ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།མཚོ་སྔོན་སྲིད་དོན།
༄༅། །མཚོ་སྔོན་ཞིང་ཆེན་གྱི《“ལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་ བདེ་ཐང་འཆར་འགོད》ལག་བསྟར་དོན་འཁྱོལ་བྱེད་ཐབས་འགའ།
ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-12 11:33:00

  ༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱིལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་བདེ་ཐང་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་ཐབས་འགའ་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

  མཚོ་སྲིད་གཞུང་ལས་ཐིན(2022)ཨང66པ།

  གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ། 

  《མཚོ་སྔོན་ཞིང་ཆེན་གྱི<“ལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་བདེ་ཐང་འཆར་འགོད>ལག་བསྟར་དོན་འཁྱོལ་བྱེད་ཐབས་འགའ》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་སྟེ་ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བྱ་བ་ནན་འཛིན་བྱ་དགོས། 

  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།      

  2022ལོའི་ཟླ9བའི་ཚེས20ཉིན།  

  ༄༅། །མཚོ་སྔོན་ཞིང་ཆེན་གྱི《“ལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་བདེ་ཐང་འཆར་འགོདལག་བསྟར་དོན་འཁྱོལ་བྱེད་ཐབས་འགའ།

  《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི“ལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་བདེ་ཐང་འཆར་འགོད་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2022〕ཨང11པ)གྱིི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི《〈མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་བའི”འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་དུ་སྤེལ་བའི་འཆར་འགོད〉དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་གཞུང་ལས་ཐིན〔2021〕ཨང110པ)དང་བདེ་ཐང་མཚོ་སྔོན་འགུལ་སྐྱོད་སྐུལ་འདེད་ཨུ་ལྷན་གྱི《〈བདེ་ཐང་མཚོ་སྔོན་འགུལ་སྐྱོད(2020ལོ་ནས2030ལོའི་བར)ཀྱི་ལག་བསྟར་ཇུས་གཞི〉དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》 (མཚོ་བདེ་ཐང་སྐུལ་འདེད་ཨུ་ལྷན〔2020〕ཨང5བ)དང་ཟུང་དུ་སྦྲེལ་ནས། གཤམ་གྱི་བྱེད་ཐབས་གཏན་ལ་ཕབ་པ་སྟེ། 

  གཅིག སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏང་དགོས། 

  1.ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏང་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་དུ་ཁྱབ་པའི་དེང་རབས་ཅན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་བྱ་དགོས། ཆེད་ལས་ཀྱི་སྔོན་འགོག་ཚོད་འཛིན་དཔུང་ཁག་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཡུལ་དངོས་སུ་བརྟག་དཔྱད་ཐག་གཅོད་དང་ཚོད་ལྟ་ཁང་གི་བཤེར་འཇལ་ནུས་པ་ཆེ་རུ་གཏང་དགོས། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་གི་དྲ་རྒྱ་དམ་ཚགས་བཟོས་ནས། གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  2.ལྟ་བཤེར་བྱས་ཏེ་ཉེན་བརྡ་གཏོང་ནུས་དང་འཚུབ་ཟློག་དང་ལེན་ནུས་པ་ཆེ་རུ་གཏང་དགོས། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་སྟེགས་བུའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་གཏང་དགོས། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་ལ་ཞིབ་འཇུག་དང་ཚོད་དཔག བརྟག་དཔྱད། ལྟ་བཤེར། ཇུས་ཐག་གཅོད་པ། སྔོན་འགོག་ཚོད་འཛིན་བཅས་ཀྱི་མཉམ་སྡེབ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འཕྲོད་བསྟེན་ཐད་ཀྱི་འཚུབ་ཟློག་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་དང་ཐོག་མའི་ཐག་གཅོད་བྱེད་ནུས་ཆེ་རུ་གཏང་དགོས་ཤིང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཚུབ་ཟློག་གྲ་སྒྲིག་འཆར་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཚུབ་ཟློག་གནས་ཚུལ་འོག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་དང་ལེན་བྱེད་པའི་རྐྱེན་སྲོལ་གཟུག་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་དམངས་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  3.རིམས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་ནུས་ཆེ་རུ་གཏང་དགོས། གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པའི་འགོས་ནད་ཁུལ་འཛུགས་སྐྲུན་དང་། ཞིང་ཆེན་རིམ་པའི་འགོས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་པའི་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ) རྫོང་བཅས་རིམ་པ་གསུམ་གྱི་འགོས་ནད་སྐྱོབ་བཅོས་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། འཚུབ་ཟློག་ནད་ཁང་དང་བརྗེ་སྒྱུར་ཐུབ་པའི་ནད་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྒྲོམ་ཚང་སྨན་ཁང་མགྱོགས་མྱུར་ངང་སྤྱོད་མགོ་རྩོམ་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཐོག འགྲིམ་འགྲུལ་གཞུང་ལམ་གཙོ་བོའི་རིམས་ནད་བརྟག་དཔྱད་ས་ཚིགས་དང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པ་གཉིས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འཚུབ་ཟློག་དངོས་ཟོག་གྲབས་གསོག་མཛོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང། དངོས་ཟོག་འཚུབ་ཟློག་ཉོ་སྒྲུབ་དང་གྲབས་གསོག་དངོས་ཟོག་རེས་སྐོར་འཁོར་རྒྱུག་གི་འགུལ་རྣམ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  གཉིས། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་བསལ་དགོས། 

