༄༅། །ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་ལེའུ་འབྲི་རྒྱུར་བརྩོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-02-01 13:55:00
(2022ལོའི་ཟླ11པའི་ཚེས9ཉིན)
མཚོ་སྤེལ〔2022〕ཨང27པ།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་བསམ་བློ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང། སྟོབས་ཤུགས་ཡོངས་རྫོགས་ཏང་གི་ཚོགས་ཆེན་ཉི་ཤུ་བས་གཏན་འཁེལ་བྱས་པའི་ལས་འགན་ཁག་ཐོག་གཅིག་སྒྲིལ་ཡོང་བ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་བར་བརྩོན་ཆེད། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཏན་ནན་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ། གཤམ་གསལ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།
གཅིག ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས།
ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་ནི་ཟླ10བའི་ཚེས་16ནས་ཚེས22ཉིན་བར་པེ་ཅིན་དུ་ཚོགས། འདི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སུ་ཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དར་ཆ་མཐོན་པོར་སྒྲེང་བ་དང། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཚོགས་ཆེན་ཞིག་ཀྱང་ཡིན། ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། མར་ཁེ་སིི་ལེ་ཉིན་རིང་ལུགས་དང། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཤིང། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དབྱེ་ཞིབ་བྱས་པ་དང། ཏང་གི་ཚོགས་ཆེན་ཉི་ཤུ་བའི་བརྗོད་བྱ་གཙོ་བོ་བཏོན། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ཕྱིར་ལྟ་བྱས་པ་དང། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་གནད་དོན་གལ་ཆེན་ཞིབ་བརྗོད་བྱས་ཤིང། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་དང་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཕུལ་བའི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས》ཞེས་པའི་སྙན་ཞུ་དང། སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་གཉིས་ལ་ཆོག་མཆན་བཀོད་པ་དང། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་ཞིང། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང།
བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུའི་ནང་དུ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བརྗིད་ཆགས་པ་བཀོད་ཡོད་དེ། དུས་རབས་གསར་པའི་དང་འཐབ་ལམ་གསར་པར་ཏང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཞིང་འགུལ་སྤྱོད་སྤེལ་སྟངས་བཙུགས་ཡོད་ལ། ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང། ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན་ལ། མར་ཁེ་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལས་ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ཚུན་དུ་ཏང་གི་གཞུང་ལུགས་གསར་གཏོད་དང། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་མཚོན་པ་དང། ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དགོངས་པ་གལ་ཆེན་དང། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་མཚོན་ཡོད་པས། ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། ཏང་གི་འཛུགས་སྐྱོང་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་བཅས་ལ་བླང་བྱ་ཁ་གསལ་བཏོན་ཡོད།
ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་སྐབས་གསར་པ་བདམས་ཐོན་བྱུང་སྟེ། ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྤྱོད་ཡོན་གཉིས་ཀ་ལྡན་ལ། འབད་བརྩོན་དོན་ལྡན་ཡིན་པའི་བློ་མཐུན་ཁག་གཅིག་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་སུ་ཞུགས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་རྣམ་པར་མངོན་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ད་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་བྱེད་པར་འབྲེལ་བ་ཡོད་པ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་འབྲེལ་བ་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བགྱིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང། འགྲོ་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་བརྟན་དུ་གཏོང་བ་དང། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་སྐུལ་སློང་གཏོང་བར། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་རེད།
གཉིས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་ཕྱོགས་ཡོངས་དང་ཡང་དག་སྒོས་སློབ་སྦྱོང་བྱེད་ཅིང་གོ་བ་ལེན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་ཅིང་གོ་བ་ལེན་དགོས་ན། ངེས་པར་དུ་ཕྱོགས་ཡོངས་དང་ཡང་དག་ཡིན་པ་རྒྱུན་འཁྱོངས་བྱ་དགོས་ལ། གོ་དོན་གཏིང་ཟབ་པར་རྟོགས་པ་དང། ཁྱབ་བྱེད་གནད་སྨིན་པར་ཁོང་དུ་ཆུད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ཇི་མ་ཇི་བཞིན་དུ་ཚིག་འབྲུ་རེ་རེའི་ངང་སློབ་སྦྱོང་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་ན། གཤམ་གསལ་གྱི་ཕྱོགས་འགའ་གཙོ་གནད་དུ་བཟུང་ནས་ཁོང་དུ་ཆུད་པར་བྱ་དགོས།
1. ཏང་གི་ཚོགས་ཆེན་ཉི་ཤུ་བའི་བརྗོད་བྱ་གཙོ་བོར་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་རྟོན་རང་བརྩོན་དང། བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་པ་འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་བརྗོད་བྱ་གཙོ་བོ་ཡིན། དེ་ལས་ང་ཚོའི་ཏང་གིས་འཐབ་ལམ་གསར་པའི་སྟེང་དུ་དར་ཆ་ཅི་ཞིག་བསྒྲེངས་ནས་འགྲོ་ལམ་གང་དུ་བསྐྱོད་རྒྱུ་དང། བསམ་བློ་འཁྱེར་སོ་ཅི་འདྲར་བརྟེན་ནས་དམིགས་འབེན་གང་ཞིག་གི་ཕྱོགས་སུ་མུ་མཐུད་བསྐྱོད་རྒྱུ་ཡིན་པའི་གནད་དོན་གལ་ཆེན་དག་མངོན་གསལ་དུ་བསྒྲགས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་ཅེས་པས། ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རང་རྟོན་དང། གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་སྲ་བརྟན་དུ་གཏོང་བ་དང། འགྲོ་ལམ་ལ་མི་བསྒྱུར་བ་དང་ཕུགས་བསམ་མི་འདོར་བ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བར་གཟབ་ནན་གྱི་སྒོ་ནས་གསལ་བསྒྲགས་བྱེད་དགོས་པ་དང། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་བརྩི་སྲུང་དང། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་གྱི་ཆབ་སྲིད་རང་བཞིན་དང་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་བློ་སྟོབས་དང་གཤིས་རྒྱུད་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རྒྱལ་ཁའི་ངང་བསྐྱོད་ཐུབ་པ་ཁག་ཐེག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་ནན་ཏན་བྱས་པ་རེད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་ཞེས་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དམ་སྲུང་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་སྲུང་འཛིན་དང། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་ཀྱི་ཆབ་སྲིད་རང་མདངས་དང་འཐབ་རྩོད་བྱེད་ཕོད་ཅིང་རྒྱལ་ཁ་ལེན་ཕོད་པའི་བློ་རྩའི་གཤིས་ཀ་སྲུང་འཛིན་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་ཁག་ཐེག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་ནན་ཏན་བྱས་པ་རེད། རང་རྟོན་རང་བརྩོན་དང། བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་བཅས་བྱེད་ཅེས་པས། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོན་རྦད་ཆོད་དང་རང་བརྩོན་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་དང། ངེས་ཤུགས་སྲུང་འཛིན་དང་འཕོ་འགྱུར་བྱེད་ཕོད་ཀྱི་བྱ་བ་སྒྲུབ་སྟངས། ནམ་ཡང་ལྷོད་མེད་དང་བློ་བརྟན་ཡར་བརྩོན་ཀྱི་འབད་འཐབ་རྣམ་འགྱུར་བཅས་སྲུང་འཛིན་བྱས་ཏེ། བྱ་བ་སོ་སོར་སྔར་ལས་ལྷག་པར་དུས་རབས་རང་བཞིན་ལྡན་པ་དང་ཆོས་ཉིད་རང་བཞིན་མངའ་བ། གསར་གཏོད་རང་བཞིན་མོད་པ་བཅས་བྱ་རྒྱུ་གསལ་བསྒྲགས་ནན་ཏན་བྱས་པ་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་ཅེས་པས། ཏང་ཡོངས་ཀྱིས་ངེས་པར་དུ་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དམ་པོར་བཟུང་སྟེ། སྟོབས་ཤུགས་ཡོད་ཚད་གཅིག་བསྡུས་དང་འགལ་རྐྱེན་ཡོད་ཚད་སེལ་ཐབས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་གསལ་བསྒྲགས་ནན་ཏན་བྱས་པ་རེད། མཐུན་སྒྲིལ་འབད་འཐབ་བྱེད་ཅེས་པས། ང་ཚོས་ངེས་པར་དུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཐམས་ཅད་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་བསྣན་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་རྒྱུ་གསལ་བསྒྲགས་བྱས་པ་རེད།
2. འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ལོ་ལྔ་ཡི་རིང་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་རེའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཡོངས་དང། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འཐབ་རྩོད་རླབས་པོ་ཆེ་དང། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་བསམ་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱས་ཤིང། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང། འབད་བརྩོན་དོན་ལྡན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང། ཕུགས་རྒྱང་རིང་བོར་འབྲེལ་བ་ཡོད་པའི་དོན་དག་ཆེན་པོ་དང་དོན་དག་གཙོ་གནད་མང་པོ་ལེགས་གྲུབ་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་དུ་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་ཡིན།
གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ཡིན། གསུམ་ནི་དབུལ་བྲལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་སྟེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན། འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ཞིང། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཡིན། ལོ་བཅུའི་རིང་ལ། ང་ཚོས་ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱས་ཐོག། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཅིང། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ་དང། ཐོད་བརྒལ་རང་བཞིན་གྱི་འཕེལ་སྐྱེད་རབ་དང་རིམ་པ་མངོན་འགྱུར་བྱས་པ་དང། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཅིང། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང། རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ལ་ཏང་གི་ལོ་རྒྱུས་དང། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཡིན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གཏན་འཁེལ་བྱས་པ་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་དེས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། “གཏན་འཁེལ་གཉིས”ནི་དུས་རབས་གསར་པའི་ནང་དུ་ཏང་གིས་བླངས་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཀྱང་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སྔར་བས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་ཅིང། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྔར་བས་རང་རྟོགས་ཀྱིས་སྲུང་སྐྱོང་བྱ་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས།
3.མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པར་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། མར་ཁེ་སིའིི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བའི་སློབ་སྟོན་བསམ་བློ་ཡིན། ལག་ལེན་གྱིས་ང་ཚོར་ར་སྤྲོད་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་ག་རེ་ཡིན་པ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་ག་རེ་ཡིན་ཞེ་ན། མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་དང། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་ལག་ལེན་གྱིས་བླང་བྱ་གསར་པ་བཏོན་པས། ང་ཚོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་འདེབས་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།
ང་ཚོའི་ཏང་གིས་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་པར་དཔའ་བ་དང། མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དེ་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་གཅིག་བསྡུས་ཀྱིས་མཚོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི“གཏན་ལ་ཕབ་པ་བཅུ་”དང། “རྒྱུན་འཁྱོངས་བཅུ་བཞི།” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ཀྱིས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཤིང། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན། ད་གཟོད་དུས་རབས་དང་ལག་ལེན་གྱིས་བཏོན་པའི་གནད་དོན་ཆེན་པོ་ལ་ལན་ཡང་དག་འདེབས་ཐུབ་པ་དང། ད་གཟོད་མར་ཁེ་སིའི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱེད་ཐུབ། མར་ཁེ་སིའིི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོའི་གུང་ཁྲན་ཏང་མིའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ལག་ལེན་གྱི་རྨང་གཞིའི་ཐོག་ཏུ་གཞུང་ལུགས་གསར་གཏོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་ན། ཐོག་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་དགོས་པ་དང། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང། རང་རྟོན་རང་ཚུགས་ཐུབ་པ་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བཅས་བྱེད་པའི་སྒོ་ནས་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་མར་ཁེ་སིའིི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
4. དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ད་ལྟ་ནས་བཟུང། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་བས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། མ་འོངས་པའི་ལོ་ལྔའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད། འདི་ནི་དཀའ་ཚེགས་ཆེ་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ཏེ། ལས་འགན་ལྕི་ལ་སྒྲུབ་ཡུན་རིང་ན་ཡང་མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན།
དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་དང། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་པ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད། ང་ཚོས་ངེས་པར་དུ་ཉམས་ཉེན་དྲན་པའི་འདུ་ཤེས་ཆེ་རུ་གཏོང་བ་དང། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་བཅས་བྱས་ཏེ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག་བྱ་དགོས། མདུན་སྐྱོད་ཀྱི་ལམ་དུ་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་མི་སྐྱོད་པར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་སུ་གཏོང་བ་དེ་རང་གི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་རྒྱུན་འཁྱོངས་དང། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་གོང་འཕེལ་དར་རྒྱས་ཡོང་བའི་ལྡོག་མེད་ཀྱི་འགྲོ་ལམ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པ་དང་རྒྱུགས་འབུལ་གྱི་འགྲོ་ལམ་གསར་པར་ཡག་པོ་བསྐྱོད་པའི་ལྡོག་མེད་ཀྱི་འགྲོ་ལམ་བཅས་ཡིན་པ་ངེས་པར་དུ་ཏང་ཡོངས་ཀྱིས་སེམས་ལ་བརྗེད་མེད་དུ་འཛིན་དགོས། འདི་ནི་ང་ཚོའི་དུས་ཡུན་རིང་པོའི་ལག་ལེན་ལས་བྱུང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་དང། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། བརྩོན་པ་ཕུར་ཚུགས་སུ་བསྟེན་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱ་མཚོ་གཤགས་ཏེ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྣེ་ཁྲིད་དང་འགན་སྲུང་བྱ་དགོས།
5. ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱར་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུས་ཡུན་རིང་པོར་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་དང་ཐོད་བརྒལ་བྱུང་བ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལམ་ལྷོངས་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་དང། དེར་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་བའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་སྙིང་བསྡུས་འདི་ལྟར་བྱས་ཡོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་བཅས་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་ཚན་རིག་དང་མཐུན་པའི་སྒོ་ནས་སྙིང་བསྡུས་འདི་ལྟར་བྱས་ཡོད་དེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཡིན།
སྙིང་བསྡུས་འདི་ནི་ཏང་གིས་རང་རྒྱལ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་དེང་རབས་ཅན་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་ཟབ་མོ་བྱས་ནས། རང་རྒྱལ་ཏེ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཡིས་དེང་རབས་ཅན་ཇི་ལྟར་མགྱོགས་པོར་མངོན་འགྱུར་བྱེད་པའི་ཐད་དུ་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང། འཐབ་ཇུས་རྒྱུན་ཆད་མེད་པར་གནད་དུ་སྨིན་པ། ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གྱུར་པ་ནས་གྲུབ་པའི་བསམ་བློ་དང་གཞུང་ལུགས་ཀྱི་སྙིང་བཅུད་ཡིན་པས། ང་ཚོས་གཏིང་ཟབ་པར་གོ་བ་ལེན་པ་དང་མ་ལག་ཚང་བར་ཁོང་དུ་ཆུད་པར་བྱ་དགོས་ལ། ལྷག་པར་དུ་ངོ་བོའི་བླང་བྱ་འདི་བྱ་བ་སོ་སོའི་ཁྲོད་དོན་ཐོག་ཏུ་འཁྱོལ་དགོས།
6.སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། དཔལ་འབྱོར་འཛུགས་སྐྲུན་གྱི་ཐད་ནས། ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་པ་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་ཤིང། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་གྱིས་མཐོར་འདེགས་དང་དཔལ་འབྱོར་གྱི་གྲངས་ཚད་ལུགས་མཐུན་གྱིས་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས། ཆབ་སྲིད་འཛུགས་སྐྲུན་གྱི་ཐད་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང། གཞི་རིམ་གྱི་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ་དང། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས། རིག་གནས་འཛུགས་སྐྲུན་གྱི་ཐད་ནས། རིག་གནས་ཀྱི་རང་རྟོན་རང་བརྩོན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང། གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པ་དང། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་བ་དང། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་དར་ཚད་མཐོ་རུ་གཏོང་བ་དང། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ་དང། ཀྲུང་ཧྭའི་ཤེས་དཔལ་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་བ་བཅས་བརྒྱུད། སྤྱི་ཚོགས་རང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་གཏོད་དགོས། སྤྱི་ཚོགས་འཛུགས་སྐྲུན་གྱི་ཐད་ནས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏོང་བ་དང། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བརྒྱུད། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐད་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་ཚུལ་ཇེ་མགྱོགས་སུ་གཏོང་བ་དང། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོ་རུ་གཏོང་བ་དང། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བརྒྱུད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏང་དགོས།
7. སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་དང། ཁྲིམས་སྐྱོང་འཛུགས་སྐྲུན། རྒྱལ་ཁབ་བདེ་འཇགས་སོགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་རྙེེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བས་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བཀོད་པའི་ཁྲོད་དུ་སློབ་གསོ་དང་ཚན་རྩལ་དང་ཤེས་ལྡན་མི་སྣ་གསུམ་གྱི་འདེགས་སྐྱོར་དང། ཁྲིམས་སྐྱོང་གི་འགན་སྲུང། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཀྱི་བྱ་བ་མཐའ་དག་འབུར་དུ་ཐོན་པར་བྱས་ཡོད། སློབ་གསོ་དང་ཚན་རྩལ་དང་ཤེས་ལྡན་མི་སྣའི་ཐད་ནས། སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་དང། ཚན་རྩལ་རང་ཚུགས་རང་བརྩོན་བྱེད་པ། ཤེས་ལྡན་མི་སྣས་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་པོར་འཛུགས་སྐྲུན་བྱེད་པ་དང། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ལེགས་པོར་གཉེར་བ་དང། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མགྱོགས་པོར་ངང་ལག་བསྟར་བྱེད་པ་དང། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བརྒྱུད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཐད་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དང། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང། ཁྲིམས་ལྟར་སྲིད་དབང་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང། ཁྲིམས་འཛིན་དྲང་གཞག་ནན་མོ་བྱེད་པ། ཁྲིམས་སྐྱོང་སྤྱི་ཚོགས་མགྱོགས་པོར་འཛུགས་སྐྲུན་བྱེད་པ་བཅས་བརྒྱུད། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཐད་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས།
8. རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན། ཕྱི་འབྲེལ་ལས་དོན་སོགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཐད་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང། ཕྱོགས་ཡོངས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་དང། ཕྱོགས་ཡོངས་ནས་དམག་དོན་བཅོས་སྐྱོང་ལ་ཤུགས་སྣོན་དང། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བརྒྱུད། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་གང་མགྱོགས་ངང་འཛུགས་སྐྲུན་བྱ་དགོས། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ཐད་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་དོན་འཁྱོལ་བཅས་བྱེད་པ་དང། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་བང་རིམ་ཟབ་མོའི་འགལ་བ་དང་གནད་དོན་ཐག་གཅོད་པ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏང་དགོས།
དུས་རབས་གསར་པར་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ལག་ལེན་མཐར་ཕྱིན་བསྟར་ཅིང། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་པོར་འཛིན་པ་དང། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་བྱེད་པ་དང། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་བྱས་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་དང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང། “ རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཡོ་མེད་གཏང་དགོས། ཕྱི་འབྲེལ་གྱི་ལས་དོན་ཐད་ནས། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་ཅིང། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་གཞོལ་ཏེ། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་སོ་སོར་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་བཅས་བརྒྱུད། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏང་དགོས།
9. ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་རྙེད་ཅིང་ཁོང་དུ་ཆུད་པར་བྱ་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོའི་ཏང་ནི་འཛམ་གླིང་ཐོག་མར་ཁེ་སིའིི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་ཅིང་ཡུན་རིང་པོར་སྲིད་སྐྱོང་བའི་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་བརྒྱུད། ང་ཚོས་ཏང་ནང་གི་གནད་དོན་མངོན་གསལ་ཅན་མང་པོ་ཐག་གཅོད་བྱས་ཟིན། ཡིན་ནའང་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱིའི་ཁོར་ཡུག་གི་ཉམས་སད་བཅས་དུས་ཡུན་རིང་པོར་གནས་པ་དང། བསམ་པ་ལྷོད་གཡེང་གི་ཉེན་ཁ་དང་འཇོན་ཐང་གིས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་དུས་ཡུན་རིང་པོར་གནས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ་དང། ཏང་གི་རང་ངོས་གསར་བརྗེ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པས། ལྷོད་གཡེང་ངལ་གསོ་དང་ངལ་དུབ་འཐབ་སུན་གྱི་བསམ་ཚུལ་གཏན་ནས་ཡོད་མི་རུང་ལ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པ་བཅས་ནི་ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ལ་བརྗེད་མེད་དུ་འཛིན་དགོས།
དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང། མི་རིགས་བསྐྱར་དར་གྱི་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པ་དང། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་ཆེར་གཏོང་བ་དང། ནན་པོའི་དགོངས་གཞི་ལ་བརྟེན་ནས་སྤྱོད་སྲོང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། བློ་ཐག་རྦད་ཆོད་ཀྱིས་རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་བརྒྱུད། ཕྱོགས་ཡོངས་ནས་ཏང་གི་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱ་དགོས།
གསུམ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་མགྱོགས་མྱུར་གྱིས་འཕྱུར་བར་བྱ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པར་སྤྱི་ཡོངས་ནས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་མ་ལག་ཚང་དགོས་ལ། གཙོ་གནད་འབུར་དུ་ཐོན་པ་དང་གནད་འགག་དམ་པོར་ཡང་འཛིན་དགོས། ཤུགས་རྒྱག་ས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པའི་སྟེང་དམིགས་པ་དང། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ཚུན་གྱི་གྲུབ་འབྲས་ཆེན་པོ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་དམིགས་པ་དང། མར་ཁེ་སིའིི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་གཏོང་བའི་གྲུབ་འབྲས་གསར་ཤོས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་ཅིང། དེར་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པར་དམིགས་པ་དང། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་འགག་སྒྲོལ་ལ་དམིགས་པ་དང། ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པར་དམིགས་པ་དང། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་སྐབས་གསར་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་བརྩི་བཀུར་དང་ཡིད་ཆེས་ཟབ་མོ་བྱེད་པའི་མགོ་ཁྲིད་ཐུན་མོང་ཡིན་པར་དམིགས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་དང་མི་དམངས་ཀྱིས་དགའ་མོས་བྱེད་པའི་ཏང་གི་གཙོ་འཛིན་བསྙོན་མེད་ཡིན་པར་དམིགས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛད་སྟོན་བཀའ་མཆན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱེད་པར་དམིགས་པ་བཅས་བྱ་དགོས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རྣམ་པ་དང་ཐེག་བྱེད་གསར་གཏོད་བྱེད་པ་དང། བྱ་ཐབས་དང་སྤེལ་སྟངས་ཕུན་སུམ་ཚོགས་པར་གཏོང་བ། དུས་རབས་ཀྱི་ཁྱད་ཆོས་ལྡན་ཞིང་ལག་ལེན་གྱི་བླང་བྱ་མངོན་པར་བྱས་ནས། བློ་སེམས་འགུག་ཤུགས་དང་གོང་བུ་འགྲིལ་ཤུགས། བབ་ཆགས་འཇོག་ཤུགས་བཅས་ངེས་པ་དོན་གྱིས་ཇེ་ཆེར་བཏང་ཞིང། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་རྒྱ་ཁྱབ་ཏུ་ཟབ་སྤེལ་བགྱིས་ཏེ་རྒྱ་ཆེར་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དོན་རྟོགས་པ་དང་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས།
1. སློབ་སྦྱོང་དང་གསོ་སྦྱོང་ལ་ཏན་ཏིག་ནུས་ཡོད་སྒོས་དམ་འཛིན་ཡག་པོ་བྱ་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་སྤེལ་གྲབས་ཡོད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་ཡོན་ཡོངས་ལ་རྣམ་པ་མང་ཞིང་རིམ་པ་བཀར་བ་དང་ཁྱོན་ཡོངས་སུ་ཁྱབ་པའི་མི་སྣ་ཡོངས་ཀྱི་གསོ་སྦྱོང་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་རྩ་འཛུགས་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱ་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་སོ་སོའི་ཏང་ཙུའུ་ཡིས་སྔོན་ལ་སློབ་སྦྱོང་དང་ཟབ་པར་སློབ་སྦྱོང་བྱས་ཏེ་གོང་དཔེ་གཤམ་སྟོན་གྱིས་སྣེ་འཁྲིད་དགོས། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་གཙོ་བོར་བརྩིས་ནས། རྒྱུད་རིམ་ལྡན་པའི་སློབ་སྦྱོང་འཆར་གཞི་གཏན་ལ་འབེབས་པ་དང་ཆེད་དོན་བཀོད་དེ་ཞིབ་འཇུག་བགྲོ་གླེང་བྱ་དགོས། ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་ནས། རང་ཞིང་གིི་ལས་ཐོག་ཏུ་ཡོད་པའི་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང། ཁུལ་དང་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ། རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ཏང་སྲིད་ཀྱི་ལས་གཙོ་བཅས་དང། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྡེ་ཚན་གྱི་གཙོ་འགན་འཁུར་མཁན་བློ་མཐུན་བཅས་ལ་གསོ་སྦྱོང་བྱ་རྒྱུ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསོ་སྦྱོང་འཛིན་གྲྭ་དང་སློབ་སྦྱོང་འཛིན་གྲྭ་སྤེལ་ནས། དུས་ཚོད་ངེས་ཅན་ཞིག་ཏུ་གཅིག་བསྡུས་སྒོས་རྫོང་རིམ་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་གཅིག་བསྡུས་རེས་སྐོར་གྱི་གསོ་སྦྱོང་བྱེད་པ་དང། སྐབས་དང་ཁག་བགོས་ནས་ཏང་ཡོན་ལས་བྱེད་པར་རྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱེད་པ་དང། གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་གསོ་སྦྱོང་བྱེད་པའི་བྱ་བ་དམ་འཛིན་ཡག་པོ་བྱ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ལས་བྱེད་པའི་སློབ་གླིང་གི་སློབ་གསོ་གསོ་སྦྱོང་གི་ངེས་སྦྱོང་བསླབ་ཚན་དུ་རྩི་བ་དང། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སློབ་ཁང་སློབ་ཁྲིད་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། འབྲེལ་ཡོད་ཀྱི་སློབ་དེབ་སྒྲིག་པའི་བྱ་བ་རྩ་འཛུགས་སྒོས་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་དེབ་ཏུ་ཡོད་པ་དང། སློབ་ཁང་དུ་ཡོད་པ། བློ་ཡིད་དུ་ཡོད་པ་བཅས་ལ་སྐུལ་འདེད་གཏང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་བདེ་ཞིང་གོ་སླ་བའི་སྒོ་ནས་དོན་དངོས་དང་ཉེ་ཞིང། འཚོ་བ་དང་ཉེ་བ། མང་ཚོགས་དང་ཉེ་བའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་དང་སྡེ་ཁུལ་གྱི་ཏང་ཡོན། སྐོར་སྐྱོད་ཏང་ཡོན། “གསར་གཉིས”རྩ་འཛུགས་ཁྲོད་ཀྱི་ཏང་ཡོན་བཅས་ཀྱི་སློབ་སྦྱོང་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཏང་རྩ་འཛུགས་རེ་རེ་དང་ཏང་ཡོན་རེ་རེར་བརྒྱུད་བསྒྲགས་ཐུབ་པ་ཁག་ཐེག་བྱ་དགོས། སློབ་སྦྱོང་དང་གསོ་སྦྱོང་བྱེད་ཡུན་དུ། ཚོགས་ཆེན་གྱི་སྙན་ཞུ་སློབ་སྦྱོང་བྱེད་པ་དེ་ཚོགས་ཆེན་སྐོར་གྱི་གསུང་བཤད་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱེད་པར་ཟུང་དུ་སྦྲེལ་བ་དང། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུང་དུ་སྦྲེལ་ཏེ། 《ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ》དང། 《ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་སློབ་སྦྱོང་དང་ཟུར་ཁྲིད་ཀྱི་དྲིས་ལན་བརྒྱ་བ》《ཚོགས་ཆེན་ཉི་ཤུ་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སློབ་སྦྱོང་བྱེད་པའི་དྲི་བ་དྲིས་ལན》སོགས་ཟུར་ཁྲིད་རྒྱུ་ཆ་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་རྩ་གནད》སོགས་ཡིག་ཚང་བེད་སྤྱོད་ལེགས་པོ་བྱེད་པ་དང། “སློབ་བརྩོན་སྟོབས་ལྡན་རྒྱལ་ཁབ”དང་མཚོ་སྔོན་ལས་བྱེད་པའི་དྲ་ལམ་སློབ་གླིང་སོགས་སློབ་སྦྱོང་ལས་སྟེགས་བེད་སྤྱོད་ལེགས་པོ་བྱེད་པ་དང།《སྣེ་ཁྲིད》དང《ང་ཚོའི་དུས་རབས་གསར་པ》སོགས་ཆེད་སྒྲིག་བརྙན་འཕྲིན་བེད་སྤྱོད་ལེགས་པོ་བྱ་དགོས།
