༄༅། །ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-02-01 11:58:00
གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ལ།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར》ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་སྟེ་ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས།
2022ལོའི་ཟླ9བའི་ཚེས5ཉིན།
༄༅། །མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར།
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི《སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》(ཀྲུང་གཞུང་སྤེལ〔2021〕ཨང50བ)གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང། སྐྱེ་ཁམས་སྲུང་སྐྱོང་གི་འགན་དབང་ཁ་གསལ་བཟོ་ཞིང། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ད་ལྟ་གཤམ་གསལ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།
གཅིག སྤྱིའི་བླང་བྱ།
(གཅིག) མཛུབ་སྟོན་བསམ་བློ།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་ཟབ་མོ་བྱེད་པ་དང། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཐོག ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། རི་སྔོ་ཆུ་དྭངས་ནི་གསར་རི་དངུལ་རི་ཡིན་པའི་འདུ་ཤེས་ཧུར་ཐག་སྒོས་ལག་ལེན་དུ་བསྟར་བ་དང། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང“དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་འཛུགས་པ་དང། “རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་དང། སྲིད་ཇུས་ཐད་ནས་ཤུགས་འདོན་པ། སྲིད་གཞུང་གིས་གཙོ་ཁྲིད། ཕྱོགས་སོ་སོ་ཐེ་ཞུགས། དབང་འགན་ཁ་གསལ། ཚོད་འཛིན་ནན་མོ”བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཕན་ཡོད་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྲིད་གཞུང་སྔར་ལས་ཟུང་འབྲེལ་ལེགས་པོ་དང། རིགས་དབྱེ་ནས་སྐྱིན་གསབ་སྟེར་བ་དང་ཕྱོགས་བསྡུས་སྒོས་སྐྱིན་གསབ་སྟེར་བ་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། གཞུང་ཕྱོགས་སུ་སྐྱིན་གསབ་སྟེར་བ་དང་འཕྲེད་ཕྱོགས་སུ་སྐྱིན་གསབ་སྟེར་བ་གཉིས་ལ་མཐུན་སྦྱོར་ངང་སྐུལ་འདེད། སྐུལ་སློང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཚོད་འཛིན་ནན་མོ་བྱེད་པ་གཉིས་ལ་མཉམ་སྡེབ་ཀྱིས་ཤུགས་འདོན་པའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏང་དགོས། སྤྱི་ཚོགས་ཡོངས་སུ་རང་བྱུང་ལ་བརྩི་འཇོག་དང། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་བསམ་བློའི་ངོས་ཟིན་གཅིག་མཐུན་ཆགས་པ་དང་བྱ་སྤྱོད་རང་རྟོགས་ཐུབ་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་པ་དང། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་པར་སྲ་བརྟན་ནུས་ལྡན་གྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱ་དགོས།
(གཉིས)བཅོས་སྒྱུར་དམིགས་འབེན།
2025ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱ་དང་མཐུན་པ་དང། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་མ་གནས་གཞི་འཛིན་ས་གཙོ་བོར་བྱེད་པའི་རིགས་དབྱེ་ནས་སྐྱིན་གསབ་སྟེར་བའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་རྐྱེན་སྲོལ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཐོག སྐྱིན་གསབ་སྟེར་ཐབས་དེ་བས་ཚན་རིག་དང་ལུགས་གཉིས་ཀར་མཐུན་ཞིང་ནུས་ལྡན་ཡོང་བར་བྱ་དགོས། སྤྱི་པའི་ཞབས་ཕྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་གཞི་རྩའི་ཁ་ཕྱོགས་སུ་བྱེད་པའི་ཕྱོགས་བསྡུས་སྒོས་སྐྱིན་གསབ་སྟེར་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་ཞིང། ཞིང་ཆེན་གྱི་ས་ཁོངས་ནང་གི་སྐྱེ་ཁམས་སྔོན་ལ་འཇོག་པའི་གཞུང་ཕྱོགས་སུ་སྤོ་སྒྱུར་གཏོང་སྤྲོད་མ་ལག་ནུས་ལྡན་གྱིས་འཛུགས་པ་དང། གཙོ་གནད་འབབ་རྒྱུད་ཀྱི་རྫོང་བར་ལ་འཕྲེད་ཕྱོགས་སུ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་འགག་སྒྲོལ་བ་དང། ཕྱོགས་བསྡུས་སྒོས་སྐྱིན་གསབ་སྟེར་བའི་ཚོད་ལྟ་བྱེད་གནས་ལ་ཕན་འབྲས་ཐོབ་པར་བྱ་དགོས། ཁེ་བཟང་རེག་མཁན་གྱིས་གྲོན་དངུལ་སྤྲོད་པའི་རྩ་དོན་རྨང་གཞིར་བྱས་པའི་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱིན་གསབ་སྟེར་བའི་རྣམ་པ་རགས་ཙམ་ཆགས་པར་བྱས་ནས། སྐྱིན་གསབ་མ་དངུལ་གྱི་སྤྱི་ཚོགས་ཅན་གྱི་མ་དངུལ་བསྡུ་རྒྱུག་ཐབས་ལམ་མངོན་གསལ་དོད་པོས་རྒྱ་ཆེར་གཏོང་བ་དང། སྐྱེ་ཁམས་སྐྱིན་གསབ་སྟེར་བར་དཔྱད་ཞིབ་བྱ་དགའ་སྟེར་བའམ་ཆད་པ་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང། སྤྱི་ཚོགས་ཡོངས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་བརྩོན་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང། སྐྱེ་ཁམས་སྲུང་སྐྱོང་མཁན་དང་ཁེ་བཟང་རེག་མཁན་གཉིས་མཉམ་འགུལ་བཟང་བོ་བྱེད་པའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས། 