ཡུག་རེན་ཐད་ཀྱི་གྲོས་ཆོད་འདིར་གྲོས་འཆམ་བྱུང་འདུག

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

2025ལོའི་ཟླ་2པའི་ཚེས་24ཉིན་ནི་ཨུ་རུ་སུའི་འགལ་བ་བྱུང་ནས་ལོ་འཁོར་གསུམ་ལོན་པའི་ཉིན་མོ་རེད། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་24ཉིན། ཨ་རིས་བཏོན་པའི་ཡུག་རེན་གྱི་གནད་དོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་ཐག་བཅད་པ་རེད། བརྡས་ཐག་གཅོད་སྐབས་ཀྲུང་གོ་དང་ཨ་རི། ཨུ་རུ་སུ་བཅས་ཚུད་པའི་རྒྱལ་ཁབ་10ཡིས་མོས་མཐུན་འདེམས་ཤོག་འཕངས་པ་དང་། འདེམས་ཤོག་5ཡིས་དབང་ཆ་དོར་བས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཨ་རིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་བཏོན་པའི་གྲོས་ཆོད་དེ་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ནས་བཏོན་པའི་གྲོས་ཆོད་འཆར་ཟིན་དང་གཅིག་མཐུན་ཡིན་པ་སྟེ། གདོང་གཏུག་མགྱོགས་མྱུར་ངང་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། ཡུག་རེན་དང་ཨུ་རུ་སུའི་བར་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པར་བཏང་བ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།