ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།མཚོ་སྔོན་སྲིད་དོན།
༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་སྲིད་དོན་ ཞབས་ཕྱི་འཕར་མ་སྐྲུན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།
ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-12 11:28:00

  རྒྱལ་གཞུང་སྤེལ〔2022〕ཨང32པ།

  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ། 

  སྲིད་དོན་ཞབས་ཕྱི་ལེགས་སྒྱུར་གཏོང་བ་ནི་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་ངང་སྒྱུར་བ་དང“གློད་སྡོམ་ཞབས་གསུམ”བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཚོང་གཉེར་ཁོར་ཡུག་བསྟུད་མར་ལེགས་སྒྱུར་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེན་དང་། འཕེལ་རྒྱས་གསར་པའི་སྒྲིག་གཞི་མགྱོགས་མྱུར་ངང་སྐྲུན་པ་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཕྱི་རྣམ་པ་ཅན་གྱི་སྲིད་གཞུང་འཛུགས་པའི་འདེགས་སྐྱོར་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། སྲིད་དོན་ཞབས་ཕྱིའི“དྲ་གཅིག་སྒོ་གཅིག་ཐེངས་གཅིག”གི་བཅོས་སྒྱུར་དང“མཉམ་སྦྲེལ་དྲ་བ+སྲིད་དོན་ཞབས་ཕྱི”ལ་སྐུལ་འདེད་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་དུ། ས་ཁུལ་ཁག་ཅིག་གིས་བཅོས་སྒྱུར་གསར་སྐྲུན་གྱི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་ནས།    “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”ཁྱབ་བརྡལ་དུ་གཏོང་བར་བཀག་རྒྱ་ཐེབས་ཡོད། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྲིད་དོན་ཞབས་ཕྱི་འཕར་མ་སྐྲུན་པ། སྲིད་དོན་ཞབས་ཕྱི་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད། ད་ལྟ་གཤམ་གྱི་བསར་འཆར་འདི་བཏོན་པ་ཡིན། 

  གཅིག སྤྱིའི་བླང་བྱ།

  (གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། གྲངས་འཛིན་ལག་རྩལ་དེ་སྲིད་གཞུང་དོ་དམ་ཞབས་ཕྱི་ཐད་རྒྱ་ཁྱབ་ཏུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ལས་སྒོའི་བརྒྱུད་རིམ་ལེགས་སྒྱུར་དང་ལས་སྒོའི་མ་ལག་ཤར་གཏོང་། གཞི་གྲངས་མཉམ་སྤྱོད་ལ་ཤུགས་སྣོན་པ་བཅས་བྱེད་པ་དང་། སྔར་ལས་མང་པའི་མཉམ་འབྲེལ་རང་བཞིན་ཆེ་བ་དང་དོན་སྒྲུབ་དགོས་མཁོ་ཆེ་བའི་སྡེ་ཁག་བརྒལ་བ་དང་རིམ་པ་བརྒལ་བའི་སྲིད་དོན་ཞབས་ཕྱིའི་དོན་ཚན“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་ནས། ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་མྱོང་ཚོར་དང་ཐོབ་སྣང་སྔར་ལས་ཇེ་ལེགས་སུ་གཏང་དགོས། 

  (གཉིས)གཞི་རྩའི་རྩ་དོན།

  དགོས་མཁོས་ཕྱོགས་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཁེ་ལས་དང་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་ལས་མགོ་བརྩམས་ནས། ཁེ་ལས་དང་མི་སྒེར་གྱི་ཚེ་སྲོག་འཁོར་ཡུན་དུ་ཁྱབ་རྒྱ་ཆེ་བ་དང་སྒྲུབ་ཚད་ཆེ་བ། སྒྲུབ་ཐེངས་མང་པ། སྒྲུབ་དུས་ཅུང་གཅིག་བསྡུས་ཡིན་པའི་སྲིད་དོན་ཞབས་ཕྱིའི་དོན་ཚན་ལ་དམིགས་ནས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”ལག་བསྟར་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས“ས་ཁུལ་མང་པ་དང་སྒེའུ་ཁུང་མང་པ། ཐེངས་མང་པ”ཡིན་པ་ནས“ས་ཁུལ་གཅིག་དང་སྒེའུ་ཁུང་གཅིག ཐེངས་གཅིག”ཏུ་བསྒྱུར་བ་མངོན་འགྱུར་བྱས་ནས། ཚད་མཐོ་བའི་སྒོ་ནས་ཁེ་ལས་དང་མི་དམངས་ལ་སྟབས་བདེ་བཟོ་དགོས།