2. གསོན་ཉམས་ལྡན་པའི་སྒོ་ནས་གཅིག་བསྡུས་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་སྤེལ་དགོས། ད་ནས་བཟུང་སྟེ་སང་ལོའི་ལོ་མགོའི་བར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་གཅིག་བསྡུས་ཀྱིས་སྤེལ་དགོས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་རང་ཞིང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་ནན་ཏན་གྱིས་རྩ་འཛུགས་ཡག་པོ་བྱ་དགོས། བློ་ཞིབ་མོའི་སྒོ་ནས་ཆབ་སྲིད་ཀྱི་བྱང་ཚད་བཟང་ཞིང་གཞུང་ལུགས་ཀྱི་ཆུ་ཚད་མཐོ་ལ་སྒྲོག་འགྲེལ་གྱི་ནུས་པ་ཆེ་བའི་རྐང་འཛིན་སྟོབས་ཤུགས་བདམས་ནས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། གྲོང་ཁྱེར་རམ་ཁུལ་སོ་སོ་དང་དེ་དག་གི་ཁོངས་གཏོགས་རྫོང(གྲོང་ཁྱེར་དང་ཆུས)དང། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་སོགས་སུ་བསྐྱོད་དེ་གཅིག་བསྡུས་སྒྲོག་འགྲེལ་བྱ་དགོས། ས་ཁུལ་སོ་སོས་ཀྱང་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་དགོས། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་རྣམས་འབྲེལ་གཏུག་བྱེད་གནས་དང་ལས་བགོས་གཙོ་སྐྱོང་བྱ་ཡུལ་གྱི་སྡེ་ཁག་དང་ལས་རིགས། ས་ཁུལ་བཅས་སུ་བསྐྱོད་དེ་ཟུར་ཁྲིད་སྒྲོག་འགྲེལ་བྱ་དགོས་པ་དང། གྲོང་ཁྱེར་རམ་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོའི་གཙོ་འགན་འཁུར་མཁན་བློ་མཐུན་གྱིས་རང་གནས་སའི་ས་ཆ་དང་ལས་བགོས་གཙོ་སྐྱོང་ཁྱབ་ཁོངས་ནང་དངོས་སུ་སྒྲོག་འགྲེལ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་སྦྱོང་ལ་སྐུལ་ཁྲིད་བྱ་དགོས། ལས་བྱེད་པ་རྒན་གྲས་དང་ཏང་ཕྱིའི་མི་སྣར་སྒྲོག་འགྲེལ་བྱེད་པའི་བྱ་བ་སྤེལ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མིར་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཁྲོད་ཟབ་ཞུགས་བྱས་ནས། རང་ཉིད་ཀྱི་མྱོང་བ་དངོས་དང་མྱོང་ཚོར་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱ་དགོས། “མི་སེར་གྱི་སྒྲོག་འགྲེལ་ཁེབས་འཁོར”དང“རྟ་ཐོག་སྒྲོག་འགྲེལ་རུ་ཁག”“གླུ་གཞས་སྒྲོག་འགྲེལ་ཚོགས་པ།” “བུད་མེད་སྒྲོག་འགྲེལ་ཚོགས་པ”སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་དཔུང་སྡེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཚན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭ། དམག་སྒར། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་རིགས་སྣ་ཚོགས། དྲ་ཚིགས། དགོན་སྡེ་བཅས་སུ་སྐྱོད་པར་སྐུལ་འདེད་གཏང་དགོས། སྒྲོག་འགྲེལ་གྱི་གོ་བསྐོན་ནུས་པ་དང་མཛའ་མཐུན་ནུས་པ། ཁ་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཟུང་འབྲེལ་དང། ལོ་འདི་དག་རིང་ང་ཚོ་བརྒྱུད་པའི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ལ་ཟུང་འབྲེལ་དང། ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅལ་པའི་ལག་ལེན་དངོས་ལ་ཟུང་འབྲེལ་དང། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་བྱུང་བར་ཟུང་འབྲེལ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལྟ་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཚོ་སྔོན་བྱ་བར་གནང་བའི་མཛུབ་སྟོན་བཀའ་མཆན་གལ་ཆེན་གྱི་དགོངས་དོན་རང་ཞིང་གིས་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་གསོན་ཉམས་ལྡན་པ་ལ་ཟུང་འབྲེལ་དང། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་བ་དངོས་ལ་ཟུང་འབྲེལ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གསལ་བོར་བརྗོད་ཅིང་གོ་བར་སྨྲས་ནས། མི་སེར་གྱིས་ཧ་གོ་ནུས་པ་དང་དོན་རྟོགས་ཐུབ་པ། དོན་འཁྱོལ་བྱེད་རུང་བ་ཞིག་བྱ་དགོས།
3. སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྨྱན་སྦྱོར་གྱིས་ཇུས་འགོད་ཞིབ་ཕྲ་དང་བཀོད་སྒྲིག་ཞིབ་མོ་བྱེད་ཅིང། ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་འབུར་ཐོན་གྱིས་ཕྱོགས་མཐའ་ཀུན་དང་ཟུར་སྣེ་མང་པོ་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བར་ཚུར་སྣང་དྲག་པོ་དང་གདེང་འཇོག་བཟང་པོ་བྱས་ཚུལ་དྲིལ་བསྒྲགས་དང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་བྱེད་ཐབས་ཞིབ་ཕྲ་དང་འགུལ་སྐྱོད་དངོས་དྲིལ་བསྒྲགས་དང། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་དང་ལག་ལེན་བསྟར་བའི་དཔེ་མཚོན་བྱས་རྗེས་དང་ངང་ཚུལ་བཟང་པོ་དྲིལ་བསྒྲགས་བྱ་དགོས། དྲིལ་བསྒྲགས་ཀྱི་རྣམ་པ་དང་སྤེལ་སྟངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ་དང། མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་བེད་སྤྱད་དེ། དྲིལ་བསྒྲགས་དང་གསར་འགོད་བྱས་པ་མང་ཚོགས་དང་སྔར་བས་འདྲིས་ཆེ་ཞིང་སྔར་བས་སེམས་འགུལ་ཐེབས་ཐུབ་པ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བརྟན་ཞིང་བློ་གཅིག་སེམས་གཅིག་གིས་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་ཁྲིད་སྟོན་བྱ་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བརྗོད་དོན་རིག་རྩལ་བརྩམས་ཆོས་ལེགས་པོ་ཁག་གཅིག་འཆར་འགོད་དང་གསར་རྩོམ་བྱས་ཤིང། མང་ཚོགས་རང་བཞིན་གྱི་བརྗོད་དོན་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན“མི་སེར་དཀྱུས་མའི་ཁྱིམ་དུ་སྐྱེལ”བར་སྐུལ་འདེད་གཏང་དགོས། དྲ་ལམ་གྱི་བརྒྱུད་སྤེལ་ལས་སྟེགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་དྲ་ལམ་ཐད་གཏོང་དང་དྲ་ལམ་བརྙན་རིས། དྲ་ཐོག་སྤེལ་རེས་སོགས་ཀྱི་རྣམ་པས་དྲིལ་བསྒྲགས་བྱེད་པ་དང། དྲ་ལམ་ཡོངས་སུ་རྗེས་སྙེག་ཐུབ་པ་བྱེད་ཅིང་དྲ་དམངས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་ལན་བཏབ་ནས། དྲ་ཐོག་གི་གླེང་ཕྱོགས་བཟང་པོའི་བརྗིད་ཉམས་ཆགས་པར་སྐུལ་འདེད་གཏང་དགོས། “སློབ་བརྩོན་སྟོབས་ལྡན་རྒྱལ་ཁབ”ཀྱི་མཚོ་སྔོན་སློབ་སྦྱོང་ལས་སྟེགས་དང་ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོའི་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པ། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོ་སོ་བཅས་ཀྱིས་འགུལ་རིས་དང་དོན་འགྲེལ་རི་མོ། བརྙན་ཐུང་སོགས་ཀྱི་རྣམ་པས་ཕྱོགས་མཐའ་ཀུན་དང་ལངས་གཟུགས་ཅན་གྱི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་འགྲེལ་བརྗོད་བྱ་དགོས། གསར་འགྱུར་ཡོངས་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་པ། དུས་རབས་གསར་པའི་འབད་འཐབ་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་བཅས་བརྒྱུད། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལེགས་པོ་གསོན་ཉམས་ལྡན་པར་མངོན་དགོས།