2035ལོར་སླེབས་སྐབས། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བླང་བྱ་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་གཞི་རྩའི་ཆ་ནས་གཏན་འཁེལ་བྱ་དགོས། གཉིས། རིགས་དབྱེ་ནས་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུང་ཚང་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གལ་ཆེན་ལ་སྲུང་སྐྱོང་ཟབ་མོ་བྱ་དགོས།
(གསུམ) ཆུ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུ་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུ་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་ཧུར་ཐག་གིས་ཞུགས་ཏེ། རྒྱལ་ཁབ་ཀྱིས་རྨ་འབྲིའི་མགོ་ཁུངས་དང་ཆུ་ཁུངས་གཙོ་བོའི་གཞུང་ཕྱོགས་ཀྱི་ཆུ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བར་བརྩོན་ལེན་བྱ་དགོས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང། འབྲི་ཆུ་དང་རྨ་ཆུའི་ནང་མཐོང་དཀོན་པའི་ཉ་རིགས་རྩ་ཆེན་ལ་སྲུང་སྐྱོབ་བྱས་ཐོག མཚོ་སྔོན་པོའི་ཉ་རྒྱ་བསྡམས་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། གཙོ་གནད་ཆུ་ཁོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཀྱི་རྒྱུད་སྤེལ་བ་ཆུ་ནང་དུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ལེགས་སྒྱུར་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་དུ་ཆུ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་འཚོལ་ཞིབ་བྱས་ནས་ལག་བསྟར་བྱ་དགོས། 【ཞིང་ཆེན་ཆུ་བེད་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་མི་དམངས་སྲིད་གཞུང་ནི་ལས་འགན་ཡོད་ཚད་ལག་བསྟར་བྱེད་མཁན་ཡིན་པས་རེ་རེ་བཞིན་མི་འགོད】
(བཞི)རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་ཀྱི་རེས་སྐོར་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་རོགས་དངུལ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བེད་སྤྱོད་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པར་ཕྱུགས་འགོག་ཁུལ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་དབྱེ་ནས། ཕྱུགས་འཚོ་བ་འགོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་འཚོ་རེས་བྱེད་པ། རྩྭ་ཕྱུགས་དོ་སྙོམས་པ་སོགས་རྩྭ་ཐང་བདག་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན་དགོས། རྒྱལ་ཁབ་ཀྱིས་རྩྭ་ཐང་འགན་གཙང་ལེན་གྱི་དབང་ཆ་ཁ་གསལ་བཟོས་ཡོད་པའི་ཉམས་ཞན་དང་བྱེ་ཐང་དུ་གྱུར་བའི་རྩྭ་ཐང་དང། མཚེའུ་རྒྱས་ནས་ཆུས་བསྣུབས་པའི་རྩྭ་ས་ཕྱུགས་འགོག་པའི་ཁྱབ་ཁོངས་སུ་འཇུག་པ་དང། རྩྭ་ཐང་གི་འགན་གཙང་ལེན་གྱི་དབང་ཆ་ཁ་གསལ་བཟོས་ཡོད་ཀྱང་རེས་སྐོར་གཉིས་པའི་སྐྱིན་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་ཚུད་མེད་པའི་རྩྭ་ཐང་ཡིན་ཕྱིན་དམིགས་བསལ་གྱིས་སྔོན་ལ་སྐྱིན་གསབ་སྟེར་བར་བརྩོན་ལེན་བྱ་དགོས། “ཕྱུགས་འཚོ་བ་བཀག་ཀྱང་གསོ་བ་མི་འགོག་པ་དང། ཕྱུགས་ཀྱི་ཁ་གྲངས་ཇེ་ཉུང་ཏུ་བཏང་ཡང་ཐོན་ཚད་ཇེ་ཉུང་དུ་མི་གཏོང་བའི”དམིགས་འབེན་ལ་དམིགས་ཏེ་རོང་འབྲོག་པར་ཕྱུགས་ཟོག་འཚོ་ཚད་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་རྩྭ་ཐང་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་འགྲོ་བ་དང་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།(ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(ལྔ) བྱེ་གྱུར་ས་ཞིང་གི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་གཟུག་དགོས། རྒྱལ་ཁབ་ཀྱི་བྱེ་གྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་དོ་དམ་བྱེད་པའི་སྲིད་ཇུས་དང་ཞིབ་བསྡུར་བྱས་ཏེ། བྱེ་གྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་གི་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང། གནས་སྐབས་སུ་བཅོས་སྐྱོང་གི་ཆ་རྐྱེན་མི་འཛོམས་པ་དང་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་དབང་གིས་གསར་སྤེལ་བེད་སྤྱོད་བྱེད་མི་འོས་པའི་ཡུག་སྦྲེལ་བྱེ་གྱུར་ས་ཞིང་ལ་བཀག་སྡོམ་སྲུང་སྐྱོང་ཁུལ་དབྱེ་བ་དང། བཀག་སྡོམ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་བྱེད་ཐབས་སྤྱད་དེ་བཀག་སྡོམ་སྲུང་སྐྱོང་བྱ་དགོས། རྒྱལ་ཁབ་རིམ་པའི་བཀག་སྡོམ་སྲུང་སྐྱོང་ཁུལ་འཛུགས་པ་དང། རྒྱལ་ཁབ་ཀྱི་བྱེ་གྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ཚོད་ལྟ་བྱེད་གནས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྐྱིན་གསབ་དོན་འཁྱོལ་བྱས་ནས་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏང་དགོས།(ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས)
(དྲུག)རླན་སའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མ་དངུལ་ཚན་རིག་དང་མཐུན་པར་བེད་སྤྱོད་བྱས་ནས། རླན་སའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང། རླན་སའི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱས་ཐོག རླན་ས་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ཚོད་ལྟ་འཚོལ་ཞིབ་སྒོས་སྤེལ་བ་དང། རྒྱལ་ཁབ་ཀྱི་རླན་ས་གལ་ཆེན(རྒྱལ་སྤྱིའི་རླན་ས་གལ་ཆེན་འདུས)གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་རླན་ས་སྤྱི་གླིང་དང་རླན་ས་ཆུང་གྲས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་དང། རྒྱལ་སྤྱིའི་རླན་ས་གལ་ཆེན་ཧུར་ཐག་གིས་རེ་ཞུ་བྱ་དགོས་ཤིང། མཚོ་སྔོན་པོ་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་རླན་ས་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། (ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བདུན)རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་སྐྱིན་གསབ་སྟེར་བར་ཚོད་ལྟ་བྱ་དགོས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བྱེད་ཐབས་སྣ་མང་འཚོལ་ཞིབ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པ་ལ་སྐྱིན་གསབ་སྟེར་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་གི་འགག་རྩའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ནས། རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་འཚོ་གནས་ནུས་ལྡན་གྱིས་་སྲུང་སྐྱོབ་དང་ཉམས་གསོ་བྱ་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་བར་རྩྭ་ཐང་གི་གཟན་ཆས་བརྩད་པའི་དབང་གིས་ཐེབས་པའི་གྱོང་གུན་གྱི་སྐྱིན་གསབ་སྟེར་བར་ཚོད་ལྟ་བྱ་དགོས། སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཉེན་འགོག་འགན་བཅོལ་གྱི་སྐྱིན་ཚབ་འཇལ་བར་ཚོད་ལྟ་བྱས་ཏེ། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བར་སྐྱིན་གསབ་སྟེར་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། (ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་སྣེ་ཁྲིད་པ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བརྒྱད)ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་རྒྱུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་བདག་སྐྱོང་བྱེད་པར་ཤུགས་བསྣན་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཀྱི་སྐྱིན་གསབ་དང་རྒྱལ་དབང་སྤྱི་ཕན་ནགས་ཚལ་བདག་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས་སྐྱིན་གསབ་འགུལ་རྣམ་ལྟར་ལེགས་སྒྲིག་དང་ཧེ་བག་ཡོད་པའི་སྒོ་ནས་སྟེར་དགོས། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་བདག་སྐྱོང་གི་ཁ་གསབ་རོགས་དངུལ་དང་བདག་སྐྱོང་འགན་འཁྲི། བདག་སྐྱོང་ཕན་འབྲས་བཅས་སྦྲེལ་བའི་ཡར་སྐུལ་གཅུན་འདོམས་རྐྱེན་སྲོལ་ཁྱབ་སྤེལ་གཏོང་བ་དང། བདག་སྐྱོང་བྱ་དགའ་དང་སྐྱིན་གསབ་སྟེར་བའི་དཔྱད་བསྡུར་ཀྱི་ཚོད་ལྟ་བྱེད་གནས་སྤེལ་ཞིང་བྱ་དགའ་སྟེར་བའམ་ཆད་པ་གཅོད་པའི་རྐྱེན་སྲོལ་བཙུགས་ནས། བདག་སྐྱོང་གི་ཆུ་ཚད་མཐོ་རུ་གཏང་དགོས།(ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས)