  མ་ལག་འདུས་འགྲུབ་ཡིན་པ་རྒྱུན་འཁྱོངས་བྱ་དགོས། ཁེ་ལས་གཉེར་མགོ་བརྩམས་པ་ནས་ཐོ་ཁོངས་བསུབས་པའི་བར་དང་། མི་སྒེར་སྐྱེས་པ་ནས་ཤི་བའི་བར་གྱི་དུས་རིམ་གལ་ཆེན་དག་ལ་དམིགས་ནས། བཀོལ་སྤྱོད་ཀྱི་ཡུལ་དང་ལས་སྒོའི་གནས་བབ་མི་འདྲ་བ་གཞིར་བཟུང་སྟེ། ཕན་ཚུན་འབྲེལ་བ་ཡོད་པའི“དོན་ཚན་རྐྱང་མ”མང་པོ་འོས་འཚམ་ངང་ཕྱོགས་བསྡུས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་སྒྲུབ་བརྒྱུད་རིམ་འཆར་འགོད་བྱེད་པ་དང་། སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་གསལ་ཐོ་གྲུབ་པར་བྱས་ཏེ། བརྗོད་སྙིང་ཅན་དང་སྡེབ་ཟས་ཅན་གྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

  མཉམ་སྒྲུབ་ཕན་མཐོ་ཡིན་པ་རྒྱུན་འཁྱོངས་བྱ་དགོས། སྡེ་ཁག་བར་གྱི་ལས་སྒོ་མཉམ་སྒྲུབ་དང་མ་ལག་མཉམ་འབྲེལ། གཞི་གྲངས་མཉམ་སྤྱོད་བཅས་ལ་ཤུགས་སྣོན་པ་དང་། ལས་སྒོའི་བརྒྱུད་རིམ་དང་སྒྲུབ་གཉེར་རྒྱུ་རྐྱེན། རེ་ཞུ་བྱེད་སྟངས། བདག་སྤྲོད་བྱེད་སྟངས། མཉམ་གཉེར་རྐྱེན་སྲོལ། དཔང་ཡིག་སྤྲོད་སྟངས་སོགས་ལེགས་སྒྱུར་གཏོང་བར་དམིགས་ནས། དུས་ཚོད་དང་བརྒྱུད་རིམ། རྒྱུ་ཆ། འགྲོ་འོང་བཅས་ཚད་མཐོ་བའི་སྒོ་ནས་ཇེ་ཉུང་དུ་གཏང་དགོས་ཤིང་། དོན་ཚན་མང་པོ“བཤད་ཐེངས་གཅིག་དང་རེའུ་མིག་གཅིག རྒྱུ་ཆ་ཚང་གཅིག སྒེའུ་ཁུང(སྣེ)གཅིག་ནས་དང་ལེན། དྲ་གཅིག་ནས་སྒྲུབ་པ”མངོན་འགྱུར་བྱ་དགོས། 

  ཁྲིམས་ལྟར་ལྟ་སྐུལ་དོ་དམ་རྒྱུན་འཁྱོངས་བྱ་དགོས། “སུས་ཞིབ་བཤེར་ཆོག་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་བྱེད་པ་དང་། སུས་གཙོ་སྐྱོང་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”རྩ་དོན་ལྟར། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དུ། ཞིབ་བཤེར་དོ་དམ་གྱི་འབྲེལ་མཐུད་ལ་ཤུགས་བསྣན་ནས། འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། རང་འགན་རང་འདོམས་དང་རང་འགན་རང་འཁུར། ཕན་ཚུན་མཉམ་འབྲེལ། མཉམ་འཛིན་མཉམ་སྡོམ་གྱི་མཐུན་སྦྱོར་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཟོས་ནས། དོན་དག་སྒྲུབ་མཁན་དང་འགན་འཁྲི་འཁུར་མཁན་ཡོད་པར་ཁག་ཐེག་བྱས་ཏེ། ཆད་མེད་འབྲེལ་མཐུད་ཡོང་བ་མངོན་འགྱུར་བྱ་དགོས། 

  (གསུམ)བྱ་བའི་དམིགས་འབེན། 2022ལོའི་ལོ་མཇུག་སྔོན་ལ། ས་ཁུལ་སོ་སོ་ནས་སྡེ་ཁག་གིས་མཉམ་སྒྲུབ་དང་སྤྱི་ཁོག་གིས་མཉམ་འགུལ་བྱེད་པའི་བྱ་བའི་རྐྱེན་སྲོལ་བཟོ་དགོས་པ་དང། ཁེ་ལས་དང་མི་སྒེར་གྱི་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་རྨང་གཞིའི་གསལ་ཐོའི་ཁྲོད་ཀྱི་ལས་འགན་ཡོངས་འགྲུབ་བྱ་དགོས་པར་མ་ཟད། ས་ཁུལ་སོ་སོས་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་རང་ས་ཁུལ་གྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་ཁྱབ་རྒྱ་བསྐྱེད་དགོས། 2025ལོའི་ལོ་མཇུག་སྔོན་ལ། ས་ཁུལ་སོ་སོའི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་གཏོང་བ་དང། ཞབས་ཕྱིའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དེ། ཁེ་ལས་དང་མི་སྒེར་གྱི་ཚེ་སྲོག་འཁོར་ཡུན་གྱི་དུས་རིམ་གལ་ཆེན་དང་འབྲེལ་བའི་སྲིད་དོན་ཞབས་ཕྱི་དོན་ཚན་དེ་ལས་མང་པོ“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”མངོན་འགྱུར་བྱ་དགོས་ལ། སྲིད་དོན་ཞབས་ཕྱི་འཕར་མ་བསྐྲུན་ནས། ཁེ་ལས་དང་མང་ཚོགས་ཀྱི་དོན་སྒྲུབ་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་བསྐང་དགོས། 

