ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།མཚོ་སྔོན་སྲིད་དོན།
༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2023-02-01 14:56:00

རྒྱལ་སྤེལ〔2022〕ཨང14བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།
གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་སྤྱི་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང། གྲངས་འཛིན་སྐྱེ་ཁམས་ལེགས་པོ་བསྐྲུན་པ། གྲངས་འཛིན་ཅན་གྱི་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་ཡིན་པ་དང། སྲིད་གཞུང་བཅོས་སྐྱོང་གི་འདུ་ཤེས་དང་རྣམ་པ་གསར་སྐྲུན་བྱེད་པ། གྲངས་འཛིན་བཅོས་སྐྱོང་གི་སྒྲིག་གཞི་གསར་པ་གྲུབ་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་ངང་སྒྱུར་བ་དང། ཁྲིམས་སྐྱོང་སྲིད་གཞུང་དང་སྤྱོད་གཙང་སྲིད་གཞུང་དང་ཞབས་ཕྱི་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཆེད། ད་ལྟ་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།
གཅིག འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་སྤྱིའི་བླང་བྱ།
(གཅིག)འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ། 
   
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཚོགས་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བའི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་ནས་འགོ་བཙུགས་ཏེ། གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་དང། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་དང་ཁྱད་ཆོས་གནད་ལ་འཁེལ་བར་ཁོང་དུ་ཆུད་པ་བྱས་ཏེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་འཐབ་ཇུས་དང་གཞི་གྲངས་ཆེན་པོའི་འཐབ་ཇུས་སོགས་ལག་བསྟར་བྱེད་པར་དམིགས་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རིམ་པ་སོ་སོའི་སྲིད་གཞུང་གི་ལས་སྒོའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང། གཞི་གྲངས་མཉམ་སྤྱོད་དང་གསར་སྤེལ་བེད་སྤྱོད་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱི་དང་ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོར་འདེགས་ཆེ་རུ་སོང་ལ། “མང་ན་ཐེངས་གཅིག་ལ་འགྲོ་བ”དང“དྲ་གཅིག་ཀུན་སྒྲུབ”“དྲ་གཅིག་སྤྱི་འདོམས” “དྲ་གཅིག་མཉམ་སྦྱོར” “གཏུག་ལེན་འཕྲལ་སྒྲུབ”སོགས་གསར་སྐྲུན་ལག་ལེན་བསྟུད་མར་ཐོན་པ། གྲངས་འཛིན་ལག་རྩལ་དེ་པྲོག་གསར་གློ་ཚད་རིམས་བབ་འགོག་སྡོམ་ཁྲོད་དུ་འདེགས་སྐྱོར་གྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཤིང། གྲངས་འཛིན་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་དུ་མངོན་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་དུས་རིམ་གསར་པར་སྐྱོད་པར་རྨང་གཞི་སྲ་བརྟན་བཏིང་ཡོད། འོན་ཀྱང་དེ་དང་ཆབས་ཅིག་ཏུ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཐད་སྔར་བཞིན་འབུར་དུ་ཐོན་པའི་གནད་དོན་ཁག་གཅིག་ལྷག་ཡོད་དེ། གཙོ་བོ་ནི་རྩེ་རིམ་ཇུས་འགོད་མི་འདང་བ་དང། སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་སྒོ་མི་ཚང་བ། གསར་སྐྲུན་བེད་སྤྱོད་ཀྱི་ནུས་ཤུགས་ཆེན་པོ་མེད་པ། གཞི་གྲངས་ཀྱི་བཀག་རྒྱ་སྔར་བཞིན་གནས་པ། དྲ་རྒྱའི་བདེ་འཇགས་འགན་ལེན་མ་ལག་ལ་ད་དུང་ཞན་ཆ་འབུར་ཐོན་མི་ཉུང་བ་ཡོད་པ། ལས་བྱེད་པའི་དཔུང་ཁག་གི་གྲངས་འཛིན་འདུ་ཤེས་དང་གྲངས་འཛིན་བྱང་ཚད་མཐོ་རུ་གཏོང་དགོས་པ། སྲིད་གཞུང་གི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ཆུ་ཚད་དང་རྒྱལ་ཁབ་ཀྱི་དེང་རབས་ཅན་བཅོས་སྐྱོང་གི་བླང་བྱར་བར་ཁྱད་ཅུང་ཆེན་པོ་གནས་ཡོད་པ་བཅས་སོ།།
ད་སྔ་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ཡོད་པ་དང། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་འཚམ་པར་བྱས་པ་དེས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། དཔལ་འབྱོར་སྤྱི་ཚོགས་གྲངས་འཛིན་ཅན་གྱི་རིགས་སྒྱུར་འཕེལ་ཕྱོགས་ལ་རང་འགུལ་ངང་བསྟུན་ནས། གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་དང། སྔར་བས་ཤུགས་བསྣན་ནས་བཅོས་སྒྱུར་ཚད་བརྒལ་བྱེད་པ་དང། གསར་སྐྲུན་འཕེལ་རྒྱས་བཏང་སྟེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས།
(གཉིས)སྤྱིའི་བླང་བྱ།
 1. མཛུབ་སྟོན་བསམ་བློ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། དུས་རིམ་འཕེལ་རྒྱས་གསར་པར་རྐང་ཚུགས་པ་དང། འཕེལ་རྒྱས་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་སྒྲིག་གཞི་གསར་པ་བཙུགས་ནས། གྲངས་འཛིན་ལག་རྩལ་སྲིད་གཞུང་གི་དོ་དམ་ཞབས་ཕྱི་ཁྲོད་རྒྱ་ཁྱབ་དུ་སྤྱོད་པ་དང། སྲིད་གཞུང་བཅོས་སྐྱོང་གི་བརྒྱུད་རིམ་ལེགས་སྒྱུར་དང་རྣམ་པ་གསར་སྐྲུན། འགན་སྒྲུབ་ནུས་ཤུགས་མཐོར་འདེགས་བཅས་ལ་སྐུལ་འདེད་བཏང་སྟེ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་སྲིད་གཞུང་གི་འཁོར་སྐྱོད་རྣམ་པ་གསར་པ་འཛུགས་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གིས་གྲངས་འཛིན་དཔལ་འབྱོར་དང། གྲངས་འཛིན་སྤྱི་ཚོགས། གྲངས་འཛིན་སྐྱེ་ཁམས་བཅས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང། སྐྱིད་སྣང། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།
2. གཞི་རྩའི་རྩ་དོན། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་དང། སྲིད་གཞུང་གི་གྲངས་འཛིན་ཅན་གྱི་བཅོས་སྒྱུར་དང་ལམ་ལུགས་གསར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་འགན་ལེན་བྱ་དགོས།
  མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྐོང་རྒྱུ་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩིས་ནས། ཁེ་ལས་དང་མང་ཚོགས་ཀྱིས་ཚུར་ལྡོག་ཆེ་བའི་བྱ་བ་སྒྲུབ་དཀའ་བ་དང་སྒྲུབ་དལ་བ། ལས་སྒྲུབ་རྙོག་འཛིང་ཡིན་པ་བཅས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་གང་ཐུབ་བྱེད་པ་དང། གྲངས་འཛིན་གྱིས་ཀུན་ལ་ཕན་པ་རྒྱུན་འཁྱོངས་དང“གྲངས་འཛིན་གྱི་ཧེ་བག”མེད་པ་བཟོས་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱ་དགོས།
  བཅོས་སྒྱུར་གྱིས་སྣེ་འཁྲིད་པ་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོར་དམིགས་ནས། བཅོས་སྒྱུར་གྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང། རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་དམ་ཟབ་དང། ལག་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་བཅས་འཁོར་གཉིས་སྐུལ་འདེད་གཏོང་བར་དོ་སྣང་བྱེད་པ། གྲངས་འཛིན་ཅན་གྱི་བཅོས་སྒྱུར་ལ་བརྟེན་ནས་སྲིད་གཞུང་གི་འགན་ནུས་སྒྱུར་བར་རམ་འདེགས་བྱེད་པ། སྲིད་གཞུང་བཅོས་སྐྱོང་གི་ཕྱོགས་གང་ཅིའི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། སྲིད་གཞུང་གི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་གྲངས་འཛིན་ཅན་གྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏང་དགོས།
  གཞི་གྲངས་ཀྱི་ནུས་པ་རྒྱུན་འཁྱོངས་བྱ་དགོས། གཞི་གྲངས་བཅོས་སྐྱོང་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་འཛུགས་པ་དང། གཞི་གྲངས་གཅིག་བསྡུས་མཉམ་འདྲེས་དང་མཉམ་སྤྱོད་སྒོ་འབྱེད། གསར་སྤེལ་བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་གྲངས་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏང་དགོས་ལ། གཞི་གྲངས་ཀྱི་རྨང་གཞིའི་ཐོན་ཁུངས་ཀྱི་བྱེད་ནུས་དང་གསར་སྐྲུན་སྒུལ་ཤུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང། སྲིད་གཞུང་གི་ཇུས་ཆོད་ཚན་རིག་ཅན་གྱི་ཆུ་ཚད་དང་དོ་དམ་ཞབས་ཕྱིའི་ལས་ཕྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་དགོས།
   ཁྱོན་ཡོངས་ནས་མཉམ་ལས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། མ་ལག་གི་འདུ་ཤེས་ཆེ་རུ་གཏོང་བ་དང། མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་སྲིད་གཞུང་གི་ཞིབ་ལས་ཅན་གྱི་འཛུགས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས། ལག་རྩལ་མཉམ་འདྲེས་དང་ལས་སྒོ་མཉམ་འདྲེས། གཞི་གྲངས་མཉམ་འདྲེས་བཅས་ལ་གཅིག་འདོམས་ངང་སྐུལ་འདེད་གཏང་དགོས་ལ། རིམ་པ་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། མ་ལག་ལས་བརྒལ་བ། སྡེ་ཁག་ལས་བརྒལ་བ། ལས་སྒོ་ལས་བརྒལ་བ་བཅས་ཀྱི་མཐུན་སྦྱོར་དོ་དམ་དང་ཞབས་ཕྱིའི་ཆུ་ཚད་མཐོ་རུ་གཏོང་བ་དང། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང“ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་ནུས་ལྡན་སྦྲེལ་མཐུད་དང་གཅིག་འདོམས་སྐུལ་འདེད་ལེགས་པོར་བསྒྲུབས་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང་གྲངས་འཛིན་དཔལ་འབྱོར་དང་གྲངས་འཛིན་སྤྱི་ཚོགས་བཅས་ཀྱི་མཐུན་སྦྱོར་གོང་སྤེལ་ལ་སྐུལ་འདེད་གཏང་དགོས།
