ཟླ་8ཚེས་1ཉིན་ནས་བཟུང་གསེར་ཉོ་བར་བླང་བྱ་གསར་པ་ཡོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

    ཀྲུང་གོ་མི་དམངས་དངུལ་ཁང་གི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན།《དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར་ཀྲུང་དབྱང་དངུལ་ཁང་གིས《ལྕགས་རིགས་རྩ་ཆེན་དང་རྡོ་རྗེ་ཕ་ལམ་ལས་གཉེར་སྒྲིག་གཞིའི་དངུལ་གཙང་སྒྱུར་ལ་ངོ་རྒོལ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མ་དངུལ་བསྡུ་སྒྲིལ་དོ་དམ་བྱ་ཐབས》(གཤམ་གྱིས《བྱ་ཐབས》ཞེས་འབོད་རྒྱུ)པར་འགྲེམས་བྱས་ནས། 2025ལོའི་ཟླ་8ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

    《བྱ་ཐབས》ནང་གཏན་འབེབས་བྱས་དོན། ལས་གཉེར་སྒྲིག་གཞིས་མི་དམངས་ཤོག་སྒོར་ཁྲི་10ཡན་(སྒོར་ཁྲི་10ཚུད་ཡོད)ནམ་ཡང་ན་རིན་ཐང་མཚུངས་པའི་ཕྱི་རྒྱལ་གྱི་དངུལ་སྨར་ཉོ་ཚོང་བྱས་ཚེ། བྱེད་ཐབས་འདིའི་གཏན་འབེབས་གཞིར་བཟུང་། དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་འོས་འགན་སྒྲུབ་དགོས། ཚོང་མགྲོན་གྱི་ཐེངས་རེའམ་ཉིན་རེའི་རིམ་རྩིས་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་10ཡན་(སྒོར་ཁྲི་10ཚུད་ཡོད)ནམ་ཡང་ན་རིན་ཐང་མཚུངས་པའི་ཕྱི་དངུལ་གྱི་དངུལ་སྨར་ཉོ་ཚོང་བྱས་ཚེ། ལས་གཉེར་སྒྲིག་གཞིས་གཏན་འབེབས་ལྟར་ཉོ་ཚོང་བྱས་ཉིན་ནས་བཟུང་། ལས་ཀའི་ཉིན་ལྔའི་ནང་ཀྲུང་གོའི་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལྟ་ཞིབ་དབྱེ་ཞིབ་ལྟེ་གནས་ལ་གྲངས་འབོར་ཆེ་བའི་ཉོ་ཚོང་སྙན་ཞུ་འབུལ་དགོས།

     《བྱ་ཐབས》སུ་བཀོད་པའི་“ལས་གཉེར་སྒྲིག་གཞི”ཞེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཁྲིམས་ལྟར་ལྕགས་རིགས་རྩ་ཆེན་དང་རྡོ་རྗེ་ཕ་ལམ་གྱི་ཚོང་ཟོག་ཉོ་ཚོང་བྱེད་པའི་ཚོང་པ་ལ་ཟེར། “ལྕགས་རིགས་རྩ་ཆེན་”ཞེས་པ་ནི་གསེར་དང་། དངུལ། ཕེད་གསེར་སོགས་དང་དངུལ་སྒོར་ལུགས་མ་དང་། ཚད་ལྡན་ཐུམ་རྒྱུ། ཐོན་རྫས། ཐོན་རྫས་བར་མ། ཞིབ་སྦྱང་བྱས་རྗེས་ཀྱི་རྒྱུ་ཆ་སོགས་ལ་ཟེར། “རྡོ་རྗེ་ཕ་ལམ་”ཞེས་པ་ནི་རྡོ་རྗེ་ཕ་ལམ་དང་གཡང་ཊི་སོགས་རང་བྱུང་རྡོ་རྗེ་ཕ་ལམ་གྱི་རྒྱུ་ཆ་སྣ་ཚོགས་དང་། རྒྱན་ཆ། ཐོན་རྫས་དངོས་པོའི་རྣམ་པ་བཅས་ལ་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།