ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་14ཉིན་ཐེ་ལན་གྱི་རྒྱལ་ཁབ་རུལ་སུངས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་ཕེ་ཐུང་ཐན་གྱིས་ཀུན་སྤྱོད་ཀྱི་ཚད་གཞི་དང་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པའི་ཐད་བརྟག་དཔྱད་བྱ་རྒྱུ་ཡིན་པ་མགྲིན་གཅིག་ཏུ་ཐག་བཅད་པ་རེད། ད་ཐེངས་ཀྱི་བརྟག་དཔྱད་ནི་སྒྲ་ཕབ་དུམ་བུ་ཞིག་ལས་བྱུང་བ་དང་། དེའི་ནང་དོན་ནི་ཕེ་ཐུང་ཐན་དང་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དབར་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་རྩོད་གཞིའི་སྐོར་གླེང་མོལ་བྱས་པ་དང་འབྲེལ་བ་ཡོད་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་1ཉིན། ཕེ་ཐུང་ཐན་གྱིས་ཙུང་ལིའི་གཞུང་ལས་ཁང་དུ་ཐེ་ལན་གྱི་རྩ་ཁྲིམས་ཁྲིམས་ཁང་གི་གཏན་འབེབས་དང་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཟླ་7ཚེས་1ཉིན། ཐེ་ལན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་ཕེ་ཐུང་ཐན་ལ་དམིགས་པའི་ཉེས་བགྲང་ཞུ་གཏུག་བྱེད་རེ་ཞུས་པ་བདག་སྤྲོད་བྱས་པ་དང་འབྲེལ་ཁོ་མོའི་ཙུང་ལིའི་གོ་གནས་མཚམས་འཇོག་བྱས་པ་རེད། སྐབས་དེར་ཕེ་ཐུང་ཐན་གྱིས་ཁྲིམས་ཁང་གི་གཏན་འབེབས་དང་ལེན་བྱ་རྒྱུ་དང་འབྲེལ་དོན་རྐྱེན་དེའི་རྐྱེན་གྱིས་སེམས་མི་བདེ་བའི་ཐེ་ལན་གྱི་དམངས་ཚོགས་ལ་དགོངས་དག་ཞུས་པ་རེད། ད་ཆ་ཙུང་ལི་གཞོན་པ་དང་འགྲིམ་འགྲུལ་པུའུ་ཀྲང་གཅིག་ལྕོགས་སུའུ་ལི་ཡ་·ཀྲོང་ལུང་ལང་ཅིས་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་བཞིན་ཡོད།