   བདེ་འཇགས་ཚོད་འཛིན་ཐུབ་པ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང། འཕེལ་རྒྱས་ལ་སྐུལ་འདེད་དང་ཁྲིམས་ལྟར་དོ་དམ་ཕན་ཚུན་གཅིག་གྱུར་དང། བདེ་འཇགས་ཚོད་འཛིན་ཐུབ་པ་དང། སྒོ་འབྱེད་གསར་སྐྲུན་གལ་ཆེ་མཉམ་བརྩི་རྒྱུན་འཁྱོངས་བྱས་ཤིང། དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱེད་པ། ལམ་ལུགས་དང་དོ་དམ། ལག་རྩལ་སྦྲེལ་མཐུད་བཅས་ཆ་འགྲིག་གི་བདེ་འཇགས་འགོག་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི་ཐ་ཐིག་དངོས་གནས་སྲུང་ཐུབ་དགོས།
3. དམིགས་འབེན་གཙོ་བོ།  2025ལོར་སླེབས་དུས། སྲིད་གཞུང་གི་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དང་འཚམ་པའི་གྲངས་འཛིན་སྲིད་གཞུང་གི་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་བ་དང། གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྲིད་གཞུང་གི་གྲངས་འཛིན་ཅན་གྱི་འགན་སྒྲུབ་ནུས་ཤུགས་དང་བདེ་འཇགས་འགན་ལེན། ལམ་ལུགས་སྒྲིག་སྲོལ། གཞི་གྲངས་ཐོན་ཁུངས། ལས་སྟེགས་འདེགས་སྐྱོར་སོགས་གྲངས་འཛིན་སྲིད་གཞུང་གི་མ་ལག་གི་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས་ལ། སྲིད་གཞུང་གི་འགན་སྒྲུབ་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་བ་དང། སྲིད་གཞུང་གི་ཇུས་ཆོས་ཚན་རིག་ཅན་དང་སྤྱི་ཚོགས་བཅོས་སྐྱོང་གི་གནད་འཁེལ་ཅན། སྤྱི་པའི་ཞབས་ཕྱི་ནུས་མཐོ་ཅན་བཅས་ལ་འཕེལ་རིམ་གལ་ཆེན་ལེན་དགོས་ཤིང། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དེས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་ཕྱི་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཕྱི་རྣམ་པའི་སྲིད་གཞུང་འཛུགས་པ་སོགས་ཐད་དུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱ་དགོས།
   2035ལོར་སླེབས་དུས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དང་འཚམ་པའི་གྲངས་འཛིན་སྲིད་གཞུང་མ་ལག་གི་སྒྲོམ་གཞི་སྔར་བས་འཐུས་ཚང་དང། སྤྱི་ཡོངས་མཐུན་སྦྱོར་དང་མྱུར་ཞིང་ནུས་ཆེ། རིག་ནུས་གནད་འཁེལ། སྒོ་དབྱེ་ཁ་གསལ། དྲང་སྙོམས་ཀུན་ཕན་བཅས་ཀྱི་གྲངས་འཛིན་སྲིད་གཞུང་གཞི་རྩའི་ཆ་ནས་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།
  གཉིས། མཐུན་སྦྱོར་ནུས་ཆེའི་སྲིད་གཞུང་གི་གྲངས་འཛིན་ཅན་གྱི་འགན་སྒྲུབ་ནུས་ཤུགས་མ་ལག་གཟུག་དགོས། སྲིད་གཞུང་གིས་འགན་འཁྲི་སྒྲུབ་པ་དང་སྲིད་དོན་འཁོར་སྐྱོད་གྲངས་འཛིན་ཅན་དུ་སྒྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་སྲིད་དོན་བཀོལ་སྤྱོད་མ་ལག་ལེགས་བསྡུས་ཞིབ་གཉེར་གྱིས་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད། མཐུན་སྦྱོར་མཉམ་འགུལ་བྱེད་པར་གཅིག་འདོམས་ངང་སྐུལ་འདེད་གཏང་དགོས་ལ། སྲིད་འཛིན་དོ་དམ་དང་ཞབས་ཕྱི་བྱེད་སྟངས་གསར་སྐྲུན་བྱས་ཏེ། སྲིད་གཞུང་གི་འགན་སྒྲུབ་ཕྱོད་ནུས་ཁྱོན་ཡོངས་ནས་མཐོར་འདེགས་གཏང་དགོས།
 (གཅིག)དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་གྲངས་ཆེན་མོར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་སྙོམ་སྒྲིག་བྱེད་ནུས་ཆེ་རུ་གཏང་དགོས།གྲངས་འཛིན་ལག་རྩལ་དེ་སྤྱི་ཁོག་སྙོམ་སྒྲིག་གི་ཇུས་ཆོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དབྱེ་ཞིབ། མ་འཇོག་ལ་ལྟ་སྐུལ་དོ་དམ། ནོར་སྲིད་སྔོན་རྩིས་ལ་དོ་དམ། གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་སོགས་ཀྱི་ཐད་རྒྱ་ཁྱབ་ངང་སྤྱད་དེ། སྲིད་གཞུང་གི་དཔལ་འབྱོར་སྙོམ་སྒྲིག་གྲངས་འཛིན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏང་དགོས། དཔལ་འབྱོར་གྱི་གཞི་གྲངས་སྡེབ་སྒྲིག་དང་གཅིག་སྡུད། བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏང་དགོས། དཔལ་འབྱོར་བཅོས་སྐྱོང་གི་རྨང་གཞིའི་གཞི་གྲངས་མཛོད་ཁྱོན་ཡོངས་ནས་འཛུགས་པ་དང། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་འགག་རྩའི་གཞི་གྲངས་ཀྱི་འབྲེལ་ཐག་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོར་བཅོས་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ནུས་ཤུགས་གདོན་དགོས།
  གཞི་གྲངས་ཆེན་མོ་སྤྱད་དེ་དཔལ་འབྱོར་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏང་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་འཁོར་ཧྲིལ་པོར་ཁྱབ་པའི་བསྡོམས་རྩིས་ལ་ལྟ་ཞིབ་ཚད་ལེན་དང་ཕྱོགས་བསྡུས་དབྱེ་ཞིབ་བྱེད་ནུས་ཆེ་རུ་གཏོང་བ་དང། དཔལ་འབྱོར་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་འཁོར་ལས་བརྒལ་བའི་སྲིད་ཇུས་ཇུས་འགོད་ལ་རམ་འདེགས་བྱེད་པ། དུས་འཁོར་ལྡོག་པའི་སྙོམ་སྒྲིག་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། དཔལ་འབྱོར་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་མཐུན་སྦྱོར་རང་བཞིན་མཐོ་རུ་གཏང་དགོས། རྒྱལ་ཁབ་ཀྱི་འཆར་འགོད་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། དཔལ་འབྱོར་འཁོར་སྐྱོད་ཀྱི་འགུལ་རྣམ་ཤེས་ཚོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་སོ་སོའི་དཔལ་འབྱོར་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྙོམ་སྒྲིག་སྲིད་ཇུས་ཀྱི་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན། ནུས་ལྡན་རང་བཞིན་བཅས་མུ་མཐུད་དུ་མཐོར་འདེགས་གཏང་དགོས།
(གཉིས)ཤེས་རིག་ལྟ་སྐུལ་དོ་དམ་ཁྱབ་བརྡལ་ཤུགས་ཆེན་བཏང་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་ཤུགས་མཐོར་འདེགས་གཏང་དགོས།གྲངས་འཛིན་ལག་རྩལ་གྱི་འདེགས་སྐྱོར་བེད་སྤྱོད་གང་ལེགས་བྱས་ཏེ་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གསར་པ་འཛུགས་པ་དང། ཕྱོགས་ཡོངས་དང་རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་གང་མགྱོགས་ངང་འཛུགས་པ། དོན་གྱི་མགོ་མཇུག་བར་གསུམ་གྱི་སྦྲེལ་ཐག་ཧྲིལ་པོའི་ཁྱབ་ཁོངས་ཡོངས་ཀྱི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས་ནས། ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པར་བརྟེན་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གནད་འཁེལ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏང་དགོས། ལྟ་སྐུལ་དོ་དམ་དོན་ཚན་གྱི་གསལ་ཐོ་གྲངས་འཛིན་ཅན་དུ་འགྱུར་བའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང། འབྱུང་ཁུངས་མང་བའི་གཞི་གྲངས་སྤྱད་དེ་ཁྲོམ་རའི་བྱེད་པོར་གནད་འཁེལ་གྱི“པར་རིས”འབྲི་བ་དང། ཉེན་ཁ་ཞིབ་གཅོད་དང་སྔོན་དཔག་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏང་དགོས།“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་བྱ་བའི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་ཡིད་རྟོན་ལ་གཞིགས་ནས་བར་ཁྱད་ཅན་དུ་ལྟ་སྐུལ་དོ་དམ་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བྱེད་པོ་ཡོངས་དང་སྣ་ཁ་ཧྲིལ་པོ། སྦྲེལ་ཐག་ཧྲིལ་པོ་བཅས་གྲངས་འཛིན་ཅན་གྱི་ཁུངས་འདེད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས།
