ཀྲུང་གོས་ཨུ་རུ་སུར་རོཊ་སྐྱོར་བྱས་ཟེར་བའི་ཐད་བཤད་དོན།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

ཟླ་4ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པས། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་ཤས་གོང་ཡུག་རེན་གྱི་གསང་འཕྲིན་སྒྲིག་གཞིས་ཁོང་དུ་ཆུད་པའི་གསང་འཕྲིན་ཐོག་ནས་ཀྲུང་གོས་ཨུ་རུ་སུར་མེ་རྫས་དང་སྒྱོགས་མདེལ་མཁོ་འདོན་བྱས་པ་མ་ཟད། ཨུ་རུ་སུའི་མངའ་ཁོངས་སུ་མཚོན་ཆ་ཁག་ཅིག་ཐོན་སྐྱེད་བྱེད་པའི་ནང་ཞུགས་ཡོད་པ་བསྟན་ཡོད། ཁོས་གཟའ་འཁོར་རྗེས་མར་དོན་དག་འདིའི་ཞིབ་ཆ་མང་པོ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་བསློག་རྩིས་ཡོད་དམ་ཞེས་དྲིས།

ལིན་ཅན་གྱིས། ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། རྒྱུན་དུ་དམག་འཁྲུག་མཚམས་འཇོག་པ་དང་ཁ་ཏ་བསླབ་བྱ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གདོང་གཏུག་ཕྱོགས་གང་རུང་ཞིག་ལ་སྲོག་ཉེན་རང་བཞིན་གྱི་མཚོན་ཆ་མཁོ་འདོན་གཏན་ནས་བྱས་མེད་པ་དང་། དམག་དམངས་གཉིས་སྤྱོད་ཀྱི་དངོས་པོའི་རྣམ་གྲངས་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད། ཡུག་རེན་ཕྱོགས་ཀྱིས་དེའི་ཐད་གསལ་པོ་ཤེས་ཀྱི་ཡོད་ལ། ཨུ་རུ་སུས་ནང་འདྲེན་བྱས་པའི་མཚོན་ཆའི་ལྷུ་ལག་མང་ཆེ་བ་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བ་ཡོངས་བསྒྲགས་བྱས་མྱོང་། ཀྲུང་གོ་ཕྱོགས་ཀྱིས་དོན་མེད་སྐྱོན་བརྗོད་དང་ཆབ་སྲིད་ཀྱི་ནག་ཉེས་འགེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།