  4.བདེ་ཐང་སྐུལ་སྤེལ་དང་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱག་དགོས། “བདེ་ཐང་དེ་སྲིད་ཇུས་ཡོད་ཚད་ཀྱི་ནང་དུ་འཇུག་པ”དྲིལ་བསྒྲགས་དང་དར་སྤེལ་གཏང་དགོས། ཞིང་སྡེ་ས་ཁུལ་དང་སློབ་གྲྭ་དང་ལས་ཁུངས། ཁེ་ལས་དང་ལས་དོན་སྡེ་ཚན། སྨན་བཅོས་ལས་ཁུངས་བཅས་ཀྱི་བདེ་ཐང་སྐུལ་སྤེལ་དང་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། བདེ་ཐང་ཅན་གྱི་རྫོང་དང་ཆུས། བདེ་ཐང་སྐུལ་སྤེལ་སྨན་ཁང་འཛུགས་སྐྲུན་བྱ་དགོས། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་སྤེལ་གཏོང་བ་དང་། རང་འགུལ་གྱིས་བདེ་ཐང་འདུ་ཤེས་དར་སྤེལ་གཏོང་བ། འགུལ་སྐྱོད་ལ་བརྟེན་ནས་བདེ་ཐང་ཡོང་བར་སྐུལ་འདེད་ཀྱི་ཤེས་བྱ་ཁྱབ་གདལ་གཏང་དགོས། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད23%དུ་ཇེ་མཐོར་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  5.སློབ་གྲྭ་ཆུང་འབྲིང་གི་བདེ་ཐང་འགུལ་སྐྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏང་དགོས། སློབ་གྲྭའི་བསླབ་ཚན་བཀོད་སྒྲིག་བྱེད་སྟངས་ཚད་ལྡན་དུ་བཏང་ནས། མ་འོངས་པར་བདེ་ཐང་སློབ་གསོ་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་འཆར་གཞིའི་ནང་བཅུག་ནས་བདེ་ཐང་སློབ་གསོའི་བསླབ་ཚན་ཁྲིད་ཚད100%ཟིན་པར་བྱ་དགོས། སློབ་ཁྲིད་ཀྱི་སྒྲིག་བཀོད་དང་ཆ་རྐྱེན་ལེགས་བཅོས་བྱས་ནས་ལུས་ཁམས་བདེ་ཐང་ཡོང་བའི་བླང་བྱ་དང་མཐུན་པའི་སློབ་སྦྱོང་གི་ཁོར་ཡུག་འདོན་སྤྲོད་བྱ་དགོས། སློབ་མའི་མཐོང་ནུས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དངོས་གནས་ཇེ་ཟབ་ཏུ་བཏང་ནས། སློབ་ཁང་ནང་དུ་མིག་སྲུང་སྦྱོང་བརྡར་སྦྱར་རིས་བཀོད་སྒྲིག་བྱེད་པ་དང་སློབ་གྲྭ་འབྲིང་ཆུང་གིས་སློབ་མ་རྩ་འཛུགས་བྱས་ནས་ཉིན་རེའི་སྔ་དྲོ་དང་ཕྱི་དྲོ་སོ་སོར་མིག་སྲུང་སྦྱོང་བརྡར་ཐེངས་རེ་བྱེད་དུ་འཇུག་དགོས། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་སྤྱིའི་རྒྱང་སྒྲིབ་མིག་ནད་ཀྱི་ཚད་ལོ་རེར་བརྒྱ་ཆའི་ཚེག0.5ཡན་ཆག་རྒྱུ་བརྩོན་ལེན་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  6.འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་འགོག་བཅོས་བྱེད་ནུས་ཆེ་རུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་འགོས་ནད་ཚབས་ཆེན་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཐོག བྱི་རིམས་སོགས་འགོས་ནད་ཚབས་ཆེན་རྒྱུན་རྣམ་ལྟར་སྔོན་འགོག་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཇེ་ཚང་དུ་གཏང་དགོས། ཨེ་ཙི་ནད་དང་གློ་བའི་གཅོང་ནད། ཁྱི་སྨྱོན་ནད། པུའུ་ལུའུ་ཧྲི་ནད་སོགས་མི་ཕྱུགས་གཉིས་ཀར་ཕོག་སླ་བའི་ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པར་འགན་སྲུང་བྱེད་ཤུགས་བརྟན་སྲུང་བྱེད་པ་དང་། ཐུམ་འབུའི་ནད་སོགས་ས་གནས་ཀྱི་ནད་རིགས་གཙོ་བོ་སྔོན་འགོག་དང་ཚོད་འཛིན་ཐབས་ཇུས་འཐུས་ཚང་དུ་བཏང་ནས་འགོག་བཅོས་ཀྱི་གྲུབ་འབྲས་བརྟན་སྲུང་བྱ་དགོས། 2025ལོར་སླེབས་དུས་བྱི་རིམས་མཆེད་ཚད་ཆུ་ཚད་དམའ་བའི་གནས་སུ་བསྟུད་མར་ཚོད་འཛིན་ཐུབ་པ་དང་། མི་ཚོགས་ལ་ཐུམ་འབུའི་ནད་བྱུང་ཚད1%མན་གྱི་རྫོང་གིས90%ཡན་ཟིན་པ། གློ་བའི་གཅོང་ནད་བྱུང་བ་སྙན་ཞུ་ཕུལ་ཚད་ཁྲི10ཆ་ཡི85ལས་དམའ་བར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  7.གཅོང་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་དགོས། སྙིང་ཀླད་ཁྲག་རྩའི་ནད་དང་སྐྲན་ནད། དབུགས་ལམ་མ་ལག་གི་རྒྱུན་ནད། གཅིན་སྙི་ཟགས་ཁུའི་ནད་སོགས་གཙོ་བོར་བཟུང་ནས། གཅོང་ནད་སྔོན་འགོག་དང་ཐོག་མའི་ཞིབ་བཤེར། ཕྱོགས་བསྡུས་ཀྱིས་སྨན་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆ་རྐྱེན་དང་མཐུན་པའི་གཅོང་ནད་སྔ་རོལ་ནས་བརྟག་དཔྱད་སྨན་བཅོས་བྱེད་པར་འཕྲོད་པའི་ལག་རྩལ་དེ་རྒྱུན་ལྡན་གྱི་སྨན་བཅོས་བྱེད་ཁོངས་སུ་འཇུག་པ་དང་། གཅོང་ནད་ཕྱོགས་བསྡུས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཅོང་ནད་ཚབས་ཆེན་ཕྱོགས་བསྡུས་ཀྱིས་འགོག་བཅོས་བྱེད་ནུས་ཆེ་རུ་གཏང་དགོས། 2025ལོར་སླེབས་སྐབས་རྫོང་སྡེ་ཚན་དུ་བྱས་པའི་གཅོང་ནད་ཕྱོགས་བསྡུས་ཀྱིས་འགོག་བཅོས་བྱེད་པའི་དཔེ་སྟོན་ཁུལ་ཁྱབ་ཚད25%ཟིན་པ་དང་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཚད་ལྡན་གྱིས་དོ་དམ་བྱེད་ཚད72%ཡན་ཟིན་པ། གཅོང་ནད་ཚབས་ཆེན་གྱི་དབང་གིས་སྔ་མོ་ནས་འཆི་ཚད18.5%མན་ལ་ཆག་པར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  8.