བཀྲ་ཤིས་དཔལ་ལྡན་ལ་བརྟག་དཔྱད་བྱེད་བཞིན་འདུག

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

   འབྲི་སྟོད་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་གནས་འཕྲིན་ལ་གཞིགས་ན། འབྲི་སྟོད་རྫོང་རིག་རྩལ་ཡུལ་སྐོར་རླུང་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དཔལ་ལྡན་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་དང་འགལ་ཚབས་ཆེ་བའི་དོགས་གཞི་ཡོད་པས། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། མིག་སྔར་འབྲི་སྟོད་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།