(དགུ)ཞིང་ལས་ཀྱི་སྐྱེ་ཁམས་ཁ་གསབ་སྟེར་བའི་ལམ་ལུགས་ཁྱབ་སྤེལ་གཏང་དགོས། ལྗང་མདོག་སྐྱེ་ཁམས་དང་རྒྱུན་མཐུད་ཡོང་རྒྱུ་ཁ་ཕྱོགས་སུ་འཛིན་པའི་ཞིང་ལས་སྐྱེ་ཁམས་བཅོས་སྐྱོང་བྱེད་པར་ཁ་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། བཟུང་གསབ་དོ་སྙོམ་གྱི་ལམ་ལུགས་དོན་འཁྱོལ་ཟབ་མོ་བྱས་ཏེ། ཞིང་སྤྱོད་ས་ཞིང་གནས་ཁུལ་གྱི་ཕྱོགས་བསྡུས་ས་རིན་བསྡུ་ཚད་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་སྟེར་བ་དང་རྨོ་ཞིང་རེས་མོས་སུ་འདེབས་བསྐྱུར་བྱེད་པའི་ཚོད་ལྟ་བརྟན་བརླིང་ངང་ལག་བསྟར་བྱ་དགོས། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཞིང་སྤྱོད་འགྱིག་ཤོག་གི་སྙིགས་རོ་ཕྱིར་བསྡུ་བེད་སྤྱོད་དང་ཞིང་ཕྱུགས་སྨན་རྫས་ཐུམ་སྒྲིལ་གྱི་སྙིགས་རོ་གནོད་མེད་ཅན་དུ་བསྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དོ་སྣང་བྱེད་པ་དང། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གི་འགོག་སྡོམ་ལག་རྩལ་མ་དཔེ་ཁྱབ་སྤེལ་བཏང་ནས། འཁོར་སྐྱོད་ཞིང་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།(ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)གསུམ། ཕྱོགས་བསྡུས་ཀྱིས་སྐྱིན་གསབ་སྟེར་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་བྱ་དགོས།
(བཅུ)གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་སོགས་སྐྱེ་ཁམས་རྩོལ་ནུས་ཀྱི་གལ་ཆེན་རང་བཞིན་འབུར་དུ་ཐོན་པའི་ས་ཁུལ་དུ་གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་སྐབས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྐྱེ་ཁམས་ཉམས་ཞན་པའི་དབུལ་ཐར་ས་ཁུལ་ལ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་གང་ལེགས་ཀྱིས་སྤྱད་དེ། རྒྱལ་ཁབ་ཀྱིས་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བརྩོན་ལེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་དང་ལེགས་གཏོང་སོགས་ཀྱི་ཐད་གཅིག་གྱུར་འཆར་འགོད་བྱས་ནས་སྤྱོད་པ་དང། སྐྱེ་ཁམས་རྩོལ་ནུས་གལ་ཆེན་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་འགན་སྲུང་གི་ཞན་ཆ་མངོན་གསལ་ཡིན་པའི་ས་ཁུལ་ལ་གཙོ་གནད་དུ་བཟུང་ནས་གཟིགས་སྐྱོང་བྱ་དགོས། གཞུང་ཕྱོགས་སུ་སྐྱིན་གསབ་སྟེར་བའི་ལམ་ལུགས་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་རྩོལ་ནུས་གལ་ཆེ་བའི་ས་ཁུལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་གནད་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དཔྱད་ཞིབ་བྱས་འབྲས་དེ་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་བགོ་བཤའ་རྒྱག་པ་དང་སྦྲེལ་བའི་རྐྱེན་སྲོལ་ལག་བསྟར་བྱ་དགོས། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་གནད་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནང་འདྲེན་བྱ་རྒྱུ་དེ་འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་བགོ་བཤའ་རྒྱག་པའི་རྒྱུ་རྐྱེན་དུ་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཁྱབ་པའི་བསྡུར་ཚད་ཅུང་མཐོ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། (ཞིང་ཆེན་ནོར་སྲིད་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་གཞོགས་འདེགས་བྱ་དགོས)
(བཅུ་གཅིག)སྐྱེ་ཁམས་ཀྱི་ཕྱོགས་བསྡུས་སྐྱིན་གསབ་སྟེར་དགོས། རྒྱལ་ཡོངས་སྐྱེ་ཁམས་ཀྱི་ཕྱོགས་བསྡུས་སྐྱིན་གསབ་སྟེར་བའི་ཚོད་ལྟའི་ལས་འགན་སྐོར་དང་པོར་སྐུལ་འདེད་གཏོང་རྒྱུ་དེ་གོ་སྐབས་སུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང། ཚོད་ལྟའི་གནས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་ཅིང། སྐྱེ་ཁམས་བར་སྟོང་ཁྲོད་མཉམ་དུ་གནས་པའི་སྣ་མང་གི་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོར་ཟུང་འབྲེལ་བྱས་ཏེ་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་བསྐྱེད་དགོས། གཅིག་གྱུར་འཆར་འགོད་ཀྱིས་སྲུང་སྐྱོབ་བྱེད་པའི་མ་དཔེ་འཚོལ་ཞིབ་བྱེད་ཅིང། སྐྱེ་ཁམས་ཀྱི་སྐྱིན་གསབ་མ་དངུལ་བེད་སྤྱོད་སྟངས་གསར་གཏོད་བྱས་ཏེ། ཁེ་ལས་དང་སྤྱི་བྱིངས། སྤྱི་ཚོགས་རྩ་འཛུགས་བཅས་ཚོད་ལྟའི་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱ་དགོས། རིགས་དབྱེ་ནས་སྐྱིན་གསབ་སྟེར་བ་ནས་ཕྱོགས་བསྡུས་སྒོས་སྐྱིན་གསབ་སྟེར་བར་སྒྱུར་བར་སྐུལ་འདེད་གཏོང་བ་དང། རང་ངོས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཆེ་རུ་བཏང་སྟེ། སྟབས་བསྟུན་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་གཞི་གཅིག་ཏུ་སྐུལ་འདེད་གཏང་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བཅུ་གཉིས)རང་