  གཉིས། གཙོ་གནད་ལས་འགན།

  (གཅིག)ཁེ་ལས་ཀྱི་ཚེ་སྲོག་འཁོར་ཡུན་དང་འབྲེལ་བའི་སྲིད་དོན་ཞབས་ཕྱིའི་དོན་ཚན་རྣམས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”སྐུལ་འདེད་གཏང་དགོས། ཁེ་ལས་གཉེར་མགོ་བརྩམས་པ་ནས་ཐོ་ཁོངས་བསུབས་པའི་བར་གྱི་ཚེ་སྲོག་འཁོར་ཡུན་གྱི་དུས་རིམ་གལ་ཆེན་དག་ལ་དམིགས་ནས། དུས་རིམ་གཅིག་པའི་ནང་སྲིད་གཞུང་སྡེ་ཁག་དང་སྤྱི་པའི་ཁེ་ལས་དང་དོན་ལས་སྡེ་ཚན། ཞབས་ཕྱིའི་ལས་ཁུངས་བཅས་སུ་སོང་ནས་བསྒྲུབ་དགོས་པའི་སྲིད་དོན་ཞབས་ཕྱིའི་དོན་ཚན་སྣ་རྐྱང་ཅན་མང་པོ་གསེད་ནས་འདུས་གྲུབ་ཡོང་བར་བྱས་ཏེ། ཁེ་ལས་ལ་ཁེ་ལས་སྤེལ་གཉེར་དང་ལས་གྲྭ་འཛུགས་སྐྲུན། ཐོན་སྐྱེད་བདག་གཉེར། ཁེ་ལས་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས། ལས་མི་སྡུད་བཀོལ། གཏན་འཇགས་རྒྱུ་ནོར་ཐོ་འགོད། ཁེ་ལས་ཐོ་སུབ་སོགས་འདུས་གྲུབ་ཅན་གྱི་སྒོ་ནས་སྒྲུབ་པའི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། དོན་དག་སྒྲུབ་པའི་ཕན་ཕྱོད་ཇེ་མཐོ་དང་མ་རྩ་ཇེ་དམའ་རུ་གཏང་དགོས། 

  (གཉིས)མི་སྒེར་གྱི་ཚེ་སྲོག་འཁོར་ཡུན་དང་འབྲེལ་བའི་སྲིད་དོན་ཞབས་ཕྱིའི་དོན་ཚན་རྣམས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”སྐུལ་འདེད་གཏང་དགོས། མི་སྒེར་སྐྱེས་པ་ནས་ཤི་བའི་བར་གྱི་ཚེ་སྲོག་འཁོར་ཡུན་གྱི་དུས་རིམ་གལ་ཆེན་དག་ལ་དམིགས་ནས། དུས་རིམ་གཅིག་པའི་ནང་དུ་བསྒྲུབ་དགོས་པའི་སྲིད་དོན་ཞབས་ཕྱིའི་དོན་ཚན་སྣ་རྐྱང་ཅན་མང་པོ་གསེད་ནས་འདུས་གྲུབ་ཡོང་བར་བྱས་ཏེ། མང་ཚོགས་ལ་ཕྲུ་གུ་བཙའ་བ་དང་། བྱིས་སྐྱོང་ཁང་དང་སློབ་གྲྭར་ཞུགས་པ། སློབ་གྲྭ་ཆེ་འབྲིང་གི་སློབ་མ་མཐར་ཕྱིན་པ། ལས་ཞུགས། སྨན་བཅོས། གཉེན་སྒྲིག་བུ་སྐྱེས། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དང་དཀའ་ཁག་ཅན་ལ་རོགས་རམ། དམག་མི་ཟུར་ཐོན། ལག་བརྒྱུད་ཁང་པ་ཉོ་ཚོང་དང་ཆུ་གློག་རླངས་གསུམ་གྱི་མཉམ་འགུལ་ཐོ་སྤོ། ལས་འཁྱུར་ངལ་གསོ། ཤི་རྗེས་སོགས་འདུས་གྲུབ་ཅན་གྱི་སྒོ་ནས་སྒྲུབ་པའི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱིས་དོན་དག་སྒྲུབ་པར་ཏན་ཏིག་གིས་སྟབས་བདེ་བསྐྲུན་ནས། ཕར་རྒྱུག་ཚུར་རྒྱུག་བྱེད་ཐེངས་ཇེ་ཉུང་དུ་གཏང་དགོས། 