ལས་རིགས་ཀྱི་ནད་འགོག་བཅོས་བྱ་བར་ཤུགས་སྣོན་བརྒྱག་དགོས། གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པའི་ནད་རིགས་ཚོད་འཛིན་ལྟེ་གནས་ལ་བརྟེན་ནས་ལས་རིགས་ཀྱི་ནད་གཞིའི་གནོད་རྐྱེན་ལ་ཞིབ་བཤེར་བྱེད་པའི་ཚོད་ལྟ་ཁང་བཙུགས་ཏེ་ལས་རིགས་ཀྱི་ནད་གཞིའི་གནོད་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས། ཁོངས་གཏོགས་ཀྱི་ཕྱོགས་བསྡུས་སྨན་ཁང་ངམ་ཡང་ན་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཞན་དག་ལ་བརྟེན་ནས་ལས་རིགས་ཀྱི་ནད་བརྟག་དཔྱད་དང་། ལས་རིགས་ཀྱི་ནད་ཡོད་མེད་ཀྱི་བདེ་ཐང་ཞིབ་བཤེར། ལས་རིགས་ཀྱི་ནད་ཕོག་པའི་ནད་པའི་ཁམས་གསོ་སོགས་ཀྱིི་ལག་རྩལ་ལས་ཁུངས་གཟུག་དགོས། ལས་རིགས་ཀྱི་ནད་བརྟག་དཔྱད་དང་དཔྱད་འཇོག་གི་གོ་རིམ་འཐུས་ཚང་དུ་གཏོང་བ་དང། ཁེ་ལས་ཀྱིས་ལས་རིགས་ཀྱི་ནད་འགོག་སྲུང་བྱེད་པའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་ཡར་སྐུལ་བྱ་དགོས། 2025ལོར་སླེབས་སྐབས་བྱ་བ་སྒྲུབ་ཡུལ་དུ་ལས་རིགས་ཀྱི་ནད་གཞིའི་གནོད་འཚེའི་རྒྱུ་རྐྱེན་ལྟ་ཞིབ་ཚད་ལེན་བྱས་པ་ཚད་ལོངས་ཚད85%ཡན་ཟིན་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  9.སེམས་ཁམས་བདེ་ཐང་སློབ་གསོ་དང་བསམ་པའི་འཕྲོད་བསྟེན་ཞབས་ཕྱིའི་ནུས་པ་ཆེ་རུ་གཏང་དགོས། སེམས་ཁམས་བདེ་ཐང་གི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས། མི་སྒེར་ལ་ནམ་རྒྱུན་གྱི་སེམས་ཁམས་ནད་གཞིར་ངོས་འཛིན་ཡང་དག་དང་ཁ་གཏད་འཇལ་རྒྱུ་ཡར་སྐུལ་བྱ་དགོས། ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་བསམ་པའི་འཕྲོད་བསྟེན་ཞབས་ཕྱིའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང། བསམ་པའི་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་བཅོས་ལས་ཁུངས་ཀྱི་བསམ་པའི་འཕྲོད་བསྟེན་ཞབས་ཕྱིའི་ནུས་པ་དང་སྨྱོ་ནད་ཚབས་ཆེན་ཕོག་པའི་ནད་པར་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏང་དགོས། 2025ལོར་སླེབས་དུས་སྨྱོ་ནད་ཚབས་ཆེན་ཕོག་པའི་ནད་པར་ཚད་ལྡན་དོ་དམ་བྱེད་ཚད85%ཟིན་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  10.ཟས་རིགས་ཉེན་མེད་དང་འཚོ་བཅུད་བདེ་ཐང་གཏོང་བའི་ཐད་ལ་ཤུགས་སྣོན་བརྒྱག་དགོས། ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཚད་གཞི་དོ་དམ་གྱི་ལག་རྩལ་ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཐོག ཟས་རིགས་ཀྱི་རྐྱེན་ལས་བྱུང་བའི་ནད་རིགས་ལ་ལྟ་ཞིབ་ཚད་ལེན་དང་ཟས་རིགས་ཀྱིས་ཉེན་ཁ་བཟོས་པའི་དོན་རྐྱེན་གྱི་འབྱུང་རྩ་ལ་དབྱེ་ཞིབ་བྱེད་ནུས་ཆེ་རུ་གཏང་དགོས། ཟས་རིགས་ཉེན་མེད་ཚད་གཞིར་དོ་དམ་བྱེད་ཚུལ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཟས་རིགས་ཉེན་མེད་ཚད་གཞིར་རྗེས་དེད་ནས་གདེང་འཇོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། 2025ལོར་སླེབས་སྐབས་ཟས་རིགས་ཀྱིས་ཉེན་ཁ་བཟོས་པའི་དོན་རྐྱེན་ཚབས་ཆེན་ལ་རིམས་ནད་རིག་པའི་ལམ་ནས་བརྟག་དཔྱད་བྱེད་ཚད100%ཟིན་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  11.རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་སྐུལ་འདེད་ཟབ་མོ་གཏང་དགོས། ས་ཁོངས་ཡོངས་ཀྱི་འཕྲོད་བསྟེན་མཁར་གྲོང་གསར་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་ཟབ་མོ་བྱེད་པ་དང། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཕྱིར་བསྡུས་ནས་བེད་སྤྱོད་ཅིང་། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང། ཡུལ་བབ་དང་བསྟུན་ཏེ་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཟབ་མོ་བྱ་དགོས། ཁོར་ཡུག་དང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། བདེ་ཐང་ལ་ཤུགས་རྐྱེན་ཐེབས་མིན་དཔྱད་དཔོག་གི་ལག་རྩལ་ལམ་ལུགས་བརྒྱུད་རིམ་ཧྲིལ་བོར་འཚོལ་ཞིབ་བྱས་ནས་བཙུགས་ཐོག རྒྱལ་གཅེས་འཕྲོད་བསྟེན་གྱི་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། 2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྡུར་ཚད90%ལ་མཐོ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཤང་དང་གྲོང་རྡལ(རྫོང་མཁར)གྱི་བསྡུར་ཚད65%ལ་མཐོ་རུ་གཏང་དགོས། རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཤང་དང་གྲོང་རྡལ(རྫོང་མཁར)གྱི་བསྡུར་ཚད15%ལ་མཐོ་རུ་གཏོང་བ་དང་། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་ཟིན་པ། ས་ངོས་ཀྱི་ཆུའི་སྤུས་ཚད་རིགསⅢལ་སླེབས་པའམ་དེ་ལས་བཟང་བའི་བསྡུར་ཚད100%ཟིན་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  གསུམ། མི་ཚོགས་ཀྱི་ཚེ་གང་བོའི་བདེ་ཐང་ལ་འགན་སྲུང་བྱ་དགོས། 

