགོས།

     དེ་དོན་ལྷན་རྒྱས་ལ་ཁྱབ་བསྒྲགས་ཞུ་རྒྱུ།

བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།