ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།མཚོ་སྔོན་སྲིད་དོན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།
ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-12 11:30:31

  ཨང755བ།

  《ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ2022ལོའི་ཟླ9བའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས190བའི་སྟེང་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན། 2022ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས། 

  ཙུང་ལི།      ལི་ཁེ་ཆང།  

  2022ལོའི་ཟླ10བའི་ཚེས1ཉིན།  

  ༄༅།  །ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག

  དོན་ཚན་དང་པོ། ཁེར་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས། ཁེར་གཉེར་བཟོ་ཚོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་ཞིང། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཁེར་གཉེར་བཟོ་ཚོང་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་ཆེད། སྲོལ་ཡིག་འདི་བཟོས་པ་ཡིན། 

  དོན་ཚན་གཉིས་པ། གཉེར་སྐྱོང་བྱེད་ནུས་ཡོད་པའི་སྤྱི་དམངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བཟོ་ཚོང་ལས་རིགས་གཉེར་སྐྱོང་བྱེད་པ་དང། བཅའ་ཁྲིམས་ལྟར་ཁེར་གཉེར་བཟོ་ཚོང་པར་ཐོ་འགོད་བྱས་ཡོད་ན། སྲོལ་ཡིག་འདི་སྤྱོད་འཐུས་པ་ཡིན། 

  དོན་ཚན་གསུམ་པ། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཁེར་གཉེར་བཟོ་ཚོང་པ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང། ཏང་ཡོན་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་དགོས། 

  ཁེར་གཉེར་བཟོ་ཚོང་པའི་ཁྲོད་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ཏུ་གཏན་ལ་ཕབ་པ་ལྟར་ཏང་གི་བྱེད་སྒོ་སྤེལ་དགོས། 

  དོན་ཚན་བཞི་བ། ཁེར་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཁེར་གཉེར་བཟོ་ཚོང་པ་ནི་ཁྲོམ་རའི་བྱེད་པོ་གལ་ཆེན་ཡིན་པས། དཔལ་འབྱོར་དར་རྒྱས་དང། ལས་ཞུགས་འཕར་སྣོན། བྱ་གཞག་གསར་གཏོད་ལ་སྐུལ་འདེད། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

  རྒྱལ་ཁབ་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཕྱི་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་མུ་མཐུད་ཟབ་སྤེལ་བྱེད་པ་དང། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཧུར་ཐག་གིས་རོགས་སྐྱོར་བྱེད་པ་དང། ཁྲིད་སྟོན་བྱེད་པར་ཤུགས་སྣོན་ཞིང། ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས་ཁེར་གཉེར་བཟོ་ཚོང་པ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་མཐུན་རྐྱེན་བསྐྲུན་དགོས། 

  དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པ་ལ་ཁྲོམ་རར་འདྲ་མཉམ་ངང་ཞུགས་འཐུས་དང་ཐོབ་ཐང་དྲང་གཞག་གིས་གཟིགས་སྐྱོང་གནང་བའི་རྩ་དོན་ལག་བསྟར་བྱ་དགོས། 

  དོན་ཚན་དྲུག་པ། ཁེར་གཉེར་བཟོ་ཚོང་ནི་མི་སྒེར་གྱིས་གཉེར་སྐྱོང་བྱེད་ཆོག་ལ་ཁྱིམ་ཚང་གིས་གཉེར་སྐྱོང་བྱེད་ཀྱང་ཆོག ཁེར་གཉེར་བཟོ་ཚོང་པའི་རྒྱུ་ནོར་བདག་དབང་དང། གཉེར་སྐྱོང་རང་བདག་དབང་ཆ་སོགས་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་ཡོད་པས། སྡེ་ཚན་དང་མི་སྒེར་གང་གིས་ཀྱང་དེར་གནོད་འཚེ་གཏོང་བའམ་ཁྲིམས་འགལ་གྱིས་ཐེ་གཏོགས་བྱེད་མི་ཆོག

  དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ལག་ཏུ་བསྟར་བར་ཞིབ་འཇུག་དང་སྐུལ་སྤེལ་བྱེད་པ་དང། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ལ་སྤྱི་འདོམས་མཐུན་སྦྱོར་བྱ་དགོས། 

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་སྤྱི་ཁོག་ནས་མཛུབ་སྟོན་དང། ཕྱོགས་བསྡུས་སྒོས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པར་ཤུགས་བསྣན་དགོས། 

  དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་བཅོས་སྒྱུར་དང། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཚོང་དོན། དངུལ་རྩ། ཁྲལ་དོན། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྲལ་གྲོན་རྒྱབ་སྐྱོར་དང། ལས་སྐྲུན་རོགས་སྐྱོར། ལས་རིགས་ནུས་རྩལ་གསོ་སྦྱོང། སྤྱི་ཚོགས་འགན་སྲུང། དངུལ་རྩའི་ཞབས་ཕྱི། ཐོ་འགོད་དང་ཁེ་དབང་སྲུང་སྐྱོང་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། 

  དོན་ཚན་དགུ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ནང་འཇུག་པ་དང། སྲིད་འཛིན་ས་ཁོངས་དེ་གའི་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱ་དགོས་པ་མ་ཟད་ལག་བསྟར་རྩ་འཛུགས་བྱས་ནས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། 

  དོན་ཚན་བཅུ་བ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་འགྲོ་སྟངས་ལ་ལྟ་འཇལ་དང་དབྱེ་ཞིབ་བྱེད་པར་ཤུགས་བསྣན་ནས། དུས་བཀག་ལྟར་དཔེ་འདེམས་བརྟག་དཔྱད་དང། ལྟ་འཇལ་བསྡོམས་རྩིས། འཁྲུག་ཆ་དབྱེ་ཞིབ་བཅས་བྱས་ནས། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་ཆ་འཕྲིན་གཅིག་སྡུད་དང། མཉམ་སྤྱོད། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏང་དགོས། 

  དོན་ཚན་བཅུ་གཅིག་པ། ཁྲོམ་རའི་བྱེད་པོ་ཐོ་འགོད་ལས་ཁུངས་ཀྱིས་ཁེར་གཉེར་བཟོ་ཚོང་པ་ལ་ཁྲིམས་བརྩི་ལུགས་མཐུན་དང། ཚད་ལྡན་གཅིག་གྱུར། ཡོངས་བསྒྲགས་ཁ་གསལ། སྟབས་བདེ་ནུས་ཆེ་བཅས་ཀྱི་ཐོ་འགོད་ཞབས་ཕྱི་འདོན་སྤྲོད་བྱ་དགོས། 

  དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་དག་གིས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ཁེར་གཉེར་བཟོ་ཚོང་པའི་ལོ་འཁོར་སྙན་ཞུའི་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང། ནང་དོན་སླ་བསྡུས་དང་ལས་རིམ་ལེགས་སྒྱུར་བྱས་ཏེ། ཟོར་ཡང་ཞིང་སྟབས་བདེ་བའི་ལོ་འཁོར་སྙན་ཞུའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། 

  དོན་ཚན་བཅུ་གསུམ་པ། ཁེར་གཉེར་བཟོ་ཚོང་པས་རང་མོས་ཐོག་གཉེར་སྐྱོང་བྱེད་མཁན་བརྗེ་བའམ་ཡང་ན་ཁེ་ལས་སུ་སྒྱུར་ཆོག་པ་ཡིན། གཉེར་སྐྱོང་བྱེད་མཁན་བརྗེ་ན། ཐད་ཀར་ཁྲོམ་རའི་བྱེད་པོ་ཐོ་འགོད་ལས་ཁུངས་སུ་ཐོ་འགོད་བརྗེ་སྒྱུར་བྱ་རྒྱུའི་རེ་ཞུ་བྱེད་ཆོག དེའི་སྐོར་གྱི་སྲིད་འཛིན་ཆོག་འཐུས་དང་འབྲེལ་བ་ཡོད་ན། སྲིད་འཛིན་ཆོག་འཐུས་སྡེ་ཁག་གིས་འགྲོ་ལུགས་སླ་བསྡུས་བྱས་ཏེ་ཁྲིམས་ལྟར་ཁེར་གཉེར་བཟོ་ཚོང་པར་སྟབས་བདེ་སྐྲུན་དགོས། 

  ཁེར་གཉེར་བཟོ་ཚོང་པའི་གཉེར་སྐྱོང་བྱེད་མཁན་བརྗེ་བའམ་ཡང་ན་ཁེ་ལས་སུ་བསྒྱུར་ན། ཁྲིམས་ལྟར་གཞལ་དགོས་པའི་ཁྲལ་དངུལ་སོགས་གཙང་རྩིས་རྒྱག་དགོས་པ་དང། སྔར་ཡོད་ཀྱི་བུན་དབང་དང་བུ་ལོན་ཐག་གཅོད་འོས་འཚམ་བྱ་དགོས་པ་ལས། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