  12.དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བརྟན་བརླིང་ངང་ལག་བསྟར་བྱ་དགོས། གཞི་རྩའི་སྤྱི་པའི་ལུས་རྩལ་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ས་དང་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱེད་པ་མ་ཟད། སྤྱི་པའི་ལུས་རྩལ་སྒྲིག་བཀོད་རིན་པ་མི་དགོས་པའམ་ཡང་ན་རིན་གོང་དམའ་མོས་བེད་སྤྱོད་དུ་འཇུག་པ་ཁྱབ་སྤེལ་བྱ་དགོས། ལུས་རྩལ་དང་འཕྲོད་བསྟེན་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཚད་ལེན་ཚོད་ལྟ་དང་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏང་དགོས། ལུས་སྦྱོང་མཛུབ་ཁྲིད་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་བཙུགས་ནས། ས་ཁུལ་སོ་སོའི་རྣམ་གྲངས་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བའི་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པའི་དཔུང་ཁག་གསོ་སྐྱོང་བྱས་ཏེ་ལུས་སྦྱོང་མཛུབ་ཁྲིད་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཞུགས་པའི་སྣང་ཚུལ་བཟང་པོ་ཞིག་ཆགས་པར་བྱ་དགོས། 2025ལོར་སླེབས་སྐབས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཀྱི་བསྡུར་ཚད38.5%ཟིན་དགོས། (ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྣེ་ཁྲིད་ནས་འགན་འཁུར་དགོས)

