འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ་བཅས་ཀྱིས《འཛད་སྤྱོད་ཁོར་ཡུག་ལེགས་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོའི་བར)》(གཤམ་དུ《བྱ་སྤྱོད་འཆར་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་རེད།
《བྱ་སྤྱོད་འཆར་གཞིར》ནང་མཁོ་རྒྱ་ཆེར་དང་དམངས་འཚོ་ལེགས་གཏོང་ལ་ཕྱོགས་བསྡུས་སྤྱི་འདོམས་བྱས་ནས་འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་མཐོར་གཏོང་དང་། འཛད་སྤྱོད་སྒྲིག་ལམ་ལེགས་གཏོང་། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་ལས་ཆོད་ཆེར་གཏོང་། འཛད་སྤྱོད་ཀྱི་ཁོར་ཡུག་མཉམ་བཅོས། འཛད་སྤྱོད་ཁོར་ཡུག་ཁྲིད་སྟོན་བཅས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བསྟར་ཏེ་འཛད་སྤྱོད་པར་བསམ་འཆར་ཆེ་བའི་དཀའ་གནད་ཧུར་ཐག་སེལ་བ་དང་། འཛད་སྤྱོད་ཀྱི་ཡིད་ཆེས་ཆེར་གཏོང་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ་ཡིད་རྟོན་དང་། གཞུང་དྲང་། སྟབས་བདེ། བདེ་འཇགས་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་ཕྱོགས་ཡོངས་ནས་གཏོད་རྒྱུ་ཡིན་པ་རེད།
《བྱ་སྤྱོད་འཆར་གཞིའི》ནང་བསྟན་དོན། 2027ལོར་སླེབས་སྐབས་བྱ་སྤྱོད་ཆེན་པོ་ཁག་ལྔ་གཏིང་ཟབ་སྤེལ་ནས་བློ་བདེའི་འཛད་སྤྱོད་ཚོང་ཁང་དང་། དྲ་ཐོག་ཚོང་ཁང་། ཐད་གཏོང་ཁང་། བཟའ་བཏུང་ཁང་། བཟོ་གྲྭ་སོགས་རྨང་གཞིའི་ཚན་པ་དང་དེ་བཞིན་བློ་བདེའི་འཛད་སྤྱོད་ཁྲོམ་ར་དང་། ཚོང་ལས་འཁོར་རྒྱ། མཛེས་ལྗོངས་ཁུལ་སོགས་འདུ་འཛོམས་ཁུལ་ཁག་གཅིག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དྲ་ཕྱིའི་རྒྱུ་མཚན་མི་དགོས་པར་དངོས་ཟོག་བརྗེ་བའི་ཁས་ལེན་ཚན་པ་ཁྲི་150ལྷག་ཙམ་འགུལ་རྣམ་འཕེལ་རྒྱས་གཏོང་རྒྱུ་རེད། འཛད་སྤྱོད་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་པོ་མེད་པ་དང་། ཁྲོམ་རའི་སྒྲིག་ལམ་ཟང་ཟིང་ཡིན་པ། དབང་སྲུང་ནུས་ཕྱོད་ཆུང་བ་སོགས་ཀྱི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པས་ཚོང་ཟོག་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། འཛད་སྤྱོད་ཀྱི་ཉེན་ཁ་མངོན་གསལ་དོད་པོས་ཆུང་དུ་སོང་བ། འཛད་སྤྱོད་རྩོད་གཞིའི་འབྱུང་རྩ་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གཉེར་སྐྱོང་བའི་ཡིད་རྟོན་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་ཏེ། འཛད་སྤྱོད་ཀྱི་སྟབས་བདེ་དང་། སྐྱིད་སྣང་དོད་ཚད། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ནས་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད། 《བྱ་སྤྱོད་འཆར་གཞིའི》ནང་ཕྱོགས་5ཡི་ཐད་ཀྱི་གཙོ་གནད་ལས་འགན་ཁག་19ཁ་གསལ་བཟོས་ཡོད་པ་རེད།