   གཞི་གཅིག་ཅན་གྱི་དྲ་ཐོག་ལྟ་སྐུལ་དོ་དམ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་མཐུན་སྦྱོར་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས།“མཉམ་སྦྲེལ་དྲ་བ+ལྟ་སྐུལ་དོ་དམ”ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་ལྟ་སྐུལ་དོ་དམ་ལས་སྟེགས་འཛུགས་པ། ལྟ་སྐུལ་དོ་དམ་གྱི་གཞི་གྲངས་དང་སྲིད་འཛིན་ཁྲིམས་བསྟར་གྱི་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་དང་བེད་སྤྱོད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་གཞི་གྲངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁུལ་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་མཐུན་སྦྱོར་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་ནས། གྲངས་འཛིན་ཉོ་ཚོང་ས་ཁོངས་བརྒལ་བའི་ལྟ་སྐུལ་དོ་དམ་བྱེད་ནུས་མཐོར་འདེགས་གཏང་དགོས། ལྟ་སྐུལ་དོ་དམ་ལག་རྩལ་གསར་པར་བརྟེན་ནས་ལྟ་སྐུལ་དོ་དམ་རིག་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏང་དགོས། ལས་ཡུལ་དངོས་མིན་པ་དང་དངོས་པོའི་མཉམ་སྦྲེལ་ཚོར་ཤེས། ལག་ཐོག་སྤོ་སྒུལ། མཐིལ་རྟོགས་རྣམ་པ་སོགས་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ་དང་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏང་དགོས། དྲ་བས་དྲ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང། ལས་སྟེགས་དཔལ་འབྱོར་སོགས་ཁྱབ་ཁོངས་གཙོ་བོར་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ནུས་ཁྱོན་ཡོངས་ནས་མཐོར་འདེགས་གཏང་དགོས།
(གསུམ)གྲངས་འཛིན་ཅན་གྱི་བཅོས་སྐྱོང་བྱེད་སྟངས་གསར་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་དོ་དམ་བྱེད་ནུས་མཐོར་འདེགས་གཏང་དགོས།སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་དེ་ཕྱོགས་རྐྱང་པའི་དོ་དམ་ནས་ཕྱོགས་གཉིས་མཉམ་འགུལ་དང་དྲ་ཕྱི་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། འགལ་རྩོད་སེལ་བ་དང་སྤྱི་ཚོགས་བདེ་འཇགས་འགོག་སྡོམ། སྤྱི་པའི་བདེ་འཇགས་འགན་ལེན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ནུས་ཤུགས་ཆེ་རུ་གཏང་དགོས། སྤྱི་ཚོགས་ཀྱི་འགལ་བ་སེལ་བའི་ནུས་ཤུགས་མཐོར་འདེགས་གཏང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ཞིང། དྲ་ཐོག་སྲིད་འཛིན་བསྐྱར་གྲོས་དང་དྲ་ཐོག་ཡིག་སྐུར་ངོ་གཏུག དྲ་ཐོག་འདུམ་འགྲིག ཤེས་རིག་བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འགལ་རྩོད་འབྱུང་རྩ་ནས་སྔོན་འགོག་དང་གྲལ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་གཏང་དགོས།
སྤྱི་ཚོགས་བདེ་འཇགས་འགོག་སྡོམ་མ་ལག་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།“དྭངས་གསལ་ལས་གྲྭ”དང་སྤྱི་བདེའི་གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང། ནག་ཉེས་ལ་རྡུང་རྡེག བདེ་སྐྱོང་མཉམ་འགུལ་སོགས་ཀྱི་ཐད་གྲངས་འཛིན་ཅན་གྱི་བྱེད་ཐབས་བེད་སྤྱོད་གཏིང་ཟབ་ཏུ་སྤེལ་ནས། ཉེན་ཁ་སྣ་ཚོགས་སྔོན་དཔག་དང་ཉེན་བརྡ་སྔོན་གཏོང། སྔོན་འགོག་བཅས་ཀྱི་ནུས་ཤུགས་ཆེ་རུ་གཏང་དགོས། ཤེས་རིག་འཚུལ་ཟློག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། འཚུབ་ཟློག་བཀོད་འདོམས་འཕྲིན་གཏོང་དྲ་བ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། འཚུབ་ཟློག་ལྟ་སྐུལ་དོ་དམ་དང་བཀོད་འདོམས་རོགས་སྐྱོབ། དངོས་ཟོག་འགན་ལེན། སྤྱི་ཚོགས་སྐུལ་སློང་བཅས་ཀྱི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གནད་འཁེལ་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས། “མཉམ་སྦྲེལ་དྲ་བ+གཞི་རིམ་བཅོས་སྐྱོང”གི་འགུལ་སྐྱོད་ལག་བསྟར་བྱས་ཏེ། གཞི་རིམ་གྱི་དོ་དམ་ཞབས་ཕྱིའི་ལས་སྟེགས་གསར་པ་འཛུགས་པ་དང། རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་རིག་ལྡན་བཅོས་སྐྱོང་ནུས་ཤུགས་མཐོར་འདེགས་གཏང་དགོས།
 (བཞི)ཁེ་ལས་ལ་ཕན་པ་དང་དམངས་ལ་བདེ་བའི་གྲངས་འཛིན་ཅན་གྱི་ཞབས་ཕྱི་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས། སྤྱི་པའི་ཞབས་ཕྱིའི་ནུས་ཤུགས་མཐོར་འདེགས་གཏང་དགོས།རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ཀྱི་བྱེད་ནུས་རྒྱུན་མཐུད་ངང་ལེགས་སྒྱུར་གཏོང་བ་དང། སྤྱི་པའི་ཞབས་ཕྱི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། ཁེ་ལས་དང་མང་ཚོགས་ཀྱི་རིམ་པ་མང་བའི་ཞབས་ཕྱིའི་དགོས་མཁོ་སྣ་མང་ཅན་རྒྱུན་ཆད་མེད་པར་བསྐང་དགོས། རྒྱ་ཁྱབ་ཏུ་གནས་པའི་ཞབས་ཕྱིའི་མ་ལག་ཅིག་བསྐྲུན་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ཀྱི“དྲ་གཅིག་ཀུན་སྒྲུབ”ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་ཐོག་དང་དྲ་ཕྱིར་སྲིད་དོན་ཞབས་ཕྱིའི་ཚད་གཞི་གཅིག་གྱུར་དང་ཁྱོན་ཡོངས་ནས་མཉམ་འདྲེས། ཞབས་ཕྱི་སྤུས་ཚད་གཅིག་མཚུངས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། དུས་ཚོད་ཧྲིལ་པོར་དྲ་ཐོག་དང་ཐབས་ལམ་སྣ་མང། རྒྱལ་ཡོངས་སུ་ཀུན་སྒྲུབ་བཅས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་མ་ལག་གཟུག་དགོས། རིག་ལྡན་སྟབས་བདེའི་ཞབས་ཕྱིའི་ནུས་ཤུགས་མཐོར་འདེགས་གཏང་དགོས། སྲིད་དོན་ཞབས་ཕྱིའི་དོན་ཚན་གཅིག་བསྡུས་ཅན་གྱི་སྒྲུབ་གཉེར་ཁྱབ་བརྡལ་གཏོང་བ་དང།“རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པ”དང“དམངས་འཚོ་ཐད་གཏོང”སོགས་ཀྱི་ཞབས་ཕྱི་བྱེད་སྟངས་ཁྱབ་བརྡལ་གཏོང་བ། ལག་ཐོག་ལས་སྒྲུབ་ཞབས་ཕྱིའི་རྣམ་པ་གསར་པ་བསྐྲུན་ནས། རང་འགུལ་གྱིས་ཞབས་ཕྱི་སྒྲུབ་པ་དང་གནད་འཁེལ་ངང་ཞབས་ཕྱི་སྒྲུབ་པ། མཐུན་སྦྱོར་ངང་ཞབས་ཕྱི་སྒྲུབ་པ། རིག་ལྡན་གྱིས་ཞབས་ཕྱི་སྒྲུབ་པ་བཅས་ཀྱི་ནུས་ཤུགས་ཇེ་མཐོར་གཏང་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཕྱི་སྤུས་ལེགས་འདོན་སྤྲོད་བྱ་དགོས། གྲངས་འཛིན་ལག་རྩལ་ལ་བརྟེན་ནས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང། “ལས་རིགས་གཅིག་ལ་འཁྲོལ་འཛིན་གཅིག”སོགས་ལག་ཁྱེར་སྤྲད་རྗེས་འཁྲོལ་འཛིན་ཉུང་དུ་གཏོང་བ་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེར་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཉུང་དུ་གཏོང་བ་དང། རྒྱུ་ཆ་ཉུང་དུ་གཏོང་བ། དུས་བཀག་ཉུང་དུ་གཏོང་བ། འགྲོ་གྲོན་ཉུང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏང་དགོས། ཁེ་ལས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་པོའི་ཞབས་ཕྱིར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་དང་འབྲེལ་བའི་ཞིབ་མཆན་འགོད་པ་དེ་དྲ་གཅིག་ཀུན་སྒྲུབ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་འཁེལ་ངང་སྐུར་གཏོང་དང། སྲིད་ཇུས་ལག་བསྟར་ཐད་ཀར་ལོངས་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏང་དགོས།
  འདྲ་མཉམ་ཀུན་ཕན་གྱི་དམངས་འཚོའི་ཞབས་ཕྱི་རྒྱ་སྐྱེད་གཏང་དགོས།“ཁཱ་མང་གཅིག་སྒྲིལ”དང“ཨང་མང་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་རྒྱུར་འཚོལ་ཞིབ་དང། གཞི་རྩའི་སྤྱི་པའི་ཞབས་ཕྱི་གྲངས་འཛིན་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱུ་མང་ཟབ་ཞུགས་དང་བྱེད་ནུས་ཆ་ཚང་གི་གྲངས་འཛིན་ཅན་གྱི་འཚོ་བའི་དྲ་བ་ཧུར་ཐག་གིས་བསྐྲུན་ནས། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་ཞབས་ཕྱིའི་ནུས་ཤུགས་མཐོར་འདེགས་གཏང་དགོས། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་དགོས་མཁོར་དམིགས་ནས། དྲ་ཐོག་དང་དྲ་ཕྱིའི་ཞབས་ཕྱིའི་ཐབས་ལམ་འཐུས་ཚང་དུ་གཏོང་བ་དང། ཆ་འཕྲིན་གེགས་མེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དམིགས་བསལ་ཚོགས་སྤྱིར་རིག་ནུས་ལག་རྩལ་སྤྱོད་པའི་ཐད་འཕྲད་པའི་འབུར་ཐོན་གྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱ་དགོས།
  (ལྔ)འགུལ་རྣམ་ཤེས་ཚོར་དང་ལངས་གཟུགས་འགོག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་ཤུགས་མཐོར་འདེགས་གཏང་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲངས་འཛིན་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང། སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་འོས་འཚམ་རང་བཞིན། ཐོན་ཁུངས་བེད་སྤྱོད་ཀྱི་ཚན་རིག་རང་བཞིན་བཅས་མཐོར་འདེགས་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འདེགས་སྐྱོར་སྔར་ལས་ལེགས་པ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་བཅོས་སྐྱོང་ནུས་ཤུགས་མཐོར་འདེགས་གཏང་དགོས། གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་རིག་ནུས་ཤེས་ཚོར་མ་ལག་འཛུགས་པ་དང། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ། རླུང་ཁམས་ཆེན་པོ་དང་ཆུ། ས་གཤིན། རང་བྱུང་སྐྱེ་ཁམས། ཉིང་རྡུལ་དང་ཁྱབ་འགྱེད། གནམ་གཤིས་འགྱུར་ལྡོག་སོགས་གཞི་གྲངས་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། བཞུར་ཁོངས་གཙོ་བོ་དང་ས་ཁོངས་གཙོ་བོའི་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏང་དགོས།
  རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཕྱོད་ཇེ་མཐོར་གཏང་དགོས། གནད་འཁེལ་ཤེས་ཚོར་དང་རིག་ལྡན་དོ་དམ་ཚོད་འཛིན་གྱི་མཐུན་སྦྱོར་བཅོས་སྐྱོང་མ་ལག་འཛུགས་པ་དང། རང་བྱུང་ཐོན་ཁུངས་ཀྱི་རྩ་གསུམ་ལངས་གཟུགས་ཀྱི“པར་རིས་གཅིག”དང་རྒྱལ་ཁོངས་བར་སྟོང་གི་རྨང་གཞིའི་ཆ་འཕྲིན་ལས་སྟེགས་འཐུས་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་ལག་བསྟར། རྒྱ་མཚོའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད། ཆུའི་ཐོན་ཁུངས་དོ་དམ་བཀོད་སྒྲིག་བཅས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏང་དགོས། ལྗང་མདོག་ཐཱན་ཉུང་གི་རིགས་སྒྱུར་ལ་སྐུལ་འདེད་གཏང་དགོས། ཐཱན་འབུད་གཏོང་གི་རིག་ནུས་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་ཞིབ་རྩིས་མ་ལག་གང་མགྱོགས་ཀྱིས་འཛུགས་པ་དང། ལེགས་བསྡུས་ཞིབ་གཉེར་གྲོན་ཆུང་དང་འཁོར་རྒྱུག་ནུས་མཐོ། ཀུན་ཕན་མཉམ་སྤྱོད་བཅས་ཀྱི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སྒྲིག་གཞི་གསར་པ་ཆགས་པར་སྐུལ་འདེད་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བར་ཞབས་ཕྱི་དང་འགན་སྲུང་བྱ་དགོས།
 (དྲུག)གྲངས་འཛིན་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། སྲིད་དོན་འཁོར་སྐྱོད་ཀྱི་ཕྱོད་ནུས་མཐོར་འདེགས་གཏང་དགོས།གཞོགས་འདེགས་ཇུས་ཆོད་ནུས་ཤུགས་མཐོར་འདེགས་གཏང་དགོས། གཞི་གྲངས་ཆེན་མོས་ཚན་རིག་དང་མཐུན་པའི་གཞོགས་འདེགས་ཇུས་ཆོད་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང། ཇུས་ཆོད་ཆ་འཕྲིན་ཐོན་ཁུངས་མ་ལག་འཛུགས་སྐྲུན་ལ་གཅིག་འདོམས་ངང་སྐུལ་འདེད་གཏོང་བ། འབྱུང་ཁུངས་མང་བའི་གཞི་གྲངས་ཐོན་ཁུངས་གཅིག་བསྡུས་དང་སྡེབ་སྒྲིག་གང་ལེགས་བྱེད་པ། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་དབྱེ་ཞིབ། འཕེལ་ཕྱོགས་ཞིབ་གཅོད། ཕན་འབྲས་དཔྱད་དཔོག ཉེན་ཁ་འགོག་སྡོམ་སོགས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་བསྐྱེད་ནས། སྲིད་གཞུང་གི་ཇུས་ཆོད་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏང་དགོས། སྲིད་འཛིན་ལག་བསྟར་ནུས་ཤུགས་མཐོར་འདེགས་གཏང་དགོས། གྲངས་འཛིན་ལག་རྩལ་བཀོལ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང། སྲིད་འཛིན་ལག་བསྟར་བྱེད་སྟངས་གསར་སྐྲུན་བྱས་ནས། སྲིད་གཞུང་གི་ལག་བསྟར་བྱེད་ནུས་དངོས་གནས་མཐོ་རུ་གཏང་དགོས། གཞི་གཅིག་ཅན་གྱི་མཐུན་སྦྱོར་གཞུང་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང། ནང་ཁུལ་གྱི་གཞུང་ལས་དང་ལས་ཁུངས་ཀྱི་ལས་དོན་དོ་དམ་སོགས་ཐད་ཀྱི་ཐུན་མོང་རང་བཞིན་གྱི་གཞུང་ལས་བེད་སྤྱོད་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། ལས་ཁུངས་ནང་ཁུལ་གྱི་ཞབས་ཕྱིའི་དོན་ཚན་དྲ་ཐོག་ནས་གཅིག་སྡུད་ཅན་དུ་སྒྲུབ་གཉེར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་ཁུངས་ཀྱི་འཁོར་སྐྱོད་ཕྱོད་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏང་དགོས།
  སྲིད་འཛིན་ལྟ་སྐུལ་གྱི་ཆུ་ཚད་མཐོར་འདེགས་གཏང་དགོས། ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་སྲིད་འཛིན་དབང་ཆའི་དོན་ཚན་འཁོར་སྐྱོད་བྱེད་རིམ་སྲ་བརྟན་དུ་བཏང་ནས། སྲིད་འཛིན་ཞིབ་མཆན་དང་སྲིད་འཛིན་ཁྲིམས་བསྟར། སྤྱི་པའི་ཐོན་ཁུངས་ཉོ་ཚོང་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་གྲངས་འཛིན་ཅན་དུ་འཁོར་སྐྱོད་དང་དོ་དམ། ལྟ་སྐུལ་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། སྲིད་འཛིན་དབང་ཆ་ཚད་ལྡན་དང་ཕྱི་གསལ་ནང་གསལ་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏང་དགོས། “མཉམ་སྦྲེལ་དྲ་བ+ལྟ་སྐུལ་ཞིབ་བཤེར”རྐྱེན་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། དམིགས་འབེན་གནད་འཁེལ་དང་ཕན་འབྲས་ལ་དང་དོད། བརྟོལ་བའི་རང་བཞིན་དྲག་པ་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་གསར་པ་ཆགས་པར་བྱེད་པ་དང། ལྟ་སྐུལ་ཞིབ་བཤེར་ཕྱོད་ནུས་མཐོར་འདེགས་སུ་བཏང་ནས། སྲིད་བཀའ་ཤར་བགྲོད་ཐུབ་པར་འགན་སྲུང་བྱ་དགོས།(བདུན)ཡོངས་བསྒྲགས་ལས་སྟེགས་ཀྱི་རིག་ནུས་ཞིབ་གཉེར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྲིད་དོན་ཡོངས་བསྒྲགས་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས།སྲིད་ཇུས་ཆ་འཕྲིན་གྲངས་འཛིན་ཅན་དུ་ཁྱབ་བསྒྲགས་བྱེད་པར་ལེགས་སྒྱུར་བྱ་དགོས། སྲིད་དོན་ཡོངས་བསྒྲགས་ཆ་འཕྲིན་ཅན་གྱི་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང། རིགས་དབྱེ་རིམ་དབྱེ་དང་གཅིག་བསྡུས་གཅིག་གྱུར། མཉམ་སྤྱོད་མཉམ་བཀོལ། འགུལ་རྣམ་གསར་སྒྱུར་བཅས་ཀྱི་སྲིད་ཇུས་ཡིག་ཆའི་མཛོད་འཛུགས་སྐྲུན་བྱ་དགོས།
  དྲ་ཐོག་ཁྱབ་བསྒྲགས་གཙོ་བོར་བྱེད་པ་དང་ཁྱབ་བསྒྲགས་ཐབས་ལམ་གཞན་དག་གཞོགས་འདེགས་སུ་བྱེད་པའི་སྲིད་ཇུས་ཁྱབ་བསྒྲགས་ཀྱི་སྒྲིག་གཞི་གསར་པ་གང་མགྱོགས་ཀྱིས་གཟུག་དགོས། སྲིད་ཇུས་རིག་ནུས་ཀྱིས་བསྐུར་སྐྱེལ་ཞབས་ཕྱི་ལེགས་སྒྱུར་བྱས་ཏེ།“མིས་སྲིད་ཇུས་འཚོལ་བ”དེ“སྲིད་ཇུས་ཀྱིས་མི་འཚོལ་བའི”ཕྱོགས་སུ་བསྒྱུར་དགོས། གྲངས་འཛིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་གསང་རྒྱ་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། ཞིབ་བཤེར་ཚད་གཞི་ནན་མོ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས། སྲིད་དོན་སྨྱན་བྱད་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྲིད་ཇུས་ཁྱབ་སྤེལ་ཡག་པོ་བྱ་དགོས། སྲིད་དོན་སྨྱན་བྱད་གསར་པའི་ལིང་ཚེ་མ་ལག་ཧུར་ཐག་གིས་བཙུགས་ནས། སྤྱི་ཡོངས་མཉམ་འགུལ་དང་འགུལ་ཚད་མཉམ་འགུལ་གྱི་སྲིད་ཇུས་ཆ་འཕྲིན་ཁྱབ་སྤེལ་གྱི་སྒྲིག་གཞི་ཆགས་པར་བྱ་དགོས། རིགས་མི་འདྲ་བའི་སྨྱན་བྱད་གསར་པའི་ལས་སྟེགས་ཁྱབ་སྤེལ་གྱི་ཁྱད་ཆོས་དང་འཚམ་པར་བྱས་ཏེ། སྣ་མང་ཅན་གྱི་སྲིད་ཇུས་འགྲེལ་བཤད་ཐོན་རྫས་གསར་སྤེལ་བྱ་དགོས།སྲིད་དོན་སྨྱན་བྱད་གསར་པར་བརྟེན་ནས་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་སྲིད་དོན་གླེང་ཕྱོགས་ལ་ལན་སློག་པའི་བྱ་བ་ལེགས་པར་བསྒྲུབ་དགོས།
   མང་ཚོགས་ཀྱི་དགོས་མཁོར་བསྟུན་ནས་མཉམ་འགུལ་ཐབས་ལམ་ཤར་གཏོང་བྱ་དགོས། སྲིད་གཞུང་དྲ་ཚིགས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལས་སྟེགས་ཀྱི་གཅིག་གྱུར་ཤེས་བྱའི་དྲིས་ལན་མཛོད་ཀྱིས་འདེགས་སྐྱོར་དུ་བྱས་ཏེ། སྲིད་དམངས་མཉམ་འགུལ་སྟབས་བསྟུན་ངང་སྤེལ་བ་དང། གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རྣམ་པ་ཤེས་ཚོར་དང། ཚན་རིག་དང་མཐུན་པའི་ཇུས་ཆོད་ལ་གཞོག་འདེགས་བྱས་ཏེ། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བསློག་དགོས།གསུམ། ཕྱོགས་ཡོངས་ནས་གྲངས་འཛིན་སྲིད་གཞུང་གི་བདེ་འཇགས་འགན་སྲུང་མ་ལག་གཟུག་དགོས།གྲངས་འཛིན་སྲིད་གཞུང་གི་བདེ་འཇགས་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་བཏང་ཐོག བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་ཅིང། གནད་འགག་གི་ལྟེ་བའི་ལག་རྩལ་མགྱོགས་མྱུར་གྱིས་འགག་སྒྲོལ་བྱེད་པ་དང། གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་ལ། བདེ་འཇགས་འགོག་སྲུང་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བདེ་འཇགས་འགོག་སྲུང་འཛིང་རགས་ཏན་ཏིག་ངང་བསྐྲུན་དགོས།
 (གཅིག)བདེ་འཇགས་དོ་དམ་གྱི་འགན་འཁྲི་ཇེ་ཆེར་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བགོས་འགན་འཁྲི་ལྟར་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བདེ་འཇགས་དང་གསང་སྲུང་བྱ་བ་མཉམ་འབྲེལ་དྲ་བ་ཀྱིས་ལེགས་པོར་སྒྲུབ་ཅིང། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་ལ། ཕྱོགས་ཀུན་དང་རིམ་པ་མང་བ། གཞི་གཅིག་ཅན་བཅས་ཀྱི་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས་ས་ཁུལ་དང་སྡེ་ཁག རིམ་པ་བཅས་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་ཆགས་པར་བྱ་དགོས། གྲངས་འཛིན་སྲིད་གཞུང་གི་བདེ་འཇགས་དཔྱད་དཔོག་དང་འགན་འཁྲི་དོན་འཁྱོལ། དོན་རྐྱེན་གལ་ཆེན་ཐག་གཅོད་བཅས་ཀྱི་རྐྱེན་སྲོལ་འཛུགས་ཤིང། སྲིད་གཞུང་ཆ་འཕྲིན་ཅན་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ཞུགས་པའི་ཁེ་ལས་ཀྱི་ཚད་ལྡན་དོ་དམ་བྱ་བར་ཤུགས་བསྣན་ནས་སྲིད་དོན་ཁོངས་གཏོགས་དང་གཞི་གྲངས་བདེ་འཇགས་དོ་དམ་གྱི་མཐའ་མཚམས་ཁ་གསལ་བ་དང་ལས་འགན་ངེས་གསལ་ཡིན་པ། འགན་འཁྲི་དོན་འཁྱོལ་ཡོང་བ་བཅས་ཁག་ཐེག་བྱ་དགོས།