  གསུམ། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”ཞབས་ཕྱིའི་རྣམ་པ་ལེགས་སྒྱུར་བྱ་དགོས། 

  (གཅིག)བརྒྱུད་རིམ་ཚན་རིག་དང་མཐུན་པར་འཆར་འགོད་བྱ་དགོས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”འབྲེལ་བའི་སྲིད་དོན་ཞབས་ཕྱིའི་དོན་ཚན་མང་པོའི་སྒྲིག་འགོད་གཞི་འཛིན་ས་དང་བདག་སྤྲོད་ཆ་རྐྱེན། རེ་ཞུའི་རྒྱུ་ཆ། སྒྲུབ་ཚར་དུས་ཡུན། རིན་བསྡུ་ཚད་གཞི། སྒྲུབ་གཉེར་འབྲས་བུ་སོགས་རྒྱུ་རྐྱེན་གཙོ་བོ་དག་གསེད་སྒྲིག་བྱས་ཏེ། སྔོན་རྗེས་ཀྱི་གོ་རིམ་འོས་འཚམ་ངང་སྙོམ་སྒྲིག་བྱེད་པ་དང་། སྒྲུབ་གཉེར་གྱི་རྒྱུ་རྐྱེན་གཙོ་བོ་དང་ལས་སྒོའི་བརྒྱུད་རིམ་ལེགས་སྒྱུར་བཏང་ནས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པར་བྱ་བའི་སྒྲིག་སྲོལ་ཚད་ལྡན་ཅན་དང་དོན་དག་སྒྲུབ་པའི་ཕྱོགས་སྟོན་གྲུབ་པར་བྱས་ཏེ། དྲ་ཐོག་དང་དྲ་མིན་གྱི་ཞབས་ཕྱི་བརྒྱུད་ལམ་ཁུངས་གཅིག་ནས་ཁྱབ་བསྒྲགས་དང་དུས་མཉམ་དུ་གསར་སྒྱུར་གཏང་དགོས། 

  (གཉིས)རེ་ཞུ་འབུལ་སྟངས་སྟབས་བདེར་གཏང་དགོས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”འབྲེལ་བའི་སྲིད་དོན་ཞབས་ཕྱིའི་དོན་ཚན་མང་པོའི་རེ་ཞུའི་རྒྱུ་ཆ་དང་རེའུ་མིག་གཅིག་བསྡུས་དང་གཞི་གྲངས་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སླ་བསྡུས་དང་ལེགས་སྒྱུར་གཏང་དགོས་ལ། མཉམ་སྤྱོད་གཞི་གྲངས་ཀྱི་རང་འགུལ་འཐེན་སྤྱོད་དང་ཁྱད་ལྡན་ཆ་འཕྲིན་རང་འགུལ་སྐོང་འབྲི། རེ་ཞུའི་རེའུ་མིག་རང་འགུལ་གྲུབ་པ་བཅས་ཁྱབ་བརྡལ་བཏང་ནས། “རེའུ་མིག་མང་པོ་གཅིག་བསྡུ་དང་རེའུ་མིག་གཅིག་ལས་རེ་ཞུ”དང“རྒྱུ་ཆ་ཆ་གཅིག་དང་ཐེངས་གཅིག་གིས་སྤྲོད་པ”མངོན་འགྱུར་བྱ་དགོས།  བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན་མཉམ་གཤིབ་ཀྱིས་བསྒྲུབ་དགོས་པའི་དོན་ཚན་མ་གཏོགས། ཁེ་ལས་དང་མང་ཚོགས་ཀྱིས་དངོས་ཡོད་ཀྱི་དགོས་མཁོ་གཞིར་བཟུང་ནས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”འབྲེལ་བའི་དོན་ཚན་ཡོངས་སམ་ཁག་ཅིག་རང་བདག་གིས་གདམ་ཆོག

  (གསུམ)བདག་སྤྲོད་བྱེད་སྟངས་གཅིག་གྱུར་བྱ་དགོས། ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་ཡུལ་དངོས་དགོས་མཁོ་ལ་གཞིགས་ནས། དྲ་མིན་གྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”ཕྱོགས་བསྡུས་བདག་སྤྲོད་སྒེའུ་ཁུང་ཚན་རིག་དང་མཐུན་པར་སྒྲིག་འཛུགས་བྱེད་པ་དང་། སྒེའུ་ཁུང་གཅིག་ནས་ཕྱོགས་བསྡུས་བསྡུ་ལེན་བྱས་ཏེ། “སྒེའུ་ཁུང་གཅིག་ཏུ་བདག་སྤྲོད”མངོན་འགྱུར་བྱ་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་སུ“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”ཆེད་དོན་སྒྲིག་འཛུགས་བྱས་ཏེ། གཅིག་གྱུར་འཛུལ་སྒོ་བརྒྱུད་ནས“སྣེ་གཅིག་ཏུ་བདག་སྤྲོད”མངོན་འགྱུར་བྱ་དགོས།