བྱུང་སྲུང་སྐྱོང་ས་ཆའི་སྐྱིན་གསབ་སྟེར་བའི་སྲིད་ཇུས་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། རང་བྱུང་སྲུང་སྐྱོང་ས་ཆའི་གཞི་ཁྱོན་དང་བདག་སྐྱོང་གི་ཕན་འབྲས་ལ་གཞིགས་ནས་སྐྱིན་གསབ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རང་བྱུང་སྲུང་སྐྱོང་ས་ཆའི་སྐྱེ་ཁམས་རིན་ཐང་དཔྱད་དཔོག་རྐྱེན་སྲོལ་བཙུགས་ནས། ཏ་ཐུང་གི་པེ་ཁྲོན་ཆུ་བོའི་མགོ་ཁུངས་དང་ཞུན་ཧྭའི་སྟོང་རི་ལྷ་མཚོ་སོགས་རང་བྱུང་སྲུང་སྐྱོང་ས་ཆའི་སྐྱེ་ཁམས་རིན་ཐང་དང་རྩོལ་ནུས་ལ་དཔྱད་དཔོག་ཚོད་ལྟ་བྱེད་མགོ་བརྩམས་ནས་སྐྱིན་གསབ་ཚད་གཞིར་ཞིབ་འཇུག་བྱ་དགོས། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ནང་གི་ཐོན་དབང་ཐུན་མོང་ལ་དབང་བའི་ས་ཞིང་སྲིད་གཞུང་གིས་བོགས་མར་གཏོང་ལེན་དང་བླུ་ཉོ་བྱེད་པའི་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱ་དགོས། (ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བཅུ་གསུམ)འཕྲེད་ཕྱོགས་སུ་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། ཉེ་འབྲེལ་ཞིང་ཆེན་བར་དུ་འབབ་རྒྱུད་ལ་སྐྱིན་གསབ་སྟེར་ཚུལ་གྲོས་མོལ་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་དུ་གནས་པའི་ཞིང་ཆེན་གྱིས་འཕྲེད་ཕྱོགས་སུ་སྐྱེ་ཁམས་ཀྱི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཛུགས་པ་དང། ས་ཁོངས་བརྒལ་ནས་མཉམ་འགོག་མཉམ་བཅོས་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་ཆེན་བར་དུ་འབྲི་ཆུ(སི་ཁྲོན་དང་མཚོ་སྔོན་གྱི་རིམ་པ)དང་རྨ་ཆུའི(ཀན་ལྷོ་དང་མཚོ་སྔོན་གྱི་རིམ་པ)འབབ་རྒྱུད་འཕྲེད་ཕྱོགས་སུ་སྐྱེ་ཁམས་ཀྱི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་འབབ་རྒྱུད་གཙོ་བོའི་སྟོད་སྨད་རྒྱུད་ལ་འཕྲེད་ཕྱོགས་སུ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་མགྱོགས་མྱུར་ངང་འཛུགས་པ་དང། ཙོང་ཆུའི་འབབ་རྒྱུད་ལ་འཕྲེད་ཕྱོགས་སུ་སྐྱེ་ཁམས་ཀྱི་སྐྱིན་གསབ་སྟེར་བའི་ཚོད་ལྟར་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། སྐྱིན་གསབ་སྟེར་ཐབས་གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་བྱ་དགོས། ཁ་གཏད་མཉམ་སྒྲུབ་དང་ཐོན་ལས་གཞན་སྒྱུར། འཇོན་མི་གསོ་སྦྱོང། གླིང་ཁུལ་མཉམ་སྐྲུན། སྐྱེ་ཁམས་ཐོན་རྫས་དང་ཞབས་ཕྱི་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཕན་འབྲས་ཐོབ་པའི་ས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་བར་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏང་དགོས། (ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
བཞི། སྣ་མང་ཅན་གྱི་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་ཞུགས་པའི་བརྩོན་སེམས་སྐུལ་སློང་བྱ་དགོས།
(བཅུ་བཞི)རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་ཡོད་སྒོས་བེད་སྤྱོད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་འཁེལ་དང་ཐོ་འགོད་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། གཏོགས་ཁོངས་ཁ་གསལ་དང། འགན་དབང་ངེས་གསལ། སྲུང་སྐྱོང་ཟབ་མོ། འཁོར་རྒྱུག་ཐོགས་མེད། ལྟ་སྡོམ་ནུས་ལྡན་བཅས་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་གཟུག་དགོས། ཁྲོམ་རའི་མཁོ་འདོན་དང་ཐོན་ཁུངས་དཀོན་ཚད་མཚོན་པ། སྐྱེ་ཁམས་ཀྱི་རིན་ཐང་མཚོན་པ་དང། མི་རབས་གཉིས་བར་སྐྱིན་གསབ་སྟེར་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་ཡོད་སྒོས་བེད་སྤྱོད་པའི་ལམ་ལུགས་འཐུང་ཚང་དུ་བཏང་ནས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སྲུང་སྐྱོབ་ཀྱི་འོས་འགན་སྒྲུབ་པའི་ཁེ་དབང་འཛིན་མཁན་ལ་ལུགས་མཐུན་གྱི་སྐྱིན་གསབ་སྟེར་དགོས། (ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན)