(གཉིས)བདེ་འཇགས་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་བྱ་དགོས། གཞི་གྲངས་རིགས་དབྱེ་རིམ་བཀར་གྱི་སྲུང་སྐྱོང་དང་ཉེན་ཁ་དཔྱད་དཔོག ཞིབ་དཔྱད་བདེན་དཔང་ར་སྤྲོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས་གཞི་གྲངས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་བོའི་བདེ་འཇགས་དོ་དམ་དང་ལག་རྩལ་འགོག་སྲུང་ལ་ཤུགས་བསྣན་དགོས། རྒྱལ་ཁབ་ཀྱི་གསང་བ་དང་བྱ་བའི་གསང་བ། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་སོགས་དང་འབྲེལ་བའི་གཞི་གྲངས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་ཞིང། བབ་མཚུངས་ཀྱི་འགན་འཁྲི་འདྲི་རྩད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་གཞི་གྲངས་གལ་ཆེན་རྒྱལ་མཚམས་ཕྱི་རུ་གྱར་བའི་བདེ་འཇགས་དོ་དམ་ལ་ཁྲིམས་ལྟར་ཤུགས་བསྣན་དགོས། གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་དང་དྲ་རྒྱ་བདེ་འཇགས་རིམ་པ་སྲུང་སྐྱོང་ལ་ཤུགས་སྣོན་ཞིང། དྲ་རྒྱ་བདེ་འཇགས་དང་གསང་སྲུང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། གསང་གྲངས་ཉེར་སྤྱོད་ཀྱི་བདེ་འཇགས་རང་བཞིན་དཔྱད་དཔོག་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་དྲ་རྒྱ་བདེ་འཇགས་དང་གསང་སྲུང། གསང་གྲངས་བཅས་ཉེ་བར་སྤྱོད་པ་དུས་བཀག་ལྟར་ཞིབ་བཤེར་བྱས་ཏེ། གྲངས་འཛིན་སྲིད་གཞུང་ཁྱབ་ཁོངས་སུ་གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།
(གསུམ)བདེ་འཇགས་འགན་སྲུང་ནུས་པ་ཇེ་ཆེར་གཏང་དགོས། འགུལ་རྣམ་ལྟ་སྐུལ་ཚོད་འཛིན་དང་རང་འགུལ་འགོག་སྲུང། མཐུན་སྦྱོར་དང་ལེན་བཅས་ཀྱི་གྲངས་འཛིན་སྲིད་གཞུང་གི་བདེ་འཇགས་ལག་རྩལ་འགན་སྲུང་མ་ལག་འཐུས་ཚང་དུ་གཟུག་དགོས། རང་འགུལ་ངང་ལྟ་ཞིབ་ཚད་ལེན་དང་རིག་ལྡན་ཤེས་ཚོར། འཇིགས་སྐུལ་སྔོན་དཔག་སོགས་ཀྱི་བདེ་འཇགས་ལག་རྩལ་གང་ལེགས་ཀྱིས་སྤྱད་དེ། རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་དང་བརྡ་ཁྱབ་ཉེན་བརྡ་གཏོང་བ། འཚུབ་ཟློག་ཐག་གཅོད་བཅས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང། དྲ་རྒྱ་བདེ་འཇགས་གནས་བབ་ཀྱི་ཤེས་ཚོར་དང་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ནས་གཞི་ཁྱོན་ཆེ་བའི་དྲ་རྒྱ་བདེ་འཇགས་དོན་རྐྱེན་དང་དྲ་རྒྱ་ནས་གསང་བ་ཕྱིར་གྱར་བའི་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡ་དང་ཤེས་རྟོགས་ནུས་པར་ཤུགས་བསྣན་དགོས།
(བཞི)རང་བདག་ཚོད་འཛིན་ཐུབ་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། རང་བདག་གསར་གཏོད་ལ་ཤུགས་བསྣན་ཐོག གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་གནད་འགག་ལྟེ་བའི་ལག་རྩལ་མགྱོགས་མྱུར་གྱིས་འགག་བསྒྲལ་བ་དང། བདེ་འཇགས་ཁུངས་ལྡན་གྱི་ལག་རྩལ་དང་ཐོན་རྫས་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་ནས། རང་བདག་ཚོད་འཛིན་ཐུབ་པའི་ཆུ་ཚད་ངེས་པ་དོན་གྱིས་ཇེ་མཐོར་གཏང་དགོས། གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གཉེར་སྐྱོང་བྱེད་མཁན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས། ལག་རྩལ་གསར་བ་དང་ཉེར་སྤྱོད་གསར་བའི་བདེ་འཇགས་ལ་དཔྱད་དཔོག་སྤེལ་ནས་བརྩི་ཐབས་ལ་ཞིབ་བཤེར་གཏན་འབེབས་དང་བེད་སྤྱོད། ལྟ་སྐུལ་སོགས་བྱེད་པའི་དོ་དམ་ལམ་ལུགས་དང་ལག་རྩལ་བྱེད་ཐབས་འཐུས་ཚང་དུ་གཟུག་དགོས།
བཞི། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པའི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ལམ་ལུགས་དང་སྒྲིག་སྲོལ་མ་ལག་གཟུག་དགོས། གྲངས་འཛིན་ཅན་གྱི་བཅོས་སྒྱུར་གྱིས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། གྲངས་འཛིན་སྲིད་གཞུང་གི་འཛུགས་སྐྱོང་དང་འཁོར་སྐྱོད་དེ་སྤྱི་ཡོངས་མཉམ་ལས་དང་རིག་ལྡན་ནུས་མཐོ། བརྟན་བརླིང་སྒྲིག་ཡོད་བཅས་ཡོང་བར་འགན་སྲུང་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་བྱེད་སྟངས་འཕོ་འགྱུར་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་ཡོང་བར་མངོན་འགྱུར་བྱ་དགོས།
 (གཅིག)གྲངས་འཛིན་ཅན་གྱི་བཅོས་སྒྱུར་གྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་རམ་འདེགས་བྱ་དགོས། སྲིད་གཞུང་གིས་ལས་འགན་སྒྲུབ་པ་སྔར་བས་མཐུན་སྦྱོར་ཡོང་བ་དང་ཕན་འབྲས་མཐོ་བར་སྐུལ་འདེད་གཏང་དགོས། གྲངས་འཛིན་ལག་རྩལ་གསར་གཏོད་དང་འཕོ་འགྱུར་བྱུང་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཐོག ལས་སྒོའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་ཞིང། མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ཏེ་སྲིད་གཞུང་གིས་ལས་འགན་སྒྲུབ་པའི་ཕན་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཡོང་བར་སྐུལ་འདེད་གཏང་དགོས། སྲིད་གཞུང་གི་ལས་འགན་མ་ལག་ལེགས་སྒྱུར་གྱིས་སྲིད་གཞུང་གྲངས་འཛིན་ཅན་དུ་རིགས་བསྒྱུར་བར་ཁྲིད་སྟོན་བྱེད་པར་རྒྱུན་འཁྱོངས་བྱེད་ཅིང། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པར་བརྟེན་ནས་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་གྱིས་བསྒྱུར་བར་འདེགས་སྐྱོར་བྱས་ཏེ། སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་དང་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང། སྲིད་གཞུང་གི་འཁོར་སྐྱོད་སྔར་ལས་མཐུན་སྦྱོར་ཡོང་བ་དང་ཕན་འབྲས་མཐོ་བར་སྐུལ་འདེད་གཏང་དགོས། གྲངས་འཛིན་ཅན་གྱི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་ལས་འགན་མ་ལག་འཐུས་ཚང་དུ་བཙུགས་ནས་གྲངས་འཛིན་དཔལ་འབྱོར་དང་གྲངས་འཛིན་སྤྱི་ཚོགས། གྲངས་འཛིན་དང་དྲ་རྒྱ་བར་སྟོང་སོགས་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏང་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱ་དགོས། རྒྱལ་ཡོངས་སྲིད་འཛིན་ཆོག་འཐུས་དོ་དམ་སོགས་ཀྱི་ཆ་འཕྲིན་མ་ལག་མགྱོགས་མྱུར་གྱིས་བཙུགས་ནས་སྲིད་འཛིན་ཆོག་འཐུས་ཚད་ལྡན་དོ་དམ་དང་ནུས་མཐོ་ལས་སྒྲུབ་མངོན་འགྱུར་བྱུང་སྟེ། སྲིད་འཛིན་དབང་ཆའི་དོན་ཚན་སྣ་ཚོགས་དྲ་ཐོག་ནས་འཁོར་སྐྱོད་དང་འགུལ་རྣམ་དོ་དམ་བྱེད་པར་སྐུལ་འདེད་གཏང་དགོས། ཞིབ་བཤེར་དང་དོ་དམ་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང། ཞིབ་བཤེར་མཆན་འགོད་དང་ལྟ་སྐུལ་དོ་དམ་གྱི་ལས་སྒོའི་ཆ་འཕྲིན་མ་ལག་བཏོད་ནས་བྱ་བ་སྒྲུབ་གོང་དང་སྒྲུབ་རིང་བསྒྲུབས་རྗེས་བཅས་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་ནུས་པ་ཆགས་པར་བྱ་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་དོན་ཞབས་ཕྱི་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བར་སྐུལ་འདེད་གཏང་དགོས།
 (གཉིས)གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་དོ་དམ་རྐྱེན་སྲོལ་གསར་དུ་གཏོད་དགོས། ལག་རྩལ་གསར་བ་སྤྱད་དེ་སྲིད་འཛིན་དོ་དམ་བྱེད་པའི་ལམ་ལུགས་དང་སྒྲིག་སྲོལ་ངེས་གསལ་བཟོས་ནས་སྲིད་གཞུང་སྡེ་ཁག་གིས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལག་རྩལ་གསར་པའི་བྱེད་ཐབས་སྤྱད་དེ་དོ་དམ་དང་ཞབས་ཕྱི་ལ་ནུས་པ་སྤྲོད་པར་སྐུལ་འདེད་གཏང་དགོས། ལག་རྩལ་སྡེ་ཁག་ལས་སྒོ་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཞུགས་པར་སྐུལ་འདེད་བཏང་ནས་སྲིད་འཛིན་དང་ཐོན་སྐྱེད། སློབ་སྦྱོང། ཞིབ་འཇུག བཀོལ་སྤྱོད་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཁྲོད་ཞུགས་པར་ཡར་སྐུལ་དང་ཚད་ལྡན་དུ་གཏང་དགོས། སྲིད་དོན་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་དང་དོ་དམ་བྱེད་པའི་གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་ཤིང། འཛུགས་སྐྲུན་དང་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་པའི་ས་གནས་སུ་ཕྱོགས་བསྡུས་རིགས་པས་ཁུངས་སྐྱེལ་དང་མཉམ་འབྲེལ་གྱིས་ཞིབ་མཆན་འགོད་པ། ལྗང་མདོག་བགྲོད་ལམ་སོགས་ལས་གཞི་འཛུགས་སྐྲུན་དང་དོ་དམ་བྱེད་སྟངས་གསར་བ་འཚོལ་ཞིབ་བྱས་ནས་འཛུགས་པར་ཡར་སྐུལ་བྱ་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་གྲོན་དངུལ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ཅིང། ད་ཡོད་ཀྱི་མ་དངུལ་ཐབས་ལམ་གཅིག་འདོམས་ཀྱིས་བེད་སྤྱད་དེ། ཐབས་ལམ་མང་པོ་ནས་མ་དངུལ་འཇོག་པའི་མ་དངུལ་འགན་སྲུང་རྐྱེན་སྲོལ་གཟུག་དགོས། གྲངས་འཛིན་གྱིས་ཀུན་ལ་ཕན་པར་སྐུལ་འདེད་བཏང་སྟེ། དར་རྒྱས་མ་བྱུང་བའི་ས་ཁུལ་གྱི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ཞིང་སྡེའི་ས་ཁུལ་གྱི་མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་ཁེབས་རྒྱ་བསྐྱེད་ཅིང། གྲངས་འཛིན་གྱི་སྤྱི་པའི་ཐོན་རྫས་མཁོ་སྤྲོད་བྱེད་པའི་བྱ་བ་ཇེ་ལེགས་སུ་གཏོང་བ་དང། ས་ཁོངས་དབར་གྱི“གྲངས་འཛིན་གྱི་ཧེ་བག་ཆེན་པོ”མགྱོགས་མྱུར་གྱིས་བསལ་དགོས། རྩིས་བཤེར་ལྟ་སྐུལ་ལ་ཁྲིམས་ལྟར་ཤུགས་སྣོན་པ་དང། ལས་གཞིའི་བྱས་འབྲས་ལ་དཔྱད་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་ཞིང། ཁ་ཐོར་འཛུགས་སྐྲུན་དང་བསྐྱར་ཟློས་འཛུགས་སྐྲུན་མི་ཡོང་བར་བྱས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཕན་འབྲས་ངེས་པ་དོན་གྱིས་ཇེ་ཆེར་གཏང་དགོས།