  (བཞི)མཉམ་གཉེར་རྐྱེན་སྲོལ་གཟུག་དགོས། སྡེ་ཁག་གི་ལས་ཁུར་ཁ་གསལ་བཟོ་བ་དང། སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་བསྣན་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ལ་གཞི་བཅོལ་ནས། བདག་སྤྲོད་ཆ་འཕྲིན་དང་འབྲེལ་ཡོད་སྡེ་ཁག་གི་ལས་གཉེར་ཆ་འཕྲིན་དུས་མཉམ་དུ་བསྡུ་ལེན་བྱེད་པ་དང་། མཉམ་འགུལ་ངང་ཞིབ་བཤེར་ཆོག་མཆན་འགོད་པ་དང་། མཉམ་འབྲེལ་དཔྱད་བཤེར་དང་མཉམ་འབྲེལ་ལྟ་ཞིབ། མཉམ་འབྲེལ་རྩིས་ལེན་སོགས་ཁྱབ་བརྡལ་བཏང་ནས། དྲ་ཐོག་དང་དྲ་མིན་གྱི་ཞིབ་བཤེར་ཆོག་མཆན་འགོད་པ་མཉམ་སྒྲུབ་བྱེད་པར་ཤུགས་བསྣན་དགོས། 

  (ལྔ)དཔང་ཡིག་སྤྲོད་ཕྱོད་ཇེ་མཐོར་གཏང་དགོས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”དང་འབྲེལ་བའི་དཔང་ཡིག་སྤྲོད་པའི་མཚམས་ཚིགས་ལེགས་སྒྱུར་དང་ཟླ་སྒྲིལ་བྱས་ཏེ། ཞིབ་བསྡུས་ལེགས་གཉེར་ཅན་དང་ཕན་ནུས་མཐོན་པོ་ཅན་གྱི་རྩ་དོན་ལྟར། སྒེའུ་ཁུང་ནས་སྤྲོད་པ་དང་ཟོང་འགྲུལ་མྱུར་སྐྱེལ་གྱིས་སྐྱེལ་བ་སོགས་སྟབས་གང་བདེ་ཡིས་རྣམ་པ་སྤྱད་ནས། སྒྲུབ་གཉེར་བྱས་འབྲས་དང་དཔང་རྟགས་ངོ་མ་དུས་ཐོག་ཏུ་རེ་ཞུ་བྱེད་མཁན་གྱི་ལག་ཏུ་འབྱོར་ཐབས་བྱ་དགོས། ཆ་འཕྲིན་ཅན་གྱི་རྣམ་པའི་སྟེང་ནས་སྒྲུབ་གཉེར་བྱས་འབྲས་དང་གློག་རྡུལ་དཔང་རྟགས་བསྐུར་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་དོན་ཞབས་ཕྱིའི་ལས་སྟེགས་ལ་གཞི་བཅོལ་ནས“སྣེ་གཅིག་ཏུ་དཔང་ཡིག་སྟེར་བ”མངོན་འགྱུར་བྱ་དགོས། 

  (དྲུག)ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པ”སྡེ་ཁག་བརྒལ་བ་དང་ལས་རིགས་བརྒལ་བའི་ཁྱད་ཆོས་ལ་ཁ་གཏད་ནས། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཟོ་བ་དང་། མཚམས་ཚིགས་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་ལས་ཁུར་གསལ་ཐག་ཆོད་པ་བྱེད་ཅིང་།  ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་དང་ཚད་གཞི་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་བྱེད་ཐབས་དོན་འཁྱོལ་བྱ་དགོས་ལ། དོན་གྱི་མགོ་མཇུག་བར་གསུམ་གྱི་སྦྲེལ་ཐག་ཡོངས་སུ་ལྟ་སྐུལ་དོ་དམ་བྱེད་པ་ལག་བསྟར་བྱ་དགོས། ལྟོས་བཅས་སུ་གཅིག་འདུས་ཡིན་པའི་སྲིད་འཛིན་ཆོག་འཐུས་དབང་ཆའི་བཅོས་སྒྱུར་ལག་བསྟར་བྱེད་པའི་ས་ཁུལ་དུ། སྲིད་དོན་ཞབས་ཕྱིའི་ཞིབ་བཤེར་ཆོག་མཆན་སྡེ་ཁག་དང་ལས་རིགས་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་ལས་འགན་དང་དབང་མཚམས་གསལ་ཐག་གཅད་དགོས་ཤིང། ཞིབ་བཤེར་དོ་དམ་མཉམ་སྒྲུབ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་ཁྲིམས་སྲོལ་སྒྲིག་སྲོལ་ལྟར་སྒྲུབ་པར་སྐུལ་འདེད་བཏང་སྟེ། འདུས་གྲུབ་ཅན་གྱི་སྒོ་ནས་སྒྲུབ་པའི་ཞབས་ཕྱི་མཐོར་འདེགས་གཏོང་བར་སྐུལ་སྤེལ་གཏང་དགོས། 

  བཞི། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”འདེགས་སྐྱོར་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས།