(བཅོ་ལྔ)སྐྱེ་ཁམས་ཐོན་ཁུངས་ཀྱི་ཁེ་དབང་ཉོ་འཚོང་བྱེད་པར་སྐུལ་འདེད་གཏང་དགོས། སྲིད་གཞུང་གིས་དོ་དམ་ཚོད་འཛིན་བྱེད་པའམ་བཅད་གྲངས་བཟོས་པ་བརྒྱུད་དེ། ལྗང་སྒྱུར་དང་ཆུ་དྭངས་མོ་འཕར་ཚད་ཀྱི་འགན་འཁྲི་དམིགས་ཚད་ཉོ་འཚོང་བྱེད་སྟངས་འཚོལ་ཞིབ་བྱས་ནས། ནགས་ཚལ་ཁེབས་ཚད་དང་རྩྭ་ས་ཁེབས་ཚད་སོགས་ཐོན་ཁུངས་ཁེ་དབང་གི་དམིགས་ཚད་ཉོ་འཚོང་བྱེད་པར་ཡར་སྐུལ་བྱ་དགོས། ཆུ་སྤྱོད་དབང་དང། བཙོག་དངོས་འབུད་དབང། ཐཱན་འབུད་དབང་བཅས་ཁྲོམ་ར་ཅན་དུ་ཉོ་འཚོང་བྱེད་པར་གང་མགྱོགས་སྒོས་སྐུལ་འདེད་གཏང་དགོས། ཆུ་སྤྱོད་མཁན་དུད་ཚང་གི་ཆུའི་ཐོན་ཁུངས་སྤྱོད་དབང་ཁ་གསལ་བཟོས་ནས་ས་ཁུལ་བར་དུ་ཆུ་སྤྱོད་དབང་ཉོ་འཚོང་བྱས་པ་བརྒྱུད་དེ་ཆུ་སྤྱོད་པའི་ཚད་མང་དུ་ཕྱིན་པའི་དགོས་མཁོ་ཐག་གཅོད་ཐབས་འཚོལ་ཞིབ་བྱ་དགོས། “དཔང་ཡིག་གཅིག་གི་རྣམ་པའི”བཙོག་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང། བཙོག་དངོས་འབུད་དབང་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་ཉོ་འཚོང་བྱེད་པར་མུ་མཐུད་ནས་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་གྱི་ཐཱན་འབུད་སྙན་ཞུ་དང་ཞིབ་དཔྱད་ལམ་ལུགས་བཙུགས་ནས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཉོ་འཚོང་ཁྲོམ་རའི་ནང་ཧུར་ཐག་གིས་ཞུགས་པ་དང། ནགས་ལས་དང་སླར་སྐྱེ་ནུས་ཁུངས། ཝན་ཀ་པ་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་དྲོད་ཁང་གི་རླངས་པ་རང་མོས་ངང་ཉུང་གཏོང་གི་ལས་གཞི་གསར་སྤེལ་དང་གྲབས་གསོག་བྱ་བ་ཡག་པོར་བསྒྲུབ་དགོས། (ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་འགན་ནུས་ལྟར་བྱ་བ་བསྒྲུབ་དགོས)
(བཅུ་དྲུག)ལྗང་མདོག་དངུལ་རྩའི་གསར་གཏོད་ལ་ཤུགས་བསྣན་དགོས། ཚན་རིག་དང་མཐུན་པར་ཐོན་ཁུངས་ཁོར་ཡུག་གི་ཁེ་དབང་སྣ་ཚོགས་ལ་བརྟེན་པའི་མ་དངུལ་བསྡུ་རྒྱུག་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས། ཁྲོམ་ར་ཅན་གྱི་མ་དངུལ་བསྡུ་རྒྱུག་གི་ཐབས་ལམ་རྒྱ་བསྐྱེད་དགོས། ལྗང་མདོག་དངུལ་རྩའི་བཅོས་སྒྱུར་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་མ་དངུལ་བསྡུ་རྒྱུག་བྱེད་པའི་རྐྱེན་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་ཐོན་ལས་ཕྲེང་འབྲེལ་གྱི་དངུལ་རྩའི་རྣམ་པ་ཁྱབ་གདལ་གཏོང་བ་དང། དངུལ་རྩའི་མ་རྩ་དང་འགན་ལེན་ཐོན་ཁུངས་སྔོན་ལ་ལྗང་མདོག་ཁྱབ་ཁོངས་སུ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱེད་ཅིང། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ཞབས་ཕྱི་མཁོ་འདོན་བྱེད་པ་དང། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་རྒྱུ་ནོར་འཁོར་རྒྱུག་དང་དངུལ་འཛིན་ཅན་དུ་སྒྱུར་བའི་བྱ་བ་སྒྲུབ་པར་ཡར་སྐུལ་བྱས་ཐོག ལྗང་མདོག་ཁེ་ལས་ཀྱིས་མ་རྐང་འཛིན་ཤོག་ཁྲོམ་རར་འགྲེམ་པ་དང་ཡང་བསྐྱར་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱ་དགོས། འགན་བཅོལ་ལས་ཁུངས་ཀྱིས་ལྗང་མདོག་འགན་བཅོལ་ཐོན་རྫས་དང་ཞབས་ཕྱི་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བ་དང། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་ཁྲོད་དུ་རང་འགུལ་གྱིས་ཞུགས་པར་སྐུལ་མ་གཏང་དགོས།(མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་གིས་སྣེ་ཁྲིད་པ་དང། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བཅུ་བདུན)སྐྱིན་གསབ་སྟེར་སྟངས་སྣ་མང་ཅན་འཚོལ་ཞིབ་བྱ་དགོས། སྐྱེ་ཁམས་བྱེད་ནུས་གལ་ཆེན་ལྡན་པའི་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་དང་གསོ་སྦྱོང་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་དང། དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་སྤེལ་དང་ལྗང་མདོག་ཐོན་རྫས་ཐོན་སྐྱེད་བྱེད་པའི་རྒྱ་བསྐྱེད་པར་ཁྲིད་སྟོན་བྱེད་ཅིང། སྐྱེ་ཁམས་འཁོར་རྒྱུག་གི་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གིས་ཁྲིད་སྟོན་བྱས་པའི་གསར་སྤེལ་རྣམ་པའི་ལས་གཞི་སྐྲུན་པར་ཚོད་ལྟ་བྱེད་པ་ལ་སྐུལ་འདེད་གཏང་དགོས། ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་གྲྭ་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཉིས་ནུས་ཡོད་སྒོས་ཟུང་འབྲེལ་བྱེད་པར་ཡར་སྐུལ་དང། ཁེ་ལས་དང་སྡོད་དམངས་ཐེ་ཞུགས་བྱེད་སྟངས་འཐུས་ཚང་དུ་བཏང་ནས། རྒྱུན་མཐུད་རང་བཞིན་གྱི་ཁེ་ཕན་མཉམ་སྤྱོད་རྐྱེན་སྲོལ་གཟུག་དགོས། རྒྱལ་ཁབ་སྤྱི་གླིང་དམིགས་འཁྲོལ་གྱིས་གཉེར་སྐྱོང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། རང་བྱུང་སྲུང་སྐྱོང་ས་ཆའི་བཀག་སྡོམ་ཁུལ་གྱི་གཉེར་སྐྱོང་རང་བཞིན་གྱི་ལས་གཞི་དམིགས་འཁྲོལ་གྱིས་གཉེར་སྐྱོང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། ཉེན་ཆེ་བའི་ཟོག་རོ་ས་ཁོངས་ལས་བརྒལ་ཏེ་སྤོ་སྒྱུར་དང་གཙང་སེལ་བྱེད་པར་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱ་དགོས། རྒྱལ་ཁབ་ཀྱི་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཐད་དངོས་འཛིན་དངོས་སྒྲུབ་དང་གྲུབ་འབྲས་འབུར་ཐོན་བླངས་པའི་ས་གནས་ལ་སྐུལ་ལྕག་བྱས་ནས་བྱ་དགའ་སྟེར་དགོས།(ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
