ཡུག་རེན་གྱི་འགོ་ཁྲིད་འདིས་ལས་གནས་རྩ་དགོངས་ཞུས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཡུག་རེན་གྱི་ཙུང་ལི་ཧྲི་མེ་ཅར་གྱིས་ཡུག་རེན་གྱི་ཆེས་མཐོའི་ལ་ཏ་ལ་ཡུག་རེན་གྱི་ཙུང་ལི་ལས་གནས་རྩ་དགོངས་ཞུས་པའི་འཕྲིན་ཡིག་ཕུལ་བ་རེད།

     ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་14ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ད་ལྟའི་དཔལ་འབྱོར་ལས་དོན་གཙོ་གཉེར་བྱེད་མཁན་ཙུང་ལི་གཞོན་པ་དང་པོ་ཡིའུ་ལི་ཡ·སི་ཝུའེ་ལི་ཏེང་ཁོ་ཡིས་ཡུག་རེན་སྲིད་གཞུང་ལ་འགོ་ཁྲིད་བྱ་རྒྱུ་དང་འབྲེལ་སྲིད་གཞུང་གི་ལས་དོན་ལ་གསར་བཅོས་གལ་ཆེན་བྱ་རྒྱུའི་གྲོས་འགོ་བཏོན་པ་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།