  (གཅིག)དྲ་མིན་ཕྱོགས་བསྡུས་བདག་སྤྲོད་སྒེའུ་ཁུང་དང་དྲ་ཐོག་བདག་སྤྲོད་ཆེད་ཚན་སྒྲིག་འཛུགས་བྱེད་པར་སྐུལ་འདེད་གཏང་དགོས། རྫོང་རིམ་པ་ཡན་གྱི་སྲིད་དོན་ཞབས་ཕྱི་ལྟེ་གནས་དང་ཤང་གྲོང(སྲང་ལམ)དམངས་བདེ་ཞབས་ཕྱི་ལྟེ་གནས་ཀྱིས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་རྣམས་ཕྱོགས་བསྡུས་བདག་སྤྲོད་སྒེའུ་ཁུང་གི་སྒྲུབ་གཉེར་བྱེད་ཁོངས་སུ་བསྡུ་བ་དང་། “མདུན་སྟེགས་ནས་ཕྱོགས་བསྡུས་བདག་སྤྲོད་དང་རྒྱབ་སྟེགས་ནས་རིགས་དབྱེ་ཞིབ་མཆན་འགོད་པ”ཁྱོན་ཡོངས་ནས་ཁྱབ་བརྡལ་གཏང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་རྣམས་སྡེ་བའི(སྡེ་ཁུལ)དམངས་བདེ་ཞབས་ཕྱི་ས་ཚིགས་སུ་སྲིང་ཆོག ས་ཁུལ་སོ་སོས་རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཕྱི་ལས་སྟེགས་ཀྱི་གཅིག་གྱུར་དོན་ཚན་དོ་དམ་དང་ཐོབ་ཐང་བདེན་སྤྲོད། གཞི་གྲངས་མཉམ་སྤྱོད་སོགས་སྤྱི་པའི་འདེགས་སྐྱོར་ནུས་ཤུགས་ཧུར་ཐག་གིས་བེད་སྤྱད་དེ། རང་ས་ཁུལ་གྱི་སྲིད་དོན་ཞབས་ཕྱི་ལས་སྟེགས་ཀྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་གཉེར་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས་ལ། སྲིད་དོན་ཞབས་ཕྱི་ལས་སྟེགས་སུ་ཆེད་ཚན་སྒྲིག་འཛུགས་བྱ་དགོས་པར་མ་ཟད། སྲིད་དོན་ཞབས་ཕྱིའི་སྤོ་འགུལ་སྤྱོད་སྣེ(APPདང་སྒྲིག་རིམ་ཆུང་བ་འདུ)དང་ཕྱོགས་བསྡུས་ཅན་གྱི་རང་འདེགས་ཞབས་ཕྱི་འདོན་སྣེ་སོགས་སུ་རྒྱ་བསྐྱེད་དེ། ཁེ་ལས་དང་མང་ཚོགས་ཀྱིས་དྲ་ཐོག་ནས་ལས་ཞུ་དང་རང་འདེགས་ཀྱིས་ལས་ཞུ་བྱེད་པར་སྟབས་བདེ་བཟོ་དགོས། 

  (གཉིས)“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་འབྲེལ་ཡོད་ལས་སྒོ་མ་ལག་མཉམ་འབྲེལ་མཉམ་གཏོང་བྱེད་པར་སྐུལ་འདེད་གཏང་དགོས། ས་ཁུལ་སོ་སོས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་འབྲེལ་ཡོད་ལས་སྒོའི་མ་ལག་ཟླ་སྒྲིལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འབྲེལ་ཡོད་ཀྱི་སྒེར་ཚུགས་སྒྲུབ་གཉེར་མ་ལག་དང་རང་ས་ཁུལ་གྱི་སྲིད་དོན་ཞབས་ཕྱི་ལས་སྟེགས་མཉམ་འབྲེལ་མཉམ་གཏོང་དང་ལས་སྒོ་མཉམ་སྒྲུབ་བྱེད་པར་སྐུལ་འདེད་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱི་ལས་སྟེགས་ནི་གཞི་གྲངས་མཉམ་སྤྱོད་ཀྱི་སྤྱིའི་འགག་རྩར་བཟུང་ནས། རང་སྡེ་ཁག་དང་འབྲེལ་བའི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་ཐད་སྐྱོང་དོ་དམ་ལས་སྒོའི་ཆ་འཕྲིན་མ་ལག་དང་ས་གནས་སྲིད་དོན་ཞབས་ཕྱི་ལས་སྟེགས་འབྲེལ་མཐུད་གཏིང་ཟབ་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ས་ཁུལ་སོ་སོའི་དགོས་མཁོ་ཕན་ནུས་ལྡན་པའི་སྒོ་ནས་བསྐང་དགོས་ལ། “ཐོ་འགོད་གཅིག་གིས་དྲ་ཡོངས་སུ་སྒྲུབ་པ”མངོན་འགྱུར་བྱ་དགོས། 