  13.བུ་ཕྲུག་བཙའ་བ་དང་ལོ3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་ཞབས་ཕྱི་འཐུས་ཚང་དུ་གཏང་དགོས། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ལོ0-3ལ་སླེབས་པའི་ཕྲུ་གུ་དམར་འབྱར་དང་བྱིས་པ་བཅོལ་གསོ་ལས་ཁུངས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་བཅོལ་གསོ་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་བསྒྲུབ་དགོས། ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་ཞབས་ཕྱི་དང་དེ་བཞིན་མ་བུའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་ཞབས་ཕྱི་མཁོ་སྤྲོད་བྱེད་ཚད་རིམ་གྱིས་ཇེ་མང་དུ་གཏང་དགོས། 2025ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་ཞབས་ཕྱི་མཁོ་སྤྲོད་མ་ལག་སྣ་མང་ཅན་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་འགན་འཁྲི་ལྟར་འགན་འཁུར་དགོས)

  14.མ་བུའི་བདེ་ཐང་འགན་སྲུང་བྱ་དགོས། བུད་མེད་དང་བྱིས་པའི་བདེ་ཐང་ལ་ཞབས་ཕྱི་སྒྲུབ་ནུས་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། མ་བུའི་བདེ་སྲུང་གི་ཞབས་ཕྱིི་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་གི་ཆུ་ཚད་ཇེ་ཆེར་གཏང་དགོས། མ་བུའི་བདེ་སྲུང་འགུལ་སྐྱོད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་དང་། ཕྲུ་གུ་མ་སྦྲུམ་གོང་གི་ལེགས་བཙའི་བདེ་ཐང་ལ་ཞིབ་བཤེར་བྱ་རྒྱུ་ཁྱབ་སྤེལ་གཏང་དགོས་ཤིང་། ཉེན་ཁ་ཆེ་བའི་སྦྲུམ་མ་དང་བང་མ་སྐྱོབ་བཅོས་ལྟེ་གནས་དང་། བྱིས་པ་ཉེན་ཅན་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས། སྦྲུམ་བུའི་གསོ་རིག་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། བུད་མེད་ཀྱི“སྐྲན་ནད་གཉིས”འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ལུས་ཁམས་བདེ་སྲུང་གི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། 2025ལོར་སླེབས་སྐབས་སྦྲུམ་མ་དང་བང་མ་འཆི་ཚད་དང་། ཕྲུ་གུ་དམར་འབྱར་འཆི་ཚད། ལོ5མན་གྱི་བྱིས་པ་འཆི་ཚད་བཅས་སོ་སོར་ཁྲི10ཆ་ཡི20དང་། 5དང・6ལ་ཆག་པར་བྱ་དགོས།・ (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  15.རྒན་རྒོན་གྱི་བདེ་ཐང་ཐད་ལ་ཞབས་ཕྱིི་སྒྲུབ་ནུས་ཆེ་རུ་གཏང་དགོས། ཁྱིམ་ཚང་གི་སྨན་པས་གན་རྒྱ་བཞག་ནས་ཏན་ཏིག་ཞིབ་ཚགས་ཀྱིས་ཞབས་ཕྱི་བསྒྲུབ་དགོས་པ་དང་། རྒན་རྒོན་གྱི་རྒྱུན་མཐོང་ནད་དང་ས་མཐོའི་ནད། གཅོང་ནད་བཅས་ལ་སྔ་རོལ་ནས་ཞིབ་བཤེར་དང་ཕྱོགས་བསྡུས་ཐེ་གཏོགས་བྱེད་པར་ཤུགས་སྣོན་བརྒྱག་དགོས། རྒན་རྒོན་གྱི་སེམས་ཁམས་བདེ་ཐང་ལ་ཐུགས་ཁུར་བྱེད་པའི་ཞབས་ཕྱི་བསྒྲུབ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ནས་དྲག་སྐྱེད་དང་བདག་སྐྱོང་གི་ནད་ཁྲི་ཇེ་མང་དུ་གཏོང་བ་དང། ཆ་རྐྱེན་ཡོད་པའི་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་བཅོས་ལས་ཁུངས་ཀྱིས་རྒན་རྒོན་གྱི་གསོ་རིག་ཚན་ཁག་གཉེར་བའམ་ཡང་ན་རྒན་རྒོན་གྱི་ནད་ཁྲི་ཇེ་མང་དུ་གཏོང་བར་ཡར་སྐུལ་བྱས་ཐོག སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཕྱི་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་ལོ65དང་དེའི་ཡན་གྱི་རྒན་རྒོན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ཚད་ལྡན་གྱིས་བདེ་ཐང་དོ་དམ་བྱེད་ཚད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  16.འབྲེལ་ཡོད་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཐད་ལ་ཞབས་ཕྱི་སྒྲུབ་རྒྱུར་མཐོང་ཆེན་བྱ་དགོས། དབུལ་ཐར་མི་འབོར་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་སྨན་པས་གན་རྒྱ་བཞག་ནས་ཞབས་ཕྱི་ཡག་པོ་བྱས་ཏེ་བར་བརྒལ་དུས་མཚམས་ནང་གི་ད་ཡོད་སྲིད་ཇུས་སྤྱིའི་ཆ་ནས་བརྟན་འཇགས་ཡོང་བར་བྱ་དགོས། དབུལ་ཐར་ས་ཁུལ་གྱི་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་མི་སྣའི“སྟོང་ཆ”བསྟུད་མར་འགུལ་རྣམ་ལྟར་གཙང་སེལ་ཐུབ་དགོས། ཆ་རྐྱེན་འཛོམས་པའི་དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་ལས་ཁུངས་ཀྱིས་སྨན་བཅོས་ཀྱི་འོས་ཐོབ་སྒྲུབ་པར་རྒྱབ་སྐྱོར་དང། རྫོང་དང་ཤང་རིམ་པ་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་དབང་བོ་སྐྱོན་ཅན་ལ་ཁམས་གསོའི་ཞབས་ཕྱི་སྒྲུབ་པར་ཡར་སྐུལ་བྱས་ཐོག    ལོང་བ་དང་འོན་པའི་ནད་འགོག་བཅོས་ཀྱི་བྱ་བ་མུ་མཐུད་དུ་བསྒྲུབ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བགོས་འགན་འཁྲིའི་ལྟར་འགན་འཁུར་དགོས)