  དོན་ཚན་བཅུ་བཞི་བ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པའི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་མ་ལག་འཛུགས་པར་ཤུགས་བསྣན་ནས། ཁེར་གཉེར་བཟོ་ཚོང་པར་བཅའ་ཁྲིམས་སྲིད་ཇུས་དང། ཁྲོམ་ར་མཁོ་སྤྲོད། ལས་མི་བསྡུ་སྤྱོད། ལས་གཏོད་གསོ་སྦྱོང། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་ཆ་འཕྲིན་ཞབས་ཕྱི་འདོན་སྤྲོད་བྱ་དགོས། 

  དོན་ཚན་བཅོ་ལྔ་བ། ཁྲིམས་ལྟར་བཙུགས་པའི་ཁེར་གཉེར་ངལ་རྩོལ་པའི་མཐུན་ཚོགས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གི་མཛུབ་སྟོན་འོག་ཏུ། སྦྲེལ་ཟམ་དང་དཀྲི་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁེར་གཉེར་བཟོ་ཚོང་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་དང། ཁེར་གཉེར་བཟོ་ཚོང་པར་ཞབས་ཕྱི་སྒྲུབ་པ་དང། ཁེར་གཉེར་བཟོ་ཚོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང། ཁེར་གཉེར་བཟོ་ཚོང་པས་ཁ་དན་ཚིག་གནས་དང་རང་འདོམས་རང་གཅུན་བྱེད་པར་ཁྲིད་སྟོན་བཅས་བྱ་དགོས། 

  ཁེར་གཉེར་བཟོ་ཚོང་པ་རང་མོས་ཐོག་ཁེར་གཉེར་ངལ་རྩོལ་པའི་མཐུན་ཚོགས་སུ་ཞུགས་ཆོག

  དོན་ཚན་བཅུ་དྲུག་པ། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱེད་སྐབས། ཁེར་གཉེར་བཟོ་ཚོང་པ་དང་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱི་བསམ་འཆར་ལ་ཉན་ཅི་ཐུབ་བྱ་དགོས་པ་ལས། འོས་ཐོབ་ཆོག་འཐུས་དང། ལས་གཞི་རེ་ཞུ། སྲིད་གཞུང་གིས་ཉོ་སྒྲུབ། འོས་འགུགས་སྐུལ་སོགས་ཀྱི་ཐད་ནས་ཁེར་གཉེར་བཟོ་ཚོང་པར་གཏན་འབེབས་དང་འགལ་བའི་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་བཟོ་བའམ་ལག་བསྟར་བྱེད་མི་ཆོག

  དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཁེར་གཉེར་བཟོ་ཚོང་པའི་ལས་རིགས་ཀྱི་རིགས་སྣ་དང། གཉེར་སྐྱོང་གི་གཞི་ཁྱོན། གཉེར་སྐྱོང་གི་ཁྱད་ཆོས་སོགས་ལ་གཞིགས་ནས། ཁེར་གཉེར་བཟོ་ཚོང་པར་རིགས་དབྱེ་ནས་སྐྱེད་སྲིང་དང་གནད་དུ་འཁེལ་བའི་རོགས་སྐྱོར་བྱ་དགོས། 

  དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཁེར་གཉེར་བཟོ་ཚོང་པར་གཉེར་སྐྱོང་བྱེད་ས་མང་པོ་འདོན་སྤྲོད་བྱེད་པ་དང། གཉེར་སྐྱོང་བྱེད་ས་བེད་སྤྱོད་བྱེད་པའི་མ་རྩ་གཅོག་དགོས། 

  དོན་ཚན་བཅུ་དགུ་བ། རྒྱལ་ཁབ་ཀྱིས་ལས་གཏོད་དངུལ་འཇོག་ལས་ཁུངས་དང་སྤྱི་ཚོགས་ཀྱི་མ་དངུལ་ལ་བརྟེན་ནས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱ་དགོས། 

  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མ་དངུལ་གྱི་ནུས་པ་སྣ་ཚོགས་འདོན་སྤེལ་གང་ལེགས་བྱས་ཏེ། ཁེར་གཉེར་བཟོ་ཚོང་པའི་ལས་གཏོད་གསར་གཏོད་དང། དངུལ་བུན་མ་དངུལ་བསྡུ་སྒྲིལ། ལས་རིགས་ནུས་རྩལ་གསོ་སྦྱོང་སོགས་ཀྱི་ཐད་མ་དངུལ་གྱིས་རྒྱབ་སྐྱོར་བྱ་དགོས། 

