ཨུ་རུ་སུས་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འདི་ཡིན་པ་བསྟན།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

ས་གནས་དེ་གའི་དུས་ཚོད་ཚེས་24ཉིན། ཐུར་ཁེ་རུ་འཚམས་འདྲིར་ཡོང་པའི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུ་ལའོ་ཧྥུ་ཡིས། ཨུ་རུ་སུའི་ཡུག་རེན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་གདོང་གཏུག་མཇུག་འགྲིལ་རྒྱུ་དེ་ངེས་པར་དུ་གདོང་གཏུག་ཐོན་པའི་རྩ་བའི་རྒྱུ་རྐྱེན་མེད་པར་བཟོ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་ཞེས་བཤད་པ་རེད། ཁོང་གིས་ཡུག་རེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་རྒྱུའི་རེ་ཞུ་བྱེད་པ་ནི་ཨུ་རུ་སུའི་གདོང་གཏུག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་སླར་ཡང་ནན་བཤད་གནང་བ་མ་ཟད། ཡུག་རེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་མི་ཆོག་པ་ནི་ཨུ་རུ་སུའི་ཕྱོགས་ཀྱིས་གྲོས་མོལ་བྱེད་པའི་“སྔོན་འགྲོའི་ཆ་རྐྱེན་” ཡིན་ཞེས་བསྟན།

ས་གནས་དེ་གའི་དུས་ཚོད་ཚེས་24ཉིན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭ་ཨར་ཙེ་ཡིས། ཡུག་རེན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཏུ་འགྱུར་བར་བསམ་གཞིགས་བྱེད་ཀྱིན་མེད། ཨ་རིས་ཡུག་རེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་སུ་འཇུག་པར་མི་འདོད་ཅེས་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།