  བཞི། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏང་དགོས། 

  17.མཉམ་སྡེབ་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་གཟུག་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་འཕྲལ་མྱུར་གསོ་རིག་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། ནད་ཐོག་སྨན་བཅོས་ཀྱི་ཞབས་ཕྱི་དང་འཕྲལ་བཅོས་མྱུར་སྐྱོབ་ཀྱི“ལྟེ་གནས་ཆེ་གྲས་ལྔ”སྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་རིག་ཚན་མང་པོས་སྨན་བཅོས་དང་ཉིན་མོར་གཤགས་བཅོས། ན་ཟུག་མེད་པར་བརྟག་བཅོས་སོགས་ཀྱི་སྨན་བཅོས་ཞབས་ཕྱིའི་རྣམ་པ་རྒྱུན་མཐུད་ངང་ཁྱབ་གདལ་དུ་གཏང་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་སྨན་ཁང། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བར་གྱི་ནད་རིགས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲིི་ལྟར་འགན་འཁུར་དགོས)

  18.སྨན་བཅོས་སྤུས་ཚད་དོ་དམ་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏང་དགོས། ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་གཙོ་བོར་ཁྱབ་པའི་ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྤུས་ཚད་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་ཚོད་འཛིན་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། སྤུས་ལེགས་པའི་ནད་གཡོག་ཞབས་ཕྱི་ཁྱབ་གདལ་དུ་གཏོང་བ་དང་། འགན་འཁྲིའི་ལམ་ལུགས་ཀྱི་སྤྱི་ཡོངས་ལ་ནད་གཡོག་ཞབས་ཕྱི་སྒྲུབ་སྟངས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏང་དགོས། གཞུང་གཉེར་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་ལམ་ལུགས་ཚོད་ལྟའི་བྱ་བ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རྩའི་སྨན་རྫས་དང་། གཅིག་བསྡུས་ཀྱིས་འོས་འགུག་ཉོ་སྒྲུབ་དང་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་གི་སྨན་རྫས་དམིགས་བསལ་གྱིས་སྔོན་ལ་སྤྱད་དགོས། སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་བདེ་འཇགས་སྨན་ཁང་འཛུགས་སྐྱོང་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  19.གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཕྱིའི་ནུས་པ་ཆེ་རུ་གཏང་དགོས། རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་གྱི་ཡུན་ཕན་རོགས་སྐྱོར་རྐྱེན་སྲོལ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རོགས་སྐྱོར་བྱ་ཡུལ་སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་དུ་སྨན་བཅོས་རོགས་སྐྱོར་གྱི་འགུལ་སྐྱོད་སྤེལ་དགོས། གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་གི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པར་བརྟེན་ནས་སྤུས་ལེགས་པའི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་བསྐྱལ་དགོས། ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ། རྒྱང་རིང་ས་མཐའི་རྫོང་བཅས་ལ་ཁྱབ་པའི་ཁྲག་འཚོལ་བསྡུ་དང་མཁོ་འདོན་གྱི་འགན་ལེན་མ་ལག་བཙུགས་ནས་ཁྲག་སྤྱོད་པའི་བདེ་འཇགས་རང་བཞིན་དང་དུས་ཐོག་རང་བཞིན་འགན་ལེན་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲིི་ལྟར་འགན་འཁུར་དགོས)

  20.སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་ཟབ་མོ་གཏང་དགོས། སྨན་བཅོས་འགན་བཅོལ་ལམ་ལུགས་བཅོས་སྒྱུར་ལ་བརྟན་བརླིང་ངང་སྐུལ་འདེད་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་གཞི་ལྕི་མོའམ་ཤིན་ཏུ་ལྕིད་མོ་སྨན་བཅོས་འགན་བཅོལ་དང་སྐྱོབ་རོགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་ཤིང། སྒོ་བསྟེན་ཁང་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་རིམ་བཞིན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་ལས་གཏོང་སྤྲོད་བྱེད་ཁོངས་སུ་འཇུག་དགོས། ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་རྒྱུ་གཙོ་བོར་བྱེད་པའི་སྣེ་མང་མཉམ་འདུས་རྣམ་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་ཅིང། མ་དངུལ་གྲབས་གསོག་གྲུབ་ཆ་འཐུས་ཚང་དུ་གཏང་དགོས། 2025ལོར་སླེབས་སྐབས་སྨན་བཅོས་འགན་སྲུང་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དུ་ཕྱིན་ནས་ལས་བཟོ་བ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཐེབས་རྩ་གཏོང་སྤྲོད་ཀྱི་བསྡུར་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། (ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  ལྔ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་ཤུགས་ཆེན་པོས་གོང་འཕེལ་དུ་གཏང་དགོས། 