  (གསུམ)“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་གཞི་གྲངས་དེ་དགོས་མཁོ་ལྟར་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། ས་ཁུལ་སོ་སོས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་ལས་སྒོའི་བརྒྱུད་རིམ་ལྟར། གཞི་གྲངས་མཉམ་སྤྱོད་དགོས་མཁོ་དང་གློག་རྡུལ་དཔང་རྟགས་སྤྱི་ཚོགས་ཅན་གྱི་བཀོལ་སྤྱོད་ཀྱི་གནས་ཡུལ་གསལ་ཐོ་གསེད་ནས། སྲིད་དོན་གཞི་གྲངས་མཉམ་སྤྱོད་མཐུན་སྦྱོར་གྱི་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་བྱ་དགོས་ལ། གཞི་གྲངས་མཉམ་སྤྱོད་ཀྱི་འདོན་སྤྲོད་འབྲེལ་མཐུད་དང་ཚད་ལྡན་བེད་སྤྱོད། འགལ་རྩོད་ཐག་གཅོད། བདེ་འཇགས་དོ་དམ། ལག་རྩལ་འདེགས་སྐྱོར་སོགས་ཀྱི་ལམ་ལུགས་བརྒྱུད་རིམ་གསལ་ཐག་བཅད་ནས། སྡེ་ཁག་བརྒལ་བ་དང་རིམ་པ་བརྒལ་བའི་གཞི་གྲངས་ཁྲིམས་སྲོལ་སྒྲིག་སྲོལ་ལྟར་གོ་རིམ་ཡོད་པའི་སྒོ་ནས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་སྡེ་ཁག་བར་དང་སྡེ་ཁག་དང་ས་ཁུལ་བར་གྱི་སྲིད་དོན་གཞི་གྲངས་ཕན་ཚུན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། མཉམ་སྤྱོད་གཞི་གྲངས་ཀྱི་སྤུས་ཚད་དང་སྤྱོད་ཆོག་རང་བཞིན། དུས་ཡུན་རང་བཞིན་བཅས་མུ་མཐུད་དུ་ཇེ་མཐོར་གཏང་དགོས། 

  (བཞི)“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”ཚད་གཞི་ཚད་ལྡན་འཐུས་ཚང་དུ་གཟུག་དགོས། སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”རྒྱལ་ཁབ་ཚད་གཞི་གཏན་འབེབས་བྱས་ཏེ། དོན་ཚན་གྱི་མིང་དང་སྒྲིག་ཨང་སྒྲིག་སྲོལ། དོན་ཚན་དོ་དམ། དོན་སྒྲུབ་བརྒྱུད་རིམ། ཞབས་ཕྱི་ཚད་ལྡན། ཞབས་ཕྱིའི་སྤུས་ཚད། ལྟ་སྐུལ་དཔྱད་འཇོག་སོགས་ཀྱི་ཐད་དུ་དམིགས་ནས། ཚད་གཞི་མ་ལག་འཐུས་ཚང་དུ་འཛུགས་པ་དང་། དཔྱད་འཇོག་དམིགས་ཚད་ཞིབ་ཚགས་སུ་བཟོ་བ། དཔྱད་འཇོག་ཐབས་བཀོད་འཐུས་ཚང་དུ་གཏང་དགོས། 

  ལྔ། འགན་སྲུང་བྱེད་ཐབས། 

  (གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཏང་གིས་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་རྒྱལ་ཡོངས་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྐུལ་འདེད་བྱས་པའི་གནས་ཚུལ་ལ་རྗེས་འདེད་ལྟ་སྐུལ་སྐུལ་སྤེལ་དང་ལས་སྒོའི་མཛུབ་སྟོན་ལ་འགན་འཁུར་དགོས་པ་དང་། ཁེ་ལས་དང་མི་སྒེར་གྱི་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་རྨང་གཞིའི་གསལ་ཐོར་རྩ་འཛུགས་སྒོས་སྒྲིག་བཟོ་བྱ་དགོས་པར་མ་ཟད་ཁྱབ་བསྒྲགས་ཀྱང་བྱ་དགོས་ལ། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་མིང་དང་འབྲེལ་བའི་དོན་ཚན། འགན་འཁྲི་སྡེ་ཚན་བཅས་གསལ་ཐག་གཅད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སོ་སོའི་མི་དམངས་སྲིད་གཞུང་གིས་རང་ས་ཁུལ་གྱི་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས་ལ། དུས་ཚོད་ཀྱི་དབྱེ་མཚམས་དང་སྡེ་ཁག་གི་ལས་བགོས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སོགས་གསལ་ཐག་གཅད་དགོས་པར་མ་ཟད། ཡུལ་བབ་དང་མཐུན་པར་རང་ས་ཁུལ་གྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་གཙོ་སྐྱོང་ལས་རིགས་ཁྱབ་ཁོངས་ཀྱི་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས་པར་མ་ཟད། དགོས་ངེས་ཀྱི་སྲིད་ཇུས་དང་ལས་སྒོ། མ་ལག གཞི་གྲངས་སོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས། 

