ས་གནས་དེ་གའི་དུས་ཚོད་ཚེས་19ཉིན། ཨུ་རུ་སུ་དང་ཡུག་རེན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བར་འདུམ་འོག་གསོན་བཟུང་བྱས་པའི་མི་སྣ་བརྗེ་རེས་བྱས་ནས་ཕྱོགས་གཉིས་པོས་མི་246གློད་འགྲོལ་བཏང་བ་དང་། གཞན་ཡང་ཡུག་རེན་གྱི་རྨས་མ་31གནས་སྤོ་བྱས་ནས་ཨུ་རུ་སུའི་དམག་མི་རྨས་མ་15དང་བརྗེས་པ་དང་། ཕྱོགས་གཉིས་པོས་གསོན་བཟུང་བྱས་པའི་མི་སྣ་ཁྱོན་538བརྗེ་རེས་བྱས་པ་རེད།