  21.ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཕྱིའི་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་དེ་རྫོང་རིམ་པའི་སྨན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་ནས། རྫོང་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག(ཆེད་ནད)ཁྱད་སྟོབས་ཅན་འཛུགས་སྐྱོང་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཚམ་མཐུན་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་རིགས་སྨན་བཅོས་ནུས་པ་ཁྱད་སྟོབས་ཅན་དང་ཕྱོགས་བསྡུས་ཞབས་ཕྱིའི་ནུས་པ་ཆེ་རུ་གཏང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དྲག་སྐྱེད་ནུས་པ་ཆེར་གཏོང་ལས་གཞི་ལག་ལེན་དུ་བསྟར་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དྲག་སྐྱེད་ཞབས་ཕྱི་རྒྱ་ཆེར་བཏང་སྟེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གིས“ནད་གཞི་སྔོན་འགོག”དང། ནད་གཞི་ཚབས་ཆེན་སྨན་བཅོས། ནད་གཞི་དྲག་སྐྱེད་བཅས་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  22.ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་རྟེན་གཞི་དང་ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གཙོ་གནད་སྨན་ཁང་གི་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི“སྣ་འདྲེན”སྨན་ཁང་གི་ལས་གཞི་མཚོ་སྔོན་ཞིང་ཆེན་དུ་འཛུགས་པར་ཧུར་ཐག་གིས་བརྩོན་ལེན་བྱ་དགོས། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་ལ་བརྟེན་ནས“ས་མཐོའི་ཀྲུང་ལུགས་གསོ་རིག་གི་སྨན་པ”དང“མཚོ་སྔོན་གྱི་བོད་ལུགས་གསོ་རིག་གི་སྨན་པའི”ཚོང་རྟགས་བཏོད་དེ་རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་སྒྲུབ་ཁང12དང་ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གྲུབ་མཐའི་ལས་སྒྲུབ་ཁང8གཟུག་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲིི་ལྟར་འགན་འཁུར་དགོས)

  དྲུག  བདེ་ཐང་ཐོན་ལས་གོང་དུ་སྤེལ་བར་ཤུགས་སྣོན་བརྒྱག་དགོས། 

  23.སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྨན་བཅོས་ཐོན་ཁུངས་ཞན་པའི་ས་ཁོངས་དང་བསམ་པའི་འཕྲོད་བསྟེན་སོགས་དཀོན་པའི་ཁྱབ་ཁོངས་སུ་ཁེ་གཉེར་རང་བཞིན་མིན་པའི་སྨན་བཅོས་ལས་ཁུངས་གཉེར་བར་ཡར་སྐུལ་བྱ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱོགས་བསྡུས་སྨན་ཁང་དང་ཆེད་ཚན་སྨན་ཁང་། ནད་གཡོག་ཁང་དང་ལུས་གསོའི་སྨན་ཁང་། འཆི་ཁའི་གཟིགས་སྐྱོང་དང་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལས་ཁུངས་བཅས་འཛུགས་གཉེར་བྱེད་པར་ཁྲིད་སྟོན་བྱས་ནས་སྨན་བཅོས་དང་ལུས་ཁམས་བདེ་སྲུང་། བདེ་ཐང་དོ་དམ། སེམས་ཁམས་བདེ་ཐང་སོགས་ཀྱི་ཞབས་ཕྱི་བསྒྲུབ་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་དེ་སྨན་བཅོས་ཞབས་ཕྱི་དང་སྨན་བཅོས་སྤུས་ཚད་དོ་དམ་ཚོད་འཛིན་གྱི་གདེང་འཇོག་ཁྱབ་ཁོངས་སུ་འཇུག་པ་དང། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་དེ་འདྲ་མཉམ་རང་མོས་ཀྱི་རྩ་དོན་ལྟར་ཞིང་ཆེན་རིམ་པའི་ཆེད་ལས་ཚན་ཁག་གི་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་དེ་ཁྲིམས་ལྟར་འཕེལ་རྒྱས་ལེགས་པོ་ཡོང་བའི་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  24.བདེ་ཐང་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། བདེ་ཐང་དང་རྒན་གསོ་དང་ཡུལ་སྐོར། སྦྲེལ་དྲ་དང་ལུས་སྦྱོང་སྤྲོ་གསེང་། ཟས་རིགས་སོགས་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། རྒན་རྒོན་ལ་ཁ་ཕྱོགས་པའི་བདེ་ཐང་དོ་དམ་དང་ཁམས་གསོ་བདེ་སྲུང་། ལུས་སྦྱོང་སྤྲོ་གསེང། བྱེས་སྡོད་རྒན་གསོ་སོགས་ཀྱི་ལས་རྣམ་གསར་པ་མཉམ་འདྲེས་ཟབ་མོར་གཏོང་རྒྱུར་རྒྱབ་སྐྱོར་བྱ་དགོས། བདེ་ཐང་གི་ཡུལ་སྐོར་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། བདེ་ཐང་གི་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་ས་མཐོའི་གསོ་རིག་སོགས་ལ་དམིགས་ནས་ཕྱོགས་བསྡུས་མཉམ་སྡེབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  བདུན། བདེ་ཐང་གི་འདེགས་སྐྱོར་དང་འགན་སྲུང་ཆུ་ཚད་ཇེ་མཐོར་གཏང་དགོས།