4. གཞུང་ལུགས་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱ་དགོས། ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོ་དག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་དམིགས་ཏེ། བརྗོད་དོན་གཙོ་བོ་གཏན་འཁེལ་དང་ཆེད་སྒྲིག་ལེ་ཚན་གསར་འཛུགས་བྱས་ཐོག དཔྱད་བརྗོད་དང་གཏམ་གླེང་གི་རྩོམ་ཡིག་རབ་དང་རིམ་པ་སྤེལ་བ་དང། ཕྱོགས་བསྡུས་ཞིབ་བརྗོད་དང་ཕྲེང་བསྟར་སྒྲོག་སྤེལ། ཆེད་དོན་སྒྲོག་སྤེལ་སོགས་སྒྲོག་སྤེལ་གཏིང་ཟབ་བྱ་དགོས་ཤིང། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དག་གི་དཔྱད་བརྗོད་དང་གཏམ་གླེང། གསར་འགོད་བཅས་དུས་ཐོག་ཏུ་འགོད་པ་དང་བརྒྱུད་སྤེལ་བྱ་དགོས། མགོ་ཁྲིད་ལས་བྱེད་པ་དང་སྤྱི་ཚོགས་ཚན་རིག་གི་ཆེད་མཁས་རྩ་འཛུགས་བྱས་ཏེ་རྒྱུད་རིམ་ལྡན་པའི་ཞིབ་འཇུག་དང་འགྲེལ་བརྗོད་གཏིང་ཟབ་བྱེད་པ་དང། གནད་ལ་འཁེལ་བའི་གཞུང་ལུགས་རྩོམ་ཡིག་ཁག་ཅིག་བྲིས་ནས་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པར་རོགས་རམ་བྱ་དགོས། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་གནད་དོན་ལ་དམིགས་ནས། ཆེད་དོན་ལེ་ཚན་བཀོད་སྒྲིག་བྱེད་པ་དང། དོགས་གཞི་དང་ཐེ་ཚོམ་སེལ་བའི་འགྲེལ་བཤད་བྱེད་པར་ཤུགས་བསྣན་ཏེ། ངོས་ཟིན་རབ་རིབ་དག་འབུད་དང་བསམ་བློའི་སྨུག་རྡུལ་དྭངས་པར་བྱ་དགོས། སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་བགྲོ་གླེང་ཚོགས་འདུ་སོགས་རྩ་འཛུགས་བྱས་ནས་ཚོགས་ཏེ། ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་བྱེད་པ་བརྒྱུད། ངོས་ཟིན་ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏང་དགོས། “དཔའ་ཁས་ལེན”སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་བྱ་དགོས།
བཞི། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གྱིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཟུང་དུ་སྦྲེལ་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལྟེ་བའི་ལས་འགན་འདིར་རྩེ་གཅིག་ཏུ་དམིགས་ནས། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དམིགས་འབེན་ལས་འགན་སོ་སོ་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པར་རྒྱུན་མི་ཆད་པར་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བསྟུད་མར་ལེན་དགོས་ཤིང། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་རྒྱུར་བརྩོན་པ་དང། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་བསྐྱོད་དགོས།
1. “གཏན་འཁེལ་གཉིས”ལ་གཡོ་བ་མེད་པར་བརྩི་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་རྙེད་པ་དང། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས། ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏང་དགོས། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་གཏན་འབེབས་འགའ》ཡི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་ལ་སྔར་བས་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྔར་བས་རང་རྟོགས་ངང་སྲུང་སྐྱོང་བྱ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ལག་ལེན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ“ཕྱི་མིག་ལྟ་བ”ཏན་ཏིག་གིས་སྤེལ་བ་དང། དོན་ཚན་གལ་ཆེན་གྱི་བཀའ་ཞུ་དང་སྙན་ཞུ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། “སྦྱང་བྱ་དང་པོ”འདང་ངེས་པ་དང་གཏིང་ཟབ་པ་སྦྱོང་བ་དང། ཏང་ཨུའི(ཏང་ཙུའུ)གྲོས་དོན་དང་པོའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏང་དགོས་ལ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་བྱེད་པའི་སློབ་གསོའི་འཆར་གཞི་རྩ་འཛུགས་དང་ལག་བསྟར་བྱེད་ཅིང། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་དང་དེའི་ཁྲོད་སྟར་ལ་བརྒྱུས་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ནས། མར་ཁེ་སིའིི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་པར་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པ་དང་སྒོས་སུ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཐད་ཀྱི་གནད་དོན་དཀའ་མོ་སེལ་བའི་ནུས་པ་དང་ཆུ་ཚད་མུ་མཐུད་ཇེ་མཐོར་གཏང་དགོས།
ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས” བློ་ལ་བརྟན་པོར་བཅངས་ནས། ཆབ་སྲིད་བརྡར་ཤ་གཅོད་ནུས་དང། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང། རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང། རང་རྟོགས་ངང་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་དང། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་པ་དང། ཀྲུང་དབྱང་གིས་བཏོན་པར་མཐའ་གཅིག་ཏུ་བརྡ་ལན་སྤྲོད་ཅིང་ཏང་ཀྲུང་དབྱང་གིས་ཐག་གཅོད་བྱས་པར་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་པ་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱས་ཏེ། འགུལ་སྐྱོད་མཐའ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་འདོམས་བཞིན་བསྒྲུབ་དགོས།2. སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། ཆ་ཚང་དང་ཡང་དག་དང་ཕྱོགས་ཡོངས་ཡིན་པའི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གོ་གནས་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་སྤེལ་གཏོང་བ་དང། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་ལས། དུས་རབས་གསར་པའི་མཚོ་སྔོན་སོགས་ཞིང་ཆེན་བཞིའི་བོད་འབྲེལ་བྱ་བ་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་ཧུར་ཐག་སྒོས་འདྲེས་པར་བྱ་དགོས་པ་དང། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་ལེན་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་སྐྱེད་ཅིང་ལག་ལེན་དུ་བསྟར་བ་དང། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་བྱེ་-འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱ་དགོས་ལ། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་འཆར་འགོད(2021ལོ་ནས2035ལོ)》རྩོམ་སྒྲིག་ལེགས་པོ་དང་དོན་འཁྱོལ་ལེགས་པོ་བྱས་ནས། སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་དང་ཞིག་གསོ་བྱེད་པའི་ལས་གྲྭ་གལ་ཆེན་ལག་ཏུ་བསྟར་བ་དང། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་གཏོང་བ། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་མགྱོགས་མྱུར་ངང་བསྐྲུན་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པའི་ཐད་ཀུན་གྱི་མདུན་གྲས་སུ་བསྐྱོད་དགོས། ཐཱན་རྩེར་སོན་མངོན་འགྱུར་བྱེད་པའི་ཐད་དུ་ཧུར་ཐག་དང་བདེ་བླག་ངང་སྔོན་དུ་མདུན་སྐྱོད་དང་སྔོན་དུ་ཚོད་ལྟ་བྱས་ཏེ། རྣམ་པ་གསར་པའི་གློག་ཤུགས་མ་ལག་དང་ཐཱན་མེད་ཐོན་ལས་གླིང་ཤུགས་ཆེན་པོས་སྐྲུན་པ་དང། ལྗང་མདོག་ཐཱན་ཉུང་གི་སྤྱི་ཚོགས་འགུལ་སྐྱོད་ཀྱི་དཔེ་སྟོན་གསར་སྐྲུན་བྱས་ནས། མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་བསྐྲུན་དགོས།
མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བསྐོས་ཐང་དང་དམིགས་བསལ་དགེ་མཚན་སྔར་བས་འདོན་སྤེལ་བྱེད་པ་དང། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱ་དགོས་ལ། “ས་ཁུལ་བཞི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང། ལྗང་མདོག་ཐཱན་ཉུང་རེས་འཁོར་ངང་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་མ་ལག་འཛུགས་པ་དང། ཁྲག་ཁྲིག་རིམ་པའི་ལྗང་མདོག་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་དང་སྐྲུན་བཟོ་བྱེད་པ་དང། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རྫས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དར་རྒྱས་སུ་གཏོང་བ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱེད་པ་དང། ཆུ་ཚད་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བརྒྱུད། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དུ་དོན་དངོས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་ཞིག་གཏོད་དགོས། ས་གནས་ཀྱི་ཕྱི་དོན་བྱ་བ་ལེགས་པོར་བསྒྲུབས་ནས། རྒྱལ་ཁབ་ཀྱི་སྤྱི་ཁོག་གི་ཕྱི་འབྲེལ་བྱ་བར་ཞབས་འདེགས་ནུས་ལྡན་ཞུ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་དང། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང། འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས་ལ། “གཉིས་རྒོལ་བཞི་འགོག”བསྟུད་མར་སྤེལ་བ་དང། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ་དང། ཞིན་ཅང་དང་བོད་ལྗོངས་བརྟན་བརླིང་ཡོང་བར་བྱེད་པའི་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང། དུས་ནམ་ཡང་ལྷོད་པ་མེད་པའི་འགན་འཁུར་ལེན་སེམས་དང་འགན་འཁྲི་སྒྲུབ་སེམས་སྲུང་འཛིན་བྱ་དགོས། རང་འགུལ་གྱིས་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་བསྟུན་ཐབས། འགྱུར་ལྡོག་གཏོང་ཐབས་བྱེད་པ་དང། བདེ་འཇགས་ཆེན་མོ་དང་འཚུབ་ཟློག་ཆེན་མོའི་སྒྲོམ་གཞི་འཛུགས་པ་དང། གནོད་འགོག་གནོད་འཕྲི་གནོད་སྐྱོབ་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཐག་གཅོད་དང་འགན་སྲུང་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང། ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་སྲུང། བརྟན་བརླིང་སྲུང་སྐྱོང། འཕེལ་རྒྱས་སྐུལ་སྤེལ་བཅས་ཀྱི་བྱ་བ་སོ་སོ་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ནས། “ངང་པ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་སྣ་ཚོགས་འབྱུང་བ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས།
3. དམངས་འཚོའི་བསོད་ནམས་གོང་སྤེལ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་པ་དང། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མི་རིགས་སོ་སོའི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ་དང། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང། གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”ལག་བསྟར་གཏིང་ཟབ་བྱེད་པ་དང། མཐོ་སྒང་གི་མཛེས་པའི་གྲོང་རྡལ་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་སྐྲུན་པ་དང། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འཕེལ་རྒྱས་ལེགས་པའི་འགག་མདོའི་བཀག་རྒྱ་ཤུགས་ཆེན་པོས་གཏོར་བ་དང། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་མགྱོགས་མྱུར་གྱིས་གཏོང་བ་བཅས་བརྒྱུད། ཞིང་ཕྱུགས་ལས་ཀྱི་ཐོན་འབབ་བརྟན་ཞིང་སྤུས་ཚད་མཐོ་བ་དང། རོང་འབྲོག་པའི་ཡོང་འབབ་བརྟན་པོར་འཕར་བ། རོང་འབྲོག་ཁུལ་བརྟན་བརླིང་ཞི་འཇགས་ཡིན་པ་བཅས་ལ་སྐུལ་འདེད་གཏང་དགོས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས། དམངས་འཚོའི་དོན་དངོས་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་ཅིང། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་ཆ་ཚང་བར་བཏང་ནས། སྤུས་ཚད་མཐོན་པོའི་ངང་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་གཏང་དགོས། དམངས་ཡོངས་ལ་ཁྱབ་ཅིང་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་འདོམས་བྱེད་པ། དྲང་བཞག་གཅིག་གྱུར་དང་བདེ་འཇགས་ཚད་ལྡན་ཡིན་པ། རྒྱུན་མཐུད་རུང་བ་བཅས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་བཏང་ནས། སྤྱི་ཚོགས་འགན་སྲུང་ཞེས་པའི་དམངས་འཚོའི་བདེ་འཇགས་སྲུང་དྲ་འདི་བརྟན་པོར་བཟོ་དགོས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ། མི་དམངས་ཀྱི་བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང། གསོ་སྨན་འཕྲོད་བསྟེན་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་ཅིང། བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། རིག་གནས་ལམ་ལུགས་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང། དེང་རབས་སྤྱི་པའི་རིག་གནས་ཀྱི་ཞབས་ཕྱི་མ་ལག་འཐུས་ཚང་དུ་བཏང་ནས། མི་དམངས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པར་གཏང་དགོས།
ཡོང་འབབ་བགོ་བཤའ་དང་སློབ་གསོ། སྡོད་ཁང། རྒན་གསོ། བཅོལ་གསོ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་ཀྱི་གནད་དོན་ལ་གཅིག་འདོམས་སྒོས་ཐག་གཅོད་ལེགས་པོ་བྱེད་པ་དང། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བཞག་ལ་སྲུང་སྐྱོང་དང་སྐུལ་སྤེལ་བཏང་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་པོ་སྔར་ལས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཐོབ་པར་བྱ་དགོས། ཏང་དབྱང་གི“རིམས་བབ་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་བརྟན་སྲུང་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་ཅིང། “ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལངས་འགོག་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་སྡོམ་བྱ་བ་ནན་མོ་དང་ཞིབ་མོར་འཛིན་དགོས།
4. བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ་དང། ཏང་གི་རང་ངོས་གསར་བརྗེ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ་ཡིད་ལ་བརྟན་པོར་ངེས་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང། ཕྱོགས་ཡོངས་ནས་ཏང་གི་རང་ངོས་གཙང་སྒྱུར་དང། རང་ངོས་འཐུས་ཚང། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ལས་བྱེད་པ་སྤྱོད་གཙང་དང། སྲིད་གཞུང་སྤྱོད་གཙང། ཆབ་སྲིད་གསལ་བོ། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་བོ་ཞིག་མུ་མཐུད་ནས་བསྐྲུན་དགོས། ནན་མོའི་དགོངས་གཞི་རྒྱུན་འཁྱོངས་དང། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་ནན་མོ་དང་དམ་འཛིན་བཅས་བྱེད་པ་དང། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཨུ་ལྷན་གྱི་ལག་ལེན་དོན་འཁྱོལ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། སྤྱོད་སྲོང་སྒྲིག་ནན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཞིང། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས་ལ། ཏང་ཡོན་དང་ལས་བྱེད་པར་ཆེན་པོའི་ཀུན་སྤྱོད་ཤེས་བ་དང། སྤྱི་བའི་ཀུན་སྤྱོད་སྲུང་བ། སྒེར་གྱི་སྤྱོད་ལམ་ནན་མོ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་དུ་སྐུལ་འདེད་གཏང་དགོས། མི་འདེམས་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་བཙུགས་ནས། ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་དང། ལག་ལེན་སྦྱོང་བརྡར་དང་ཆེད་ལས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་ཅིང། འཐབ་རྩོད་གལ་ཆེན་ཁྲོད་ལས་བྱེད་པས་སྦྱོང་བརྡར་ཐོབ་པར་གཙིགས་སུ་བཟུང་ནས། ཆ་རྐྱེན་ཞན་ལ་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་འཛུགས་པ་དང། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་མགོ་ཁྲིད་ནུས་ལྡན་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་འཛུགས་སྐྱོང་བྱ་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ལམ་ལུགས་སོ་སོ་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྣམ་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང། བདེ་སྡུག་མཉམ་མྱོང། གཅིག་སེམས་གཅིག་སྦྲེལ་བཅས་ཡོང་བ་བྱ་དགོས།
5. སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། མ་འོངས་པའི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་ཚུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། “ངེས་པར་དུ་བྱ་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང། ཕྱོགས་གཅིག་ལ་བསམ་བློ་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་རྒྱག་པ། ཕུ་ཐུང་བརྫེས་ནས་ལས་ལ་གཞོལ་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་ཐོག་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་བྱེད་ཅིང། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་མུ་མཐུད་ནས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང། སྡེ་ཁུལ་གྱི“སེ་འབྲུ་ཁྱིམ་གཞིས”འཛུགས་སྐྲུན་ཟབ་སྤེལ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་གྲྭ་དང། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གྲྭ་ལག་བསྟར་བྱེད་ཅིང། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང། མི་རིགས་སོ་སོ་བར་འགྲོ་འོང་དང། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏང་དགོས། “མོས་མཐུན་ལྔ”ཟབ་ཏུ་བཏང་ནས་མི་རིགས་སོ་སོ་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་འཐམས་པ་དང། མི་རིགས་སོ་སོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བཅོས་སྐྱོང་མ་ལག་བཙུགས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གོང་བུར་འགྲིལ་གང་ཐུབ་བྱ་དགོས། རང་ཞིང་དང་ཀང་ཨའོ་ཐའེ་བར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
དམག་དམངས་མཉམ་འདྲེས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང། གཉིས་བཀུར་མཉམ་སྐྲུན་ཏན་ཏིག་ངང་ལེགས་པོར་བསྒྲུབས་ནས་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་གནས་བབ་གསར་པ་དང། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་དང། རྒྱལ་ཁབ་ས་ཆའི་བདེ་འཇགས། ཐོན་ཁུངས་ནུས་རྒྱུ་བདེ་འཇགས་བཅས་ལ་དམ་པོར་དམིགས་ཤིང། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བཅས་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱ་དགོས། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང། ཡན་ཨན་གྱི་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རྒྱུད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ལོ་རྒྱུས་ཀྱི་རང་རྟོན་བསམ་པ་ཇེ་བརྟན་དང་ལོ་རྒྱུས་ཀྱི་རང་འགུལ་ནུས་པ་ཇེ་ཆེ་རུ་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།
ལྔ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱག་དགོས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ད་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ལ་ཤུགས་རྒྱག་པ་དང། བློ་ཞིབ་མོས་རྩ་འཛུགས་དང། ཚགས་ཚུད་པོར་བཀོད་སྒྲིག་དང། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། དངོས་གནས་དྲང་གནས་ཀྱི་ཕན་འབྲས་ཐོབ་པ་ཁག་ཐེག་བྱ་དགོས།
1. བྱ་བའི་འགན་འཁུར་དོན་ཐོག་ཏུ་འཁྱོལ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། རང་ས་གནས་དང་རང་སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་ཚོགས་འདུ་བསྡུས་ནས་ཆེད་དོན་བཀོད་སྒྲིག་བྱེད་པ་དང། བླང་བྱ་གསལ་བོ་འདོན་པ། བྱ་བའི་ཇུས་གཞི་བཟོ་བ། འཆར་གཞི་ཡོད་པ་དང་གོ་རིམ་དབྱེ་ནས་ལག་བསྟར་དམ་འཛིན་བྱ་དགོས། རིམ་པ་སོ་སོའི་རྩ་འཛུགས་དང་དྲིལ་བསྒྲགས་སྡེ་ཁག་དང། འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་ཏང་ཨུ(ཏང་ཙུའུ)ཡི་གཅིག་གྱུར་མགོ་ཁྲིད་འོག་རང་འགན་རང་འཁུར་བྱས་ཏེ་སྒྲིལ་ཤུགས་ཆགས་པར་བྱ་དགོས། ཏང་ཨུའི་གཞུང་ལས་ཐིན(ཁང)གྱིས་ས་ཁུལ་དེ་དང་སྡེ་ཁག་དེ་གའི་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་དགོས། རྩ་འཛུགས་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་དང། མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་དང་ཟུང་འབྲེལ་བྱ་དགོས། དྲིལ་བསྒྲགས་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ནས་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་ཤིང། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་དམངས་གཙོའི་ཏང་ཤོག་དང། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བར་དམ་འཛིན་བྱ་དགོས། བཟོ་ཚོགས་དང། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སོ་སོའི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་གཙོ་འགན་འཁུར་བའི་བློ་མཐུན་གྱིས་སྤྱི་འགན་འཁུར་དགོས་ལ། དངོས་སུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་ལྟ་སྐུལ་དང་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་ནུས་གང་ཡོད་བཏོན་ནས་དོན་དངོས་གཉེར་མཁན་དང་དྲིལ་བསྒྲགས་བྱེད་མཁན་བྱ་དགོས་པ་མ་ཟད། སྣེ་ཁྲིད་དེ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱེད་པ་དང། སྣེ་ཁྲིད་དེ་ཁྲིད་སྟེགས་སུ་སྙན་ཞུ་འབུལ་བ། སྣེ་ཁྲིད་དེ་དོན་འཁྱོལ་དམ་འཛིན་བྱ་དགོས།
2. ཡང་དག་པའི་ཁྲིད་ཕྱོགས་བརྟན་པོར་འཛིན་དགོས། དགོངས་གཞི་ལེགས་པར་འཛིན་པ་དང་ཁྲིད་སྟོན་ལེགས་པར་བྱས་ཏེ། མཐུན་སྒྲིལ་དང་བརྟན་བརླིང། ངར་སློང། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བཅས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་བསྒྲགས། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་ཤུགས་བསྣན་དགོས། ནན་ཏན་སྒོས་ཏང་ཀྲུང་དབྱང་གི་དགོངས་དོན་ལྟར་ཕྱོགས་ཡོངས་ནས་ཡང་དག་པར་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱེད་ཅིང། དྲིལ་བསྒྲགས་ཁྲིད་སྟོན་གྱི་གཙོ་ཁྲིད་དབང་ཆ་དང་སྐད་ཆ་ཤོད་དབང་ལ་བརྟན་པོར་ཁ་ལོ་བསྒྱུར་དགོས། ཚ་གནད་དུ་གྱུར་པ་དང་ཚུར་སྣང་སྐྱེན་པའི་གནད་དོན་ལ་འགྲེལ་བཤད་རྒྱག་པ་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ་དང། དུས་དང་ཚད་དང་ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་དོན་གནས་དང་གཟབ་ནན་བབ་བརླིང། དོགས་གནད་གསེལ་བཀྲོལ་དང་བློ་ཁ་དྭངས་ཁྲིད་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཆེས་ཆེ་བའི་ཚད་ནས་གཅིག་སྒྲིལ་ཡོང་བ་བྱ་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁུར་ལམ་ལུགས་དོན་འཁྱོལ་བྱས་ཏེ། སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་བ་དང་ཁོངས་གཏོགས་ས་ཆས་དོ་དམ་བྱེད་པའི་རྩ་དོན་ལྟར། རིག་གནས་དྲིལ་བསྒྲགས་བྱེད་ས་སྣ་ཚོགས་ལ་དོ་དམ་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ནོར་འཁྲུལ་གྱི་བསམ་བློ་དང་གཏམ་གླེང། གནོད་ལྡན་གྱི་ཆ་འཕྲིན་བཅས་ཁྱབ་སྤེལ་བྱེད་པར་སྔོན་འགོག་བྱ་དགོས།
3. ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བཅས་བྱས་ཚུལ་ལ་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་དང་མཛུབ་སྟོན་བྱེད་དགོས་པ་སྟེ། སློབ་སྦྱོང་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་མ་ཟད། དོན་འཁྱོལ་བྱས་འབྲས་ལའང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་དགོས། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས། རྩ་འཛུགས་སྡེ་ཁག་གིས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ཚུལ་དེ་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལས་ཆོད་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་ཞིབ་ལས་ཁུངས་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ཚུལ་དེ་ཆེད་འགན་ལྟ་སྐུལ་དང་སྐོར་ཞིབ་སྐོར་དཔྱོད་ཀྱི་ནང་དོན་གལ་ཆེན་དུ་བཞག་སྟེ། སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བཅོས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་འབྲས་བུ་ཐོན་པར་སྐུལ་འདེད་ཏན་ཏིག་གཏང་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ཚུལ་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུ་ལ་སྙན་སེང་ཞུ་དགོས། །