  (གཉིས)མཉམ་ལས་རོགས་འདེགས་ལ་ཤུགས་བསྣན་དགོས། ས་ཁུལ་སོ་སོས་སྡེ་ཁག་བརྒལ་ནས་མཉམ་ལས་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། དངོས་ཡོད་དང་ཟུང་འབྲེལ་སྒོས“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་གྱི་ལྟེ་བའི་མཚམས་ཚིགས་སམ་མཚམས་ཚིགས་དང་པོའི་སྒྲུབ་གཉེར་སྡེ་ཚན་ནི་སྣེ་འཁྲིད་སྡེ་ཚན་ཡིན་པ་གསལ་ཐག་གཅད་དགོས། སྣེ་འཁྲིད་སྡེ་ཚན་གྱིས་རོགས་འདེགས་སྡེ་ཚན་དང་མཉམ་དུ“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་སྒྲུབ་པའི་ཚད་གཞི་ཅན་གྱི་བྱ་བའི་སྒྲིག་རིམ་དང་དོན་སྒྲུབ་ཕྱོགས་སྟོན་སྒྲིག་བཟོ་བྱས་ཏེ། བརྒྱུད་རིམ་ལེགས་སྒྱུར་དང་མ་ལག་འབྲེལ་མཐུད། ཆ་འཕྲིན་མཉམ་སྤྱོད། གློག་རྡུལ་དཔང་རྟགས་བཀོལ་སྤྱོད། ལས་སྒོའི་གསོ་སྦྱོང་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རོགས་འདེགས་སྡེ་ཚན་གྱིས་སྣེ་འཁྲིད་སྡེ་ཚན་དང་མཉམ་སྒྲུབ་དམ་ཟབ་བྱས་ཏེ། རང་འགུལ་སྒོས་དུས་བཅད་ལྟར་འབྲེལ་ཡོད་བྱ་བ་ཡོངས་འགྲུབ་བྱ་དགོས། 

  (གསུམ)དཔྱད་འཇོག་ལྟ་སྐུལ་ལ་ཤུགས་བསྣན་དགོས། ས་ཁུལ་སོ་སོས་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”བཟང་ངན་དཔྱད་འཇོག་བྱ་བར་སྐུལ་འདེད་བཏང་ནས། ཁེ་ལས་དང་མང་ཚོགས་ཀྱིས་སྲིད་དོན་ཞབས་ཕྱིའི་ཕྱོད་འབྲས་ལ་ཤན་འབྱེད་བྱེད་དུ་འཇུག་དགོས། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”དོན་ཚན་བསྒྲུབས་པའི་གནས་ཚུལ་ལ་རྗེས་འདེད་དཔྱད་དཔོག་བྱེད་པར་ཤུགས་བསྣན་ནས། བྱ་བར་དུས་ཐོག་ཏུ་སྐུལ་འདེད་མ་བཏང་བ་དང་། བྱ་བ་དོན་ཐོག་ཏུ་འཁྱོལ་བ་མི་ལེགས་པ། ཁེ་ལས་དང་མང་ཚོགས་ཀྱིས་གནད་དོན་ཕྱིར་ལྡོག་འབུར་དུ་ཐོན་པ་བཅས་ལ། བརྡ་བསྒྲགས་སྐྱོན་བརྗོད་བྱ་དགོས་པར་མ་ཟད་དུས་བཀག་ལྟར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དུ་འཇུག་དགོས། 

  (བཞི)དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྲིད་གཞུང་དྲ་ཚིགས་དང་སྲིད་དོན་སྨྱན་བྱད་གསར་པ། སྲིད་དོན་ཞབས་ཕྱིའི་ལས་སྟེགས་སོགས་བརྒྱུད་ནས་སྲིད་དོན་ཞབས་ཕྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པའི”འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པའི་དུས་མཉམ་དུ། སྲིད་ཇུས་འགྲེལ་བརྗོད་ཀྱང་ལེགས་པོར་བསྒྲུབས་ནས། སྤྱི་ཚོགས་ཀྱི་ཤེས་རྟོགས་ཚད་བསྟུད་མར་ཇེ་མཐོར་བཏང་སྟེ། “དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”སྐུལ་སྤེལ་བྱེད་པར་ཕན་པའི་སྣང་ཚུལ་ལེགས་པོ་ཞིག་ཧུར་ཐག་གིས་བསྐྲུན་དགོས། །

  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན། 

  2022ལོའི་ཟླ9བའི་ཚེས26ཉིན།

  ◎འབྲུག་བྱམས་རྒྱལ་གྱིས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུས། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི“དོན་གཅིག་ཐེངས་གཅིག་གིས་སྒྲུབ་པར”མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་སྲིད་དོན་ ཞབས་ཕྱི་འཕར་མ་སྐྲུན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

ཡོང་ཁུངས། 2023ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས་དང་པོ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།