  དོན་ཚན་ཉི་ཤུ་བ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་ཕན་ཐོགས་པའི་ནོར་ཁྲལ་སྲིད་ཇུས་ལག་བསྟར་བྱ་དགོས། 

  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་ནོར་ཁྲལ་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། གནད་ལ་འཁེལ་ཞིང་དུས་ཐོག་ཏུ་ཁེར་གཉེར་བཟོ་ཚོང་པར་ཕན་ཐོགས་ཐུབ་པ་ཁག་ཐེག་བྱ་དགོས། 

  དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པའི་ཡིད་རྟོན་གདེང་འཇོག་མ་ལག་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་གཏོང་བ་དང། དངུལ་རྩའི་ལས་ཁུངས་ཀྱིས་ཁེར་གཉེར་བཟོ་ཚོང་པ་འཕེལ་རྒྱས་སུ་འགྲོ་བའི་ཁྱད་ཆོས་དང་མཐུན་པའི་དངུལ་རྩའི་ཐོན་རྫས་དང་ཞབས་ཕྱི་གསར་སྤེལ་དང་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བྱ་དགོས་ལ། ཁེར་གཉེར་བཟོ་ཚོང་པའི་དངུལ་བུན་གཞི་ཁྱོན་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། དངུལ་བུན་གྱི་གནད་འཁེལ་རང་བཞིན་དང་སྟབས་བདེ་ཡོང་ཚད་ཇེ་མཐོར་གཏང་དགོས། 

  དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁེར་གཉེར་བཟོ་ཚོང་པ་རྣམས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་ཚང་བའི་ཁེར་གཉེར་བཟོ་ཚོང་པ་ལ་དེ་མཚུངས་ཀྱི་རྒྱབ་སྐྱོར་བྱ་དགོས། 

  དོན་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས་པ་དང། ཁེར་གཉེར་བཟོ་ཚོང་པ་ལས་རིགས་ནུས་རྩལ་གསོ་སྦྱོང་ནང་ཞུགས་པར་རྒྱབ་སྐྱོར་དང། སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ལས་ཁུངས་སོ་སོས་ཁེར་གཉེར་བཟོ་ཚོང་པར་ལས་མི་བསྡུ་སྤྱོད་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བྱ་དགོས། 

  དོན་ཚན་ཉེར་བཞི་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཕྱིའི་མ་ལག་འཛུགས་པ་དང་ཟུང་འབྲེལ་བྱས་ཏེ། ཁེར་གཉེར་བཟོ་ཚོང་པས་སྡེ་ཁུལ་དུ་སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེར་སྐྱོང་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ནས། སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་དགོས། 

  དོན་ཚན་ཉེར་ལྔ་བ། ཁེར་གཉེར་བཟོ་ཚོང་པ་མགྱོགས་མྱུར་ངང་གྲངས་འཛིན་ཅན་དུ་འཕེལ་རྒྱས་སུ་འགྲོ་བ་དང། དྲ་ཐོག་དྲ་མིན་གཞི་གཅིག་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱེད་པར་རྒྱལ་ཁབ་ཀྱིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས། 

  ལས་སྟེགས་གཉེར་སྐྱོང་བྱེད་མཁན་གྱིས་ལས་སྟེགས་སུ་ཞུགས་པའི་ཆ་རྐྱེན་དང། ཞབས་ཕྱིའི་སྒྲིག་སྲོལ། གྲོན་བསྡུའི་ཚད་གཞི་སོགས་ཀྱི་ཐད་ནས་ཁེར་གཉེར་བཟོ་ཚོང་པ་རྣམས་ཀྱི་དྲ་ཐོག་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱ་དགོས་པ་ལས། ཞབས་ཕྱིའི་གྲོས་ཆིངས་དང། ལས་སྟེགས་ཀྱི་སྒྲིག་སྲོལ། གཞི་གྲངས་ཀྱི་རྩི་ཐབས། ལག་རྩལ་སོགས་ཀྱི་ཐབས་བཀོལ་ནས་ལས་སྟེགས་ནང་གི་ཁེར་གཉེར་བཟོ་ཚོང་པར་ལུགས་མཐུན་མིན་པའི་ཚོད་འཛིན་དང། ལུགས་མཐུན་མིན་པའི་ཆ་རྐྱེན་ཟུར་སྣོན་བྱེད་པའམ་ཡང་ན་ལུགས་མཐུན་མིན་པའི་གྲོན་དངུལ་བསྡུ་ལེན་བྱེད་མི་ཆོག

  དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་ཁེར་གཉེར་བཟོ་ཚོང་པའི་སྒོ་བྱང་དང། ཚོང་རྟགས། གཅིག་པུར་དབང་བའི་ཁེ་ཕན། ཚོང་ལས་ཀྱི་གསང་བ་སོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། 

  ཁེར་གཉེར་བཟོ་ཚོང་པས་ཤེས་བྱའི་ཐོན་དབང་གསར་གཏོད་དང་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང། ཁྲོམ་རའི་འགྲན་རྩོད་ཀྱི་བྱེད་ནུས་ཆེ་རུ་གཏོང་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། 

  དོན་ཚན་ཉེར་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང། གྲོང་ཁྱེར་དང་འགྲིམ་འགྲུལ་དོ་དམ། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་བཅོས་སྐྱོང། ཐོན་ལས་རིམ་སྤར་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་སྐབས། ཁེར་གཉེར་བཟོ་ཚོང་པའི་གཉེར་སྐྱོང་དགོས་མཁོ་དང་དངོས་ཡོད་དཀའ་ངལ་ལ་བསམ་གཞིགས་གང་ལེགས་བྱས་ནས་ཁྲིད་སྟོན་དང་རོགས་སྐྱོར་བྱ་དགོས། 

  དོན་ཚན་ཉེར་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་བྱུང་གནོད་འཚེ་དང། ལས་འཛོལ་ཆག་སྒོ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་སོགས་ཀྱི་དབང་གིས་གཉེར་སྐྱོང་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པའི་ཁེར་གཉེར་བཟོ་ཚོང་པ་ལ་དོན་དངོས་དང་ཟུང་འབྲེལ་གྱིས་དུས་ཐོག་ཏུ་དཀའ་སེལ་རོགས་སྐྱོར་བྱེད་ཐབས་སྤྱད་དགོས། 

  དོན་ཚན་ཉེར་དགུ་བ། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁེར་གཉེར་བཟོ་ཚོང་པའི་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་དེ། ཁེར་གཉེར་བཟོ་ཚོང་གཉེར་སྐྱོང་པའི་གཟི་བརྗིད་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། 

  དོན་ཚན་སུམ་ཅུ་བ། སྡེ་ཚན་དང་མི་སྒེར་གང་གིས་ཀྱང་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས། ཁེར་གཉེར་བཟོ་ཚོང་པ་ལ་གྲོན་དངུལ་བསྡུ་བའམ་ཡང་ན་རྣམ་པ་བསྒྱུར་ནས་གྲོན་དངུལ་བསྡུ་བ་སོགས་བྱེད་མི་ཆོག་ལ། རང་དགར་གྱིས་གྲོན་དངུལ་བསྡུ་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའམ་ཡང་ན་གྲོན་དངུལ་བསྡུ་བའི་ཚད་གཞི་ཇེ་མཐོར་གཏོང་མི་ཆོག ཁེར་གཉེར་བཟོ་ཚོང་པར་མ་དངུལ་བསྡུ་རུབ་དང་ཆ་གསེས་རྒྱག་མི་ཆོག་ཅིང། ཁེར་གཉེར་བཟོ་ཚོང་པར་བཙན་ཤེད་ཀྱིས་ཡིད་མཐུན་རོགས་རམ་བྱེད་པའམ་ཡང་ན་རིན་དོད་ཡོད་པའི་ཞབས་ཕྱི་དང་ལེན་བྱེད་དུ་འཇུག་མི་ཆོག

  སྡེ་ཚན་དང་མི་སྒེར་གང་གིས་ཀྱང་ངལ་རྩོལ་པར་འཇམ་ཁྲིད་དང་བཙན་ཤེད་ཀྱིས་ཁེར་གཉེར་བཟོ་ཚོང་པ་ཐོ་འགོད་བྱེད་དུ་འཇུག་མི་ཆོག

  དོན་ཚན་སོ་གཅིག་པ། ལས་ཁུངས་དང། ཁེ་ལས་ལས་དོན་སྡེ་ཚན་གྱིས་ཁེར་གཉེར་བཟོ་ཚོང་པར་ལུགས་མཐུན་མིན་པའི་དངུལ་སྤྲོད་དུས་ཡུན་དང། སྤྲོད་སྟངས། ཆ་རྐྱེན། ཆིངས་འགལ་འགན་འཁྲི་སོགས་ཉོ་ཚོང་གི་ཆ་རྐྱེན་དང་ལེན་བྱ་དགོས་པའི་བླང་བྱ་འདོན་མི་ཆོག་པ་དང། གྲོས་ཆིངས་དང་འགལ་ནས་ཁེར་གཉེར་བཟོ་ཚོང་པར་རྩིས་དངུལ་ཆད་འགྱངས་བྱེད་མི་ཆོག ཁེར་གཉེར་བཟོ་ཚོང་པར་བཙན་ཤེད་ཀྱིས་ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་རྩིས་དངུལ་ཆད་འགྱངས་བྱེད་མི་ཆོག

  དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏང་དགོས་པ་ལས། ཁེར་གཉེར་བཟོ་ཚོང་པའི་གྲངས་འབོར་འཕར་ཚད་དང་ལོ་འཁོར་གྱི་སྙན་ཞུ་ཕུལ་ཚད་སོགས་ལས་རྗེས་དཔྱད་ཞིབ་གདེང་འཇོག་བྱེད་པའི་དམིགས་ཚད་དུ་རྩི་མི་ཆོག

  དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བ་དང་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ན། ཁེར་གཉེར་བཟོ་ཚོང་པར་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་བྱེད་པ་དང་ཐེར་འདོན་བྱེད་པའི་དབང་ཆ་ཡོད། 

  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཞུ་གཏུག་དང་ཐེར་འདོན་བྱེད་སའི་ཐབས་ལམ་ལ་བཀག་རྒྱ་མེད་པར་བཟོ་དགོས་པ་མ་ཟད། ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱ་དགོས། 

  དོན་ཚན་སོ་བཞི་བ། ཁེར་གཉེར་བཟོ་ཚོང་པས་ཁྲིམས་ལྟར་གཉེར་སྐྱོང་དང་ཁ་དན་ཚིག་གནས་བྱ་དགོས་པ་དང། ངལ་རྩོལ་ལས་མི་བཀོལ་སྤྱོད་དང། ཉེན་མེད་ཐོན་སྐྱེད། ཟས་རིགས་བདེ་འཇགས། ལས་རིགས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང། དྲང་གཞག་འགྲན་རྩོད་སོགས་ཀྱི་ཐད་ནས་ཁྲིམས་བཀོད་འོས་འགན་རང་རྟོགས་ཀྱིས་བསྒྲུབ་དགོས། 

  སྤྱི་པའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ལ། འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་སྒྲིག་ལམ་བཟང་བོ་སྲུང་སྐྱོང་བྱ་དགོས། 

  དོན་ཚན་སོ་ལྔ་བ། ཁེར་གཉེར་བཟོ་ཚོང་པས་གཉེར་སྐྱོང་བྱེད་སྒོ་སྤེལ་བར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཚེ། འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་སློབ་གསོ་དང་ཆད་གཅོད་བསླབ་འདོམས་ཟུང་འབྲེལ་བྱེད་པ་དང། ནོར་འཛོལ་དང་ཆད་གཅོད་བབ་མཚུངས་ཡིན་དགོས་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ཐག་གཅད་དགོས། 

  དོན་ཚན་སོ་དྲུག་པ། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས་ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད་དུ། ལས་འགན་མི་སྒྲུབ་པའམ་ཡང་ན་འགན་ཡང་དག་མི་སྒྲུབ་པར་ཁེར་གཉེར་བཟོ་ཚོང་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་མཇུག་འབྲས་ཚབས་ཆེན་བཟོས་ཚེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅད་དགོས་པ་དང། བྱས་ཉེས་སུ་གྲུབ་ཡོད་ན་བཅའ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། 

  དོན་ཚན་སོ་བདུན་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཏན་སྡོད་སྡོད་དམངས་ཁྲོད་ཀྱི་ཀྲུང་གོའི་སྤྱི་དམངས་དང། ཐའེ་ཝན་ས་ཁུལ་གྱི་སྡོད་དམངས་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁེར་གཉེར་བཟོ་ཚོང་པ་ཐོ་འགོད་བྱེད་ཆོག་པ་ཡིན།

  དོན་ཚན་སོ་བརྒྱད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཁེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། 

  དོན་ཚན་སོ་དགུ་བ། སྲོལ་ཡིག་འདི2022ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས། 《ཁེར་གཉེར་བཟོ་ཚོང་པའི་སྲོལ་ཡིག》དུས་མཉམ་དུ་རྩིས་མེད་དུ་གཏང་དགོས། །

  ◎མགོན་པོ་འཚོས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།