འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་138.7ཟིན་པ་དེ་དུས་མཚུངས་ལས་5.3%འཕར་ནས་ཟླ་བ་ལྔ་པ་ཁོ་ནར་5.0%འཕར་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་ལྔ་པ་ཤར་ཚུན། ཟོག་འགྲེམས་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པ་དང་ཟོག་འགྲེམས་ཀྱི་དགོས་མཁོའི་གྲུབ་ཆ་ལེགས་སུ་སོང་ཞིང་། དེའི་ནང་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་འཕར་སྟངས་བརྟན་པོ་དང་དམངས་འཚོའི་འཛད་སྤྱོད་ཀྱི་ཟོག་འགྲེམས་མགྱོགས་མྱུར་སླར་གསོ་འབྱུང་བཞིན་ཡོད།
ཟླ་བ་དང་པོ་ནས་ཟླ་ལྔ་པའི་བར། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་ཀྱི་དངུལ་འབོར་དུས་མཚུངས་ལས་5.6%དང་། ཚན་པ་དང་གྲོང་མིའི་དངོས་རྫས་ཀྱི་ཟོག་འགྲེམས་ཀྱི་དངུལ་འབོར་དུས་མཚུངས་ལས་6.4% དངོས་རྫས་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་6.3%བཅས་འཕར་ཡོད།