ལྔ། འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་པར་མཉམ་སྡེབ་ཀྱིས་སྐུལ་འདེད་གཏང་དགོས།
(བཅོ་བརྒྱད) ཁྲིམས་སྐྱོང་འཛུགས་སྤེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་དེ་མིན་ཆུ་དང་ནགས་ཚལ། རྩྭ་ཐང། མྱ་ངམ་ཐང། ཉ་ལས་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། ཆེས་གཟབ་ནན་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དོན་འཁྱོལ་བྱེད་ཅིང། རྒྱལ་ཁབ་ཀྱི་སྲིད་ཇུས་དང་གཏན་འབེབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་སྲོལ་ཡིག་འཛུགས་པའི་འཕེལ་རིམ་གཞིར་བཟུང་ནས། འབྲེལ་ཡོད་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ཚད་གཞི་རང་བཞིན་གྱི་ཡིག་ཆ་དུས་དང་བསྟུན་ཏེ་ཞིབ་འཇུག་བྱས་ནས་གདོན་དགོས། ཁྲིམས་བསྟར་ཞིབ་བཤེར་ལ་ཤུགས་སྣོན་པ་དང། ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་འོས་འགན་སྒྲུབ་པའི་ཁྲིམས་སྐྱོང་གི་སྣང་ཚུལ་ཞིག་བསྐྲུན་དགོས།(ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བཅུ་དགུ)སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཐུས་ཚང་དུ་གཏང་དགོས། གཅིག་གྱུར་གྱི་རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གྱི་མ་ལག་མགྱོགས་མྱུར་ངང་སྐྲུན་པ་དང། རང་བྱུང་ཐོན་ཁུངས་ལ་གདང་རིམ་དབྱེ་བ་དང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་བྱ་དགོས།“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་དང་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་སྐྲུན་པར་སྔར་བས་ཤུགས་སྣོན་པ་དང། གནས་ཀྱི་བཀོད་པ་ལེགས་སྒྱུར་དང་ཉེན་བརྡ་གཏོང་ནུས་ཆེར་གཏོང། འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་བསྡོམས་རྩིས་ཀྱི་དམིགས་ཚད་མ་ལག་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་ཞིབ་འཇུག་བྱས་ནས་གཟུག་དགོས།(ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྣེ་ཁྲིད་པ་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་བསྡོམས་རྩིས་ཅུས། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(ཉི་ཤུ)ནོར་ཁྲལ་སྲིད་ཇུས་ཀྱི་སྙོམ་སྒྲིག་བྱེད་ནུས་འདོན་སྤེལ་བྱ་དགོས། ལྗང་མདོག་གི་ཁྲལ་བསྡུའི་མ་ལག་འཛུགས་པ་དང། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཆུའི་ཐོན་ཁུངས་ཀྱི་ཁྲལ་བསྡུའི་ལམ་ལུགས་བཅོས་སྒྱུར་བྱེད་པར་ཚོད་ལྟ་བྱེད་པ་དང། གཏེར་ཁའི་ཐོན་ཁུངས་ཁེ་དབང་གི་མ་དངུལ་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། ནུས་སྲི་ཁོར་སྲུང་དང་ནུས་རྒྱུ་གསར་བ། སྐྱེ་ཁམས་འཛུགས་སྐྱོང་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ནན་མོ་བྱ་དགོས། སྲིད་གཞུང་གིས་ལྗང་མདོག་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང། ནུས་སྲི་ཐོན་རྫས་དང་ཁོར་ཡུག་མཚོན་རྟགས་ལྡན་པའི་ཐོན་རྫས་ཀྱི་གསལ་ཐོ་དོན་འཁྱོལ་བྱེད་ཅིང། ཁྲིད་སྟོན་རྐྱེན་སྲོལ་བཙུགས་ནས་ལྗང་མདོག་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏང་དགོས། ལྗང་མདོག་ལས་གྲྭ་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་ཐབས་ལམ་དང་ཚད་གཞི་འཚོལ་ཞིབ་བྱེད་པ་དང། ལྗང་མདོག་ལག་རྩལ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏང་དགོས།(ཞིང་ཆེན་ནོར་སྲིད་ཐིན་གྱིས་སྣེ་ཁྲིད་པ་དང། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(ཉེར་གཅིག)འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་ཞིང། བཟུང་སྤྱོད་ཀྱི་སྐྱིན་གསབ་དང་གནོད་འཚེའི་གུན་གསབ། སྲུང་སྐྱོང་གི་སྐྱིན་གསབ་བཅས་སྟེར་བར་མཉམ་སྡེབ་ཀྱིས་སྐུལ་འདེད་གཏོང་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྐྱེན་སྲོལ་གཟུག་དགོས་ལ།“ཐིག་གསུམ་ཐོ་གཅིག”གིས་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་ཅིང། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བར་གུན་གསབ་སྟེར་བའི་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ཐོག རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་སྣ་ཚོགས་ཁྲིམས་ལྟར་འཛུགས་སྐྲུན་ཐད་དུ་བཟུང་སྤྱོད་བྱས་པར་སྐྱིན་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་པའི་ལྗང་མདོག་ཐོན་རྫས་ཀྱི་གདེང་འཇོག་ཚད་གཞི་དང། དཔང་འདོན་ངོས་འཛིན། དེ་མིན་མཚོན་རྟགས་མ་ལག་བཅས་ལག་བསྟར་བྱེད་པ་དང། ས་ཁམས་མཚོན་རྟགས་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་དགོས་ཤིང། ལྗང་མདོག་གློག་ཤུགས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་དཔང་ཡིག་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། ཐོན་ལས་ཀྱི“ས་ཁུལ་བཞི”དང་སྐྱེ་ཁམས་བཟོ་ལས་གླིང་སྐྲུན་པར་སྐུལ་འདེད་གཏོང་བར་དམིགས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་སྟོན་སྲིད་ཇུས་བཟོས་ནས་གདོན་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་དང་ལྟ་འདོམས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང། ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་འཐུང་ཚང་དུ་བཏང་ནས། “གཞི་གཅིག་ཅན”གྱི་བདག་སྐྱོང་གི་རྣམ་པ་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ལག་རྩལ་དང་སྟེར་ཐབས་སོགས་མཉམ་འབྲེལ་གྱིས་ཞིབ་འཇུག་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། གླིང་ཁུལ་སོ་སོའི་དོ་དམ་ཨུ་ལྷན་བཅས་ཀྱིས་འགན་ནུས་ལྟར་བྱ་བ་བསྒྲུབ་དགོས)
དྲུག དཔྱད་ཞིབ་ཀྱིས་སྐུལ་ལྕག་དང་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།
(ཉེར་གཉིས)གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་དགོས། ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་མཛུབ་སྟོན་འོག ཁོངས་ཞུགས་སྡེ་ཁག་གཙོ་བོས་གྲུབ་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ་དང། མཉམ་འབྲེལ་གྲོས་ཚོགས་ཐོག་དོན་ཆེན་ལ་བསམ་གཞིགས་གཏོང་བ་དང། གྲོས་བསྡུར་བྱེད་པ། ཕུགས་རྒྱང་རིང་བོར་དམིགས་པ་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པའི་ཁྱོན་ཡོངས་ལ་དམིགས་ནས་སྐྱེ་ཁམས་ཀྱི་སྐྱིན་གསབ་སྟེར་བའི་གཙོ་གནད་བྱ་བ་ཇུས་འགོད་བྱེད་པ་དང། གཅིག་འདོམས་དང་མཐུན་སྦྱོར། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བཅོས་སྒྱུར་བྱེད་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་ཐག་གཅོད་པ་དང། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་བགོས་འགན་འཁྲི་ལྟར་བྱ་བ་དོན་འཁྱོལ་དམ་འཛིན་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་བྱ་དགོས།
(ཉེར་གསུམ)གདེང་འཇོག་དང་དཔྱད་ཞིབ་ནན་མོ་བྱ་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་འཐུས་ཚང་དུ་གཏོང་བ་དང། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག ཞིང་ཆེན་རིམ་པའི་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གསལ་ཐོ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཞིང། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་བའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང། སྐྱེ་ཁམས་སྲུང་སྐྱོང་གི་བྱ་བའི་ཕན་འབྲས་ལ་ཕྱོགས་བསྡུས་སྒོས་གདེང་འཇོག་བྱས་ཏེ། གདེང་འཇོག་བྱས་འབྲས་དང་སྤོ་སྒྱུར་གཏོང་སྤྲོད་ཀྱི་མ་དངུལ་བགོ་བཤའ་རྒྱག་པ་དང་སྦྲེལ་བའི་སྐུལ་ལྕག་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཐོག སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་མ་དངུལ་གྱི་ཕན་འབྲས་ལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ལེགས་བཅོས་བྱས་ཚུལ་སོགས་སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་མ་ལག་ནང་བཅུག་ཏེ། ལྗང་མདོག་གི་བྱས་འབྲས་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་གཟུག་དགོས།
(ཉེར་བཞི)བྱ་བའི་འགན་འཁྲི་ནན་དཀྲི་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཤིང་བྱ་བའི་གཙོ་གནད་ཁོང་དུ་ཆུད་པར་བྱས་ནས། ལས་བགོས་འགན་འཁྲི་ལྟར་བྱ་བའི་བྱེད་ཐབས་ཞིབ་ཕྲ་དང་ཏན་ཏིག་ཡོང་བར་བྱས་ཏེ་བྱ་བའི་ལས་འགན་སྣ་ཚོགས་དོན་འཁྱོལ་ཡོང་བར་མཉམ་སྡེབ་ཀྱིས་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་དཀྲི་བྱེད་ཅིང། སྐྱིན་གསབ་སྟེར་བའི་འདུ་ཤེས་རང་རྟོགས་ཀྱིས་ཆེ་རུ་གཏོང་བ་དང་སྐྱིན་གསབ་སྟེར་བའི་འགན་འཁྲི་རང་འགུལ་གྱིས་ལག་བསྟར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྟེར་ཚུལ་བཅོས་སྒྱུར་ལས་འགན་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏང་དགོས།