  25.སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱ་དགོས། སན་མིན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཉམས་མྱོང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞུང་གཉེར་སྨན་ཁང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་ཚོད་ལྟ་བྱེད་ཅིང་། ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ཚགས་དམ་པོ་འཛུགས་སྐྱོང་དེ་ཁྱོན་ཡོངས་ལ་ཁྱབ་པའི་རྨང་གཞིའི་ཐོག  རྫོང་ཁོངས་ཀྱི་བདེ་ཐང་ཞབས་ཕྱིི་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས། རྫོང་རིམ་པའི་སྨན་ཁང་ཀ་རིམ་པ་གཉིས་པ་རྒྱ་བསྐྱེད་དང་། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་ལ་སྨན་བཅོས་རོགས་སྐྱོར་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་ཁབ་ཀྱིས་གཅིག་བསྡུས་ཀྱིས་གྲངས་འབོར་ཆེན་པོ་ཉོ་སྒྲུབ་བྱེད་པའི་ཁྲོད་སྨན་རྫས་དང་སྨན་བཅོས་འཛད་རྫས་ཉོ་སྒྲུབ་དང་བེད་སྤྱོད་བྱ་བའི་རྗེས་བསྟུད་མར་དེད་ནས་དངོས་འབེབས་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་གཉིས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  26.ཤེས་ལྡན་མི་སྣའི་སློབ་གསོ་དང་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། སྨན་བཅོས་དང་སློབ་གསོ་མཉམ་སྡེབ་བྱེད་ཤུགས་ཇེ་ཆེར་བཏང་ནས། གསོ་རིག་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་ཀྱི་མཐོ་རིམ་སློབ་གྲྭའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས། སྤྱི་པའི་འཕྲོད་བསྟེན་གྱི་མཐོ་རིམ་སྨན་པ་དང་། སྤྱི་པའི་འཕྲོད་བསྟེན་འགོག་བཅོས་ཀྱི་མང་འཇོན་ཤེས་ལྡན་མི་སྣ། གཞི་རིམ་དུ་དཀོན་པའི་ཤེས་ལྡན་མི་སྣ། རྫོང་རིམ་པའི་སྨན་ཁང་གི་རྐང་འཛིན་ཆེད་ལས་ཚན་ཁག་གི་མཐོ་རིམ་སྨན་པ་བཅས་གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང། གྲོང་གསེབ་ལ་ཁ་གཏད་པའི་གསོ་རིག་སྦྱོང་བའི་སློབ་མར་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་པའི་ལས་གཞི་མུ་མཐུད་དུ་བསྐྲུན་དགོས། རིག་ཚན་ཡོངས་ཚང་བའི་གསོ་རིག་སློབ་གསོར་ཤུགས་སྣོན་བརྒྱག་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སློབ་གསོ་རྒྱུན་འཛིན་དང་གསར་གཏོད་བྱས་ནས་རིམ་པ་མཐོ་བའི་ཀྲུང་ལུགས་དང་བོད་ལུགས། ནུབ་ལུགས་གསོ་རིག་བཅས་ཟུང་འབྲེལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་དགོས། “ཁུ་ནུ་འཇོན་མི་ས་མཐོའི་སྨན་པ་གྲགས་ཅན”གྱི་ཤེས་ལྡན་མི་སྣའི་ལས་གཞི་ལ་སྐུལ་འདེད་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  27.སྨན་བཅོས་འཕྲོད་བསྟེན་གྱི་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ས་མཐོའི་གསོ་རིག་ཞིབ་འཇུག་ཚན་རྩལ་ཚོགས་པ་སྣ་འདུས་རང་བཞིན་ཅན་གཟུག་དགོས། ས་མཐོའི་བདེ་ཐང་གི་གཞི་གྲངས་མཛོད་བཙུགས་ནས། རྒྱུད་རྒྱུའི་སྐོར་ཚོ་དང་ཕྲ་ཕུང་གཙོ་བོ། འདུས་གྲུབ་སྐྱེ་དངོས། སླར་སྐྱེས་གསོ་རིག་སོགས་ཀྱི་ལག་རྩལ་དེ་ས་མཐོའི་གསོ་རིག་དང་ཚེ་སྲོག་བདེ་ཐང་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུར་ཤུགས་སྣོན་བརྒྱག་དགོས། ཤར་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་དང་རང་རེའི་ཞིང་ཆེན་གཉིས་མཉམ་འབྲེལ་སྒོས་ས་མཐོའི་གསོ་རིག་དང་འབྲེལ་བའི་ཆེད་ལས་ཀྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་མཐུན་སྦྱོར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན་སོགས་སྡེ་ཁག་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)

  28.དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱག་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་དང་ཞིང་ཆེན་རིམ་པའི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་ཀྱི་གཞི་གྲངས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏང་དགོས། བོད་འབྲེལ་ས་ཁུལ་གྱི་རྒྱང་བསྟེན་སྨན་བཅོས་དང་རྒྱང་ཁྲིད་སློབ་གསོའི་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་སུ་ཁྱབ་པའི་རྒྱང་བསྟེན་སྨན་བཅོས་དྲ་རྒྱ་འཐུས་ཚང་དུ་གཟུག་དགོས། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི50%ཡི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས“གཅིག་གྱུར་གྱིས་དོ་དམ་བྱེད་པ་དྲུག”འཐུས་ཚང་དུ་གཏང་དགོས།། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འགན་འཁུར་དགོས)

  ◎ལྷ་མོ་སྒྲོལ་མས་བསྒྱུར། ཚེ་རིང་འཚོས་ཞུས། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །མཚོ་སྔོན་ཞིང་ཆེན་གྱི《“ལོ་ལྔ་ཚན་བཅུ་བཞི་བའི”རྒྱལ་དམངས་ བདེ་ཐང་འཆར་འགོད》ལག་བསྟར་དོན་འཁྱོལ་བྱེད་ཐབས་འགའ།

ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།