(གསུམ)བཅའ་ཁྲིམས་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་གཉིས་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ། གྲངས་འཛིན་ཁྲིམས་སྐྱོང་སྲིད་གཞུང་ཕྱོགས་ཡོངས་ནས་སྐྲུན་པ་དང། ལག་རྩལ་བཀོལ་སྤྱོད་དང་ལས་རིམ་ལེགས་སྒྱུར། ལམ་ལུགས་གསར་གཏོད་བཅས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྐུལ་འདེད་གཏོང་ལ། ལག་རྩལ་གྱི་མཐོང་ཆུང་མེད་པར་བཟོ་ཞིང། མི་སྒེར་གྱི་གསང་བ་འགན་སྲུང་བྱས་ནས་ཁྲོམ་རའི་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་དགོས། ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱེད་ཅིང། ཆ་འགྲིག་བྱེད་ཐབས་ཞིབ་ཕྲ་བཟོ་ཞིང་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་གཏན་འབེབས་དོན་དངོས་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱ་དགོས། ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྲོད་ཀྱི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང་མི་འཚམ་པའི་དོན་ཚན་དུས་ཐོག་ཏུ་བཟོ་བཅོས་དང་གཙང་བཤེར་བྱེད་པར་སྐུལ་འདེད་གཏོང་ཞིང། ལག་ལེན་གྱིས་ཞིབ་བཤེར་བྱས་ནས་སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་བྱེད་སྟངས་དེ་དུས་ཐོག་ཏུ་ལམ་ལུགས་ཀྱི་ཚད་གཞིར་འགྱུར་བར་བྱས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང་འཚམ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏང་དགོས།
 (བཞི)ཚད་གཞི་འཐུས་ཚང་དུ་གཏང་དགོས། གཞི་གྲངས་གསར་སྤེལ་བེད་སྤྱོད་དང་མ་ལག་སྡེབ་སྒྲིག་མཉམ་སྤྱོད། ཐུན་མོང་རང་བཞིན་གྱི་གཞུང་དོན་བཀོལ་སྤྱོད། གནད་འགག་སྲིད་དོན་བཀོལ་སྤྱོད་སོགས་ཀྱི་ཚད་གཞི་གཏན་འབེབས་བྱེད་པར་སྐུལ་འདེད་བཏང་ནས་ཡོད་ཟིན་པའི་གནད་འགག་ཚད་གཞི་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང། རྩ་མང་ཚད་གཞིའི་མ་ལག་འཛུགས་པར་སྐུལ་འདེད་གཏང་དགོས། གྲངས་འཛིན་སྲིད་གཞུང་གི་ཚད་གཞི་ཁྱབ་སྤེལ་དང་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་ཞིང། དཔྱད་དཔོག་དང་ར་སྤྲོད་རྐྱེན་སྲོལ་འཛུགས་ལ། བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ་ཚད་གཞི་ཅན་ལ་བརྟེན་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏང་དགོས། རྒྱལ་ཡོངས་ཀྱི་གྲངས་འཛིན་སྲིད་གཞུང་གི་ཚད་གཞི་ཅན་དུ་བསྒྱུར་བའི་ལག་རྩལ་རྩ་འཛུགས་ཞིབ་འཇུག་བྱས་ཏེ་བཙུགས་ནས་གྲངས་འཛིན་སྲིད་གཞུང་གིས་ཚད་གཞི་ཅན་དུ་བསྒྱུར་བའི་བྱ་བ་སྒྲུབ་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏང་དགོས།
  (ལྔ)ཚོད་ལྟའི་གནས་ཀྱིས་དཔེ་སྟོན་བྱ་དགོས། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་མཐོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ཚོད་ལྟའི་གནས་ཀྱིས་སྐུལ་ཁྲིད་བྱེད་པ་གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་རྐང་ཚུགས་པར་བྱེད་ཅིང། རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པའི་བཅོས་སྒྱུར་བྱེད་ཐབས་ལ་དམ་དུ་དམིགས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྒྱུར་ཚོད་ལྟ་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས། ཐུན་མོང་རང་བཞིན་གྱི་དགོས་མཁོ་སོགས་ལ་དམིགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཚོད་ལྟའི་གནས་ཀྱིས་དཔེ་སྟོན་བྱས་ཐོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཉེར་སྤྱོད་གསར་གཏོད་དང་ཞབས་ཕྱི་གསར་གཏོད། བྱེད་སྟངས་གསར་གཏོད་བཅས་བྱེད་པར་ཡར་སྐུལ་བྱས་ནས“རྒྱལ་ཁབ་ཀྱིས་མཉམ་འབྲེལ་དྲ་བ་དང། གནས་གཅིག་གིས་གསར་གཏོད། ས་གནས་སོ་སོས་བསྐྱར་སྤྱོད”བཅས་བྱེད་པ་མངོན་འགྱུར་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རིམ་དང་འགྲོས་རིམ། གོ་རིམ་བཅས་ཁོང་དུ་ཆུད་པར་བྱས་ཏེ། གསར་གཏོད་དང་ཚོད་ལྟ་བྱ་བ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་དང། གཏིང་ཇེ་ཟབ་དང་དོན་དངོས་ལ་འཁྱོལ་བར་སྐུལ་འདེད་གཏང་དགོས།
 ལྔ། སྒོ་འབྱེད་མཉམ་སྤྱོད་ཀྱི་གཞི་གྲངས་ཐོན་ཁུངས་མ་ལག་གཟུག་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གཞི་གྲངས་ཆེན་མོའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། གཞི་གྲངས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང། གཞི་གྲངས་ཕན་འབྲས་མཐོན་པོས་མཉམ་སྤྱོད་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྐུལ་འདེད་གཏོང་ཞིང། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་འདོན་སྤེལ་གང་ལེགས་བྱས་ནས་གཞི་གྲངས་སྣ་ཚོགས་དང་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཡོང་བར་འགན་སྲུང་བྱ་དགོས།
(གཅིག)གཞི་གྲངས་དོ་དམ་རྐྱེན་སྲོལ་གསར་དུ་གཏོད་དགོས། སྲིད་གཞུང་སྡེ་ཁག་གི་གཞི་གྲངས་དོ་དམ་ལས་འགན་ཤུགས་དྲག་ཏུ་གཏོང་ཞིང། གཞི་གྲངས་གཅིག་བསྡུས་དང་མཉམ་སྤྱོད། སྒོ་འབྱེད། བཀོལ་སྤྱོད། བདེ་འཇགས། གསོག་འཇོག ཚགས་ཁོངས་སུ་འཇུག་པ་སོགས་ཀྱི་འགན་འཁྲི་ངེས་གསལ་བཟོས་ཏེ། གཞི་གྲངས་སྒོ་འབྱེད་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་ནུས་མཐོ་འཁོར་སྐྱོད་རྐྱེན་སྲོལ་ཆགས་པར་བྱ་དགོས། སྣ་ཚོགས་པའི་རྨང་གཞིའི་གཞི་གྲངས་མཛོད་དང་ལས་སྒོའི་ཐོན་ཁུངས་ཀྱི་གཞི་གྲངས་མཛོད། འབྲེལ་ཡོད་ཆེད་དོན་མཛོད་བཅས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས་ཚད་གཞི་གཅིག་གྱུར་དང་བཀོད་པ་ལུགས་མཐུན། དོ་དམ་མཉམ་ལས། བདེ་འཇགས་ཁུངས་ལྡན་བཅས་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གཞི་གྲངས་ཆེན་མོའི་མ་ལག་མགྱོགས་མྱུར་གྱིས་གཟུག་དགོས། སྲིད་དོན་གྱི་གཞི་གྲངས་དང་སྤྱི་པའི་གཞི་གྲངས། སྤྱི་ཚོགས་ཀྱི་གཞི་གྲངས་བཅས་གཅིག་འདོམས་ཀྱིས་དོ་དམ་བྱེད་པར་ཤུགས་བསྣན་ནས་གཞི་གྲངས་མཉམ་སྤྱོད་ཞབས་ཕྱི་དང་ཐོན་ཁུངས་གཅིག་བསྡུས། བདེ་འཇགས་འགན་སྲུང་སོགས་གཞི་གཅིག་ཅན་དུ་སྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས། གཞི་གྲངས་བཅོས་སྐྱོང་དང་ཚེ་སྲོག་དུས་འཁོར་ཧྲིལ་བོའི་སྤུས་ཚད་དོ་དམ་ལ་ཤུགས་བསྣན་ནས་སྲིད་དོན་གྱི་གཞི་གྲངས་བདེན་པ་དང་ཡང་དག་པ། ཆ་ཚང་བ་བཅས་ཡོང་བར་འགན་སྲུང་བྱ་དགོས། གཞི་གྲངས་ཀྱི་སྤུས་ཚད་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་ཤིང། གཞི་གྲངས་བཅོས་སྐྱོང་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་ལ། གཞི་གྲངས་ཀྱི་རིགས་དབྱེ་དང་རིམ་བཀར་ཚད་གཞི་བཟོས་ནས་གཞི་གྲངས་བཅོས་སྐྱོང་ཆུ་ཚད་དང་དོ་དམ་ནུས་པ་ཇེ་ཆེར་གཏང་དགོས།
(གཉིས)གཞི་གྲངས་ཕན་འབྲས་མཐོན་པོས་མཉམ་སྤྱོད་ཟབ་སྤེལ་བྱ་དགོས། སྲིད་དོན་གཞི་གྲངས་མཉམ་སྤྱོད་མཐུན་སྦྱོར་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་གྲངས་མཉམ་སྤྱོད་ཀྱི་གཅིག་འདོམས་མཐུན་སྦྱོར་བྱེད་ཤུགས་དང་ཞབས་ཕྱི་དོ་དམ་ཆུ་ཚད་ཇེ་ཆེར་གཏང་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་གཅིག་གྱུར་དང་འགུལ་རྣམ་དོ་དམ་གྱི་སྲིད་དོན་གཞི་གྲངས་དཀར་ཆག་འཛུགས་ཤིང།“གཞི་གྲངས་གཅིག་དང་ཐོན་ཁུངས་གཅིག་ལ་ཚད་གཞི་གཅིག”ལག་བསྟར་བྱས་ཏེ་གཞི་གྲངས་དང་ཐོན་ཁུངས་གསལ་ཐོ་ཅན་དུ་དོ་དམ་བྱེད་པར་མངོན་འགྱུར་བྱ་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ཀྱི་གཞི་གྲངས་མཉམ་སྤྱོད་བྱེད་པའི་གནད་འགག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག རྒྱལ་ཁབ་ཀྱི་གཞི་གྲངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ཀྱི་འདེགས་སྐྱོར་དང་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ། སྲིད་གཞུང་གི་ཆ་འཕྲིན་མ་ལག་དེ་ཏང་ཨུ་དང་དམངས་ཆེན། སྲིད་གྲོས། ཁྲིམས་ཁང། ཞིབ་དཔྱོད་ཁང་སོགས་ཀྱི་ཆ་འཕྲིན་མ་ལག་དང་ཕན་ཚུན་འབྲེལ་མཐུད་ཡོང་ཞིང་དགོས་མཁོ་ལྟར་གཞི་གྲངས་མཉམ་སྤྱོད་ཐུབ་པར་མངོན་འགྱུར་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གིས་ཐད་ཀར་དོ་དམ་བྱེད་པའི་ལས་སྒོའི་མ་ལག་དང་ས་གནས་ཀྱི་གཞི་གྲངས་ལས་སྟེགས། ལས་སྒོའི་མ་ལག་གི་གཞི་གྲངས་བཅས་ཕན་ཚུན་མཉམ་སྤྱོད་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། བཀོལ་སྤྱོད་བྱེད་པའི་རྣམ་པ་སྣེ་སྟོན་དུ་བྱས་ནས་སྲིད་དོན་གཞི་གྲངས་མཁོ་སྤྲོད་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། གནད་ལ་འཁེལ་ཞིང་ཕན་འབྲས་མཐོན་པོས་གཞི་གྲངས་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་བ་དང། གཞི་གྲངས་མཉམ་སྤྱོད་ཀྱི་དངོས་ཕན་རང་བཞིན་ནུས་ཤུགས་ཡོད་རྒུས་ཇེ་ཆེར་གཏང་དགོས།
 (གསུམ)གཞི་གྲངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། སྤྱི་པའི་གཞི་གྲངས་སྒོ་འབྱེད་དཀར་ཆག་དང་འབྲེལ་ཡོད་འགན་འཁྲིའི་གསལ་ཐོ་བཟོ་ཞིང། གཅིག་གྱུར་ཚད་ལྡན་དང་ཕན་ཚུན་འབྲེལ་མཐུད། བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་སྤྱི་པའི་གཞི་གྲངས་སྒོ་འབྱེད་ལས་སྟེགས་བསྐྲུན་ཐོག རིགས་དབྱེ་ཞིང་རིམ་པ་བཀར་ཏེ་སྤྱི་པའི་གཞི་གྲངས་སྒོ་འབྱེད་པ་དང། སྤྱི་པའི་གཞི་གྲངས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོས་སྤྱི་པའི་གཞི་གྲངས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏང་དགོས། སྤྱི་ཚོགས་ཀྱི་གཞི་གྲངས“གཅིག་གྱུར་གྱིས་བསྡུ་ལེན་དང་མཉམ་སྤྱོད”བྱེད་པར་སྐུལ་འདེད་བཏང་ནས་ ས་ཁུལ་དང་སྡེ་ཁག རིམ་པ་བཅས་ལས་བརྒལ་ཏེ་གཞི་གྲངས་མཉམ་དུ་སྤྱོད་པར་མངོན་འགྱུར་བྱེད་པ་དང། གཞི་གྲངས་ཐོན་ཁུངས་བེད་སྤྱོད་པའི་ཕན་འབྲས་ཇེ་ཆེར་གཏང་དགོས། སྤྱི་པའི་གཞི་གྲངས་དང་སྤྱི་ཚོགས་ཀྱི་གཞི་གྲངས་མཉམ་འདྲེས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་གཞི་གྲངས་འཁོར་རྒྱུག་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས།
དྲུག རིག་ལྡན་ལེགས་བསྡུས་ཞིབ་གཉེར་གྱི་ལས་སྟེགས་འདེགས་སྐྱོར་མ་ལག་གཟུག་དགོས། བདེ་འཇགས་ཁུངས་ལྡན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང། ད་ཡོད་སྲིད་དོན་ཆ་འཕྲིན་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། གྲུབ་ཚུལ་ལུགས་མཐུན་དང་རིག་ལྡན་ལེགས་བསྡུས་ཞིབ་གཉེར་གྱི་ལས་སྟེགས་འདེགས་སྐྱོར་མ་ལག་སྡེབ་སྒྲིག་བྱས་ཏེ་བཙུགས་ཐོག འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་གསར་བ་སྔོན་ལ་བཀོད་སྒྲིག་འོས་འཚམ་བྱས་ཏེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏང་དགོས།
(གཅིག)སྲིད་དོན་སྤྲིན་རྩིས་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་ཇེ་ཆེར་གཏང་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གཞི་གྲངས་ཆེན་མོའི་མ་ལག་ལ་བརྟེན་ནས་ད་ཡོད་སྲིད་དོན་སྤྲིན་རྩིས་ཐོན་ཁུངས་གཅིག་འདོམས་ཀྱིས་སྡེབ་སྒྲིག་བྱེད་ཅིང། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་སྤྲིན་རྩིས་ལས་སྟེགས་མ་ལག་བསྐྲུན་ནས་སྲིད་དོན་སྤྲིན་རྩིས་ཐོན་ཁུངས་གཅིག་འདོམས་ཀྱིས་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་མཐུད། ལེགས་བསྡུས་ཞིབ་གཉེར་གྱིས་མཉམ་སྤྱོད་བཅས་ཐུབ་པར་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་སྲིད་དོན་སྤྲིན་རྩིས་དེ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་སྤྲིན་རྩིས་ལས་སྟེགས་མ་ལག་ནང་བཅུག་ནས་གཅིག་འདོམས་ཀྱིས་དོ་དམ་བྱ་དགོས། ས་ཁུལ་སོ་སོས་ཞིང་ཆེན་རིམ་པའི་མཉམ་འབྲེལ་དྲ་བ་ཀྱི་རྩ་དོན་གཞིར་བཟུང་སྟེ་སྲིད་དོན་སྤྲིན་རྩིས་ལས་སྟེགས་བསྐྲུན་ནས་ལེགས་བསྡུས་ཞིབ་གཉེར་གྱིས་སྲིད་དོན་སྤྲིན་རྩིས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། སྲིད་དོན་སྤྲིན་རྩིས་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་གཏོང་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ་བཙུགས་ནས་གཞི་གཅིག་ཅན་གྱི་སྲིད་དོན་སྤྲིན་རྩིས་ལས་སྟེགས་ཀྱི་ཐོན་ཁུངས་དོ་དམ་དང་བཀོད་གཏོང་བྱེད་པར་ཤུགས་བསྣན་དགོས།
(གཉིས)དྲ་རྒྱ་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་ཇེ་ཆེར་གཏང་དགོས། གློག་རྡུལ་སྲིད་དོན་དྲ་རྒྱ་གཅིག་འདོམས་ཀྱིས་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཕན་འབྲས་མཐོན་པོས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཞིང། འཛུགས་སྐྲུན་དང་འཁོར་རྒྱུག་སྲུང་སྐྱོང་བྱེད་པའི་མ་གནས་ཇེ་དམའ་རུ་གཏང་དགོས། རྐང་འཛིན་དྲ་རྒྱ་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་ཞིང། མཉམ་འབྲེལ་དྲ་བ་ཕྱིར་གཏོང་དང་རྒྱ་སྐྱེད་ཚད་ཇེ་ཆེར་བཏང་ནས་དྲ་རྒྱའི་འདེགས་སྐྱོར་ནུས་པ་ཇེ་ཆེར་གཏང་དགོས། གློག་རྡུལ་སྲིད་དོན་གྱི་ཕྱི་དྲའི་སྤོ་སྒུལ་མཐུད་འཇུག་བྱེད་པའི་ནུས་པ་ཇེ་ཆེར་གཏོང་ཞིང། གློག་རྡུལ་སྲིད་དོན་གྱི་ཕྱི་དྲའི་ཞབས་ཕྱིའི་རྩོལ་ནུས་ཇེ་ཆེར་གཏོང་བར་མ་ཟད། ཤང་དང་གྲོང་རྡལ་གྱི་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཏེ། བདེ་འཇགས་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་དགོས་མཁོ་ལྟར་ཁེ་ལས་དང་ལས་དོན་སྡེ་ཚན་ལ་རྒྱ་བསྐྱེད་དགོས། བདེ་འཇགས་དང་ཕན་འབྲས་མཐོ་བའི་དྲ་རྒྱ་ལས་བརྒལ་བའི་གཞི་གྲངས་བརྒྱུད་གཏོང་རྐྱེན་སྲོལ་གཅིག་འདོམས་ཀྱིས་འཛུགས་པ་དང། གསང་བ་མིན་པའི་ལས་སྒོའི་ཆེད་དམིགས་དྲ་རྒྱ་དེ་གློག་རྡུལ་སྲིད་དོན་ཕྱི་དྲ་དང་སྡེབ་སྒྲིག་གནས་སྒྱུར་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་དོན་སྟེང་ལས་སྒོའི་ཆེད་དམིགས་དྲ་རྒྱ་ཡང་བསྐྱར་གསར་དུ་བསྐྲུན་མི་དགོས།
(གསུམ)ཐུན་མོང་གི་བེད་སྤྱོད་བྱ་གཙོ་བོའི་འདེགས་སྐྱོར་ནུས་པ་ཇེ་ཆེར་གཏང་དགོས། གཞི་གྲངས་ཅན་ཐུན་མོང་གིས་བེད་སྤྱོད་པའི་ཐད་ལེགས་བསྡུས་ཞིབ་གཉེར་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། ཐོབ་ཐང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་རྒྱལ་ཁབ་ཀྱི་མི་འབོར་རྨང་གཞིའི་ཆ་འཕྲིན་མཛོད། རྒྱལ་ཁབ་ཀྱི་ཁྲིམས་མིའི་སྡེ་ཚན་གྱི་ཆ་འཕྲིན་ཐོན་ཁུངས་མཛོད་སོགས་ར་སྤྲོད་ཐོན་ཁུངས་ར་སྤྲོད་བྱས་ནས་དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་གཅིག་གྱུར་ཐོབ་ཐང་ར་སྤྲོད་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏང་དགོས། གློག་རྡུལ་དཔང་ཁྱེར་མཉམ་སྤྱོད་བྱེད་པའི་ཞབས་ཕྱིའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་གློག་རྡུལ་དཔང་ཁྱེར་བེད་སྤྱོད་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རྒྱལ་ཡོངས་སུ་ཕན་ཚུན་འབྲེལ་མཐུད་དང་ཁས་ལེན་བྱེད་པར་སྐུལ་འདེད་གཏང་དགོས། གློག་རྡུལ་ཐམ་ག་བཟོ་བ་དང་དཔྱད་སྤྲོད། དོ་དམ། བེད་སྤྱོད་བཅས་བྱེད་པའི་ཚད་གཞི་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་གཅིག་གྱུར་གྱི་གློག་རྡུལ་ཐམ་ག་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། གློག་རྡུལ་ཡིག་ཆའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཟབ་སྤེལ་གཏོང་ཞིང། གྲངས་འཛིན་ཡིག་ཚགས་ཀྱི་ཐོན་ཁུངས་མ་ལག་བསྐྲུན་ནས་གློག་རྡུལ་ཡིག་ཆ(ཡིག་ཚགས)དོ་དམ་དང་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཡོངས་གཅིག་གྱུར་ཡིན་པའི་ནོར་སྲིད་གློག་རྡུལ་དངུལ་འཛིན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ནོར་སྲིད་ཀྱི་གློག་རྡུལ་དངུལ་འཛིན་གཅིག་འཐུས་ལྟར་དཔྱད་བཤེར་ཡོང་བར་མངོན་འགྱུར་བྱུང་ནས་ནོར་སྲིད་གློག་རྡུལ་དངུལ་འཛིན་ཞིང་ཆེན་ལས་བརྒལ་ནས་འགྲོ་སོང་རྩིས་ཞུ་བྱེད་པར་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་དཔྱ་ཁྲལ་མིན་པའི་ཡོང་འབབ་བསྡུ་ལེན་གྱི་འབྲེལ་ཡོད་ལས་སྟེགས་བསྐྲུན་ནས་དཔྱ་ཁྲལ་མིན་པའི་ཡོང་འབབ་བསྡུ་ལེན་གློག་རྡུལ་ཅན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་དགོས། ཡིད་རྟོན་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་ཀྱི་རྩོལ་ནུས་འཐུས་ཚང་དུ་བཏང་ནས་ཆ་འཕྲིན་འདྲི་རྩད་དང་རིག་ལྡན་དབྱེ་ཞིབ་བྱེད་པའི་ནུས་པ་ཇེ་ཆེར་གཏང་དགོས། ས་ཁམས་ཆ་འཕྲིན་མཉམ་སྡེབ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཞིང། སྤྱི་པའི་ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་སྟེ་ས་ཁམས་ཆ་འཕྲིན་གྱི་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
  བདུན། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་བརྟེན་ནས་གྲངས་འཛིན་ཅན་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་དང་སྐུལ་འདེད་གཏང་དགོས།
གྲངས་འཛིན་ཅན་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བ་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། གྲངས་འཛིན་སྲིད་གཞུང་གི་ཕན་ནུས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང། གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་སྐུལ་སྤེལ་གཏོང་ལ། གྲངས་འཛིན་སྤྱི་ཚོགས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་གྲངས་འཛིན་སྐྱེ་ཁམས་བཟང་པོ་བསྐྲུན་དགོས།
 (གཅིག)གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་གཞོགས་འདེགས་བྱ་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གིས་སྣེ་ཁྲིད་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་སྐྱེད་ཅིང། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་སྐྱེད་སྲིང་བྱས་ཏེ། གྲངས་འཛིན་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། ལས་རིགས་དང་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། རང་འགུལ་གྱི་རྣམ་པ་དང་རིམ་པ་མང་བའི་གསར་གཏོད་ཞབས་ཕྱིའི་རྣམ་པ་གཏོད་ཅིང། སྤྱི་པའི་ཞབས་ཕྱིའི་ཐོན་ཁུངས་གནད་ལ་འཁེལ་པོས་བཀོད་སྒྲིག་བྱེད་པ་དང། སྤྱི་ཚོགས་ཞབས་ཕྱི་གྲངས་འཛིན་ཅན་དུ་སྒྱུར་བའི་ཀུན་ཕན་ཆུ་ཚད་ཇེ་མཐོར་བཏང་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་དགོས་མཁོ་སྔར་བས་ལེགས་པོས་བསྐང་དགོས། གྲངས་འཛིན་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ཐོག གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བར་འཚམ་པའི་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་འཛུགས་པ་དང། ལག་རྩལ་གསར་པའི་བྱེད་ཐབས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ། ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱ་རྒྱུ་དེ་གསར་གཏོད་དང་ཐོན་སྐྱེད། གཉེར་སྐྱོང། མ་དངུལ་འཇོག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱ་དགོས། གཞི་གྲངས་ཞབས་ཕྱིའི་ཐོན་ལས་རྒྱ་སྐྱེད་ཅིང། གཞི་གྲངས་གཅིག་སྡུད་དང་འཁོར་རྒྱུག ཉོ་ཚོང་བཅས་ཁྲོད་ཀྱི་གྲངས་འཛིན་ལག་རྩལ་སྤྱོད་པར་སྐུལ་འདེད་བཏང་ནས་གཞི་གྲངས་ཀྱི་ཁེ་སྤོགས་སྔར་བས་ཕྱིར་འདོན་བྱ་དགོས།
 (གཉིས)གྲངས་འཛིན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་སྣེ་སྟོན་བྱ་དགོས། གྲངས་འཛིན་ལག་རྩལ་དང་སྲོལ་རྒྱུན་གྱི་སྤྱི་པའི་ཞབས་ཕྱི་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཐོག གྲངས་འཛིན་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་དུ་གཏོང་བ་དང། གྲངས་འཛིན་ཐོན་ཁུངས་ཀྱི་མཁོ་སྤྲོད་ལེགས་བསྒྱུར་བྱས་ནས་གྲངས་འཛིན་ཅན་གྱི་ཞབས་ཕྱི་ཀུན་ལ་ཕན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག གྲོང་ཁྱེར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲངས་འཛིན་རིགས་སྒྱུར་དང། རིག་ལྡན་རིམ་སྤོར། མཉམ་འདྲེས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་ཞིང། གྲོང་ཁྱེར་གྱི་གཞི་གྲངས་ཐོན་ཁུངས་མ་ལག་འཛུགས་པ་དང། གྲོང་ཁྱེར་འཁོར་སྐྱོད་ཐད“དྲ་གཅིག་སྤྱི་འདོམས”ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ཆ་འཕྲིན་དཔེ་དབྱིབས་དང་གྲངས་འཛིན་མཚེ་མ་སོགས་ལག་རྩལ་གསར་བ་སྤྱོད་པ་འཚོལ་ཞིབ་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་ཚན་རིག་ཅན་དང་ཞིབ་ཚགས་ཅན། རིག་ལྡན་ཅན་བཅས་སུ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། གྲངས་འཛིན་གྲོང་གསེབ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག གྲངས་འཛིན་ཅན་ལ་བརྟེན་ནས་དེང་རབས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འདེགས་སྐྱོར་བྱེད་པ་དང། གྲོང་གསེབ་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ མགྱོགས་མྱུར་གྱིས་གསབ་ལ། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་མ་ལག་བཙུགས་ནས་ཞིང་ལས་དང་ཞིང་སྡེར་ཁ་ཕྱོགས་པའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཕྱིའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏང་དགོས།
 (གསུམ)གྲངས་འཛིན་གྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་སྒྲིག་སྲོལ་འཐུས་ཚང་དུ་འཛུགས་པ་དང། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། གཞི་གྲངས་ཐོན་ཁུངས་ཀྱི་ཐོན་དབང་སོགས་ཀྱི་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་པ་དང། གཞི་གྲངས་ཐོན་ཁུངས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་བོའི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། གཞི་གྲངས་རྒྱལ་མཚམས་ལས་བརྒལ་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏང་དགོས། གཞི་གྲངས་ཀྱི་ཐོན་དབང་ཉོ་འཚོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་གཞི་གྲངས་ཉོ་འཚོང་བྱེད་པའི་ཁྲོམ་རའི་བྱེད་པོ་ཚད་ལྡན་དུ་སྐྱེད་སྲིང་བྱ་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐབས་ཚད་ལྡན་དུ་གཏོང་ཞིང། ཁྲོམ་རར་ཞུགས་འཐུས་ཀྱི་ལམ་ལུགས་དང་དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཞིབ་བཤེར་ལམ་ལུགས། དྲང་གཞག་ངང་འགྲན་རྩོད་བྱེད་པའི་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་འཐུས་ཚང་དུ་བཏང་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་དགོས། གྲངས་འཛིན་སྲིད་གཞུང་གི་དྲ་རྒྱ་བདེ་འཇགས་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་ཞིང། གནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་གྲངས་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང། སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱ་བདེ་འཇགས་ཆུ་ཚད་ཇེ་མཐོར་བཏང་ནས་གཞི་གྲངས་ཅན་གྱི་འཕེལ་རྒྱས་ལ་བདེ་འཇགས་ཁུངས་ལྡན་གྱི་ཁོར་ཡུག་བསྐྲུན་དགོས། གྲངས་འཛིན་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པར་ཧུར་ཐག་གིས་ཞུགས་ནས་རྒྱལ་མཚམས་ལས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་དང་གྲངས་འཛིན་ལག་རྩལ་མཉམ་ལས་བྱེད་པར་སྐུལ་འདེད་གཏང་དགོས། 

བརྒྱད། ཏང་གིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱ་བར་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་དོན་གལ་ཆེན་གྱིས་སྣེ་ཁྲིད་ཐོག ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་པ་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་སྲིད་གཞུང་གི་དོ་དམ་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་བའི་འགན་སྲུང་དུ་བརྩིས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་འགན་སྲུང་སྟོབས་ལྡན་དུ་བསྒྱུར་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་དགོས།
(གཅིག)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཏང་ཀྲུང་དབྱང་གིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱ་བར་གཅིག་བསྡུས་དང་གཅིག་གྱུར་གྱིས་མགོ་ཁྲིད་པར་ཤུགས་བསྣན་དགོས། རིམ་པ་སོ་སོའི་ཏང་ཨུས་ མགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་ཁུར་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ཆེན་པོ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་འོག་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་སྒྲུབ་པ་དང། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ལས་འགན་སྣ་ཚོགས་འཆར་འགོད་བྱས་ཏེ