ཨུ་རུ་སུས་གསེར་གྱི་གཏེར་ཁ་229གསར་རྙེད་བྱུང་།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་5ཉིན། ཨུ་རུ་སུའི་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་པུའི་པུའུ་ཀྲང་ཡ་ལི་ཧྲན་ཏ་·ཁོ་ཚི་ལོ་ཧྥི་ཡིས། 2024ལོར་ཨུ་རུ་སུས་གསེར་གྱི་གཏེར་ཁ་229གསར་དུ་རྩད་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་དང་། ཨུ་རུ་སུའི་གསེར་གསོག་ཚད་ཏུན་804.6མང་དུ་ཕྱིན་པ་དེའི་ནང་གསོག་ཚད་ཆེ་ཤོས་ཀྱི་གཏེར་ཁུལ་དེ་རྒྱང་ཤར་ས་ཁུལ་གྱི་མཱ་ཅ་ཏན་དུ་གནས་པ་དང་གསོག་ཚད་ཏུན་104ལ་ཉེ་བ་ཡོད་ཅེས་བཤད་པ་རེད།

ཁོ་ཚི་ལོ་ཧྥི་ཡིས། 2030ལོའི་གོང་ཨུ་རུ་སུས་གཏེར་ཁ་13གྱི་ཐོན་སྐྱེད་ནུས་པ་གསར་སྤེལ་རམ་ཡང་ན་མཐོ་རུ་བཏང་ནས། ཨུ་རུ་སུའི་གསེར་གྱི་ཐོན་སྐྱེད་ནུས་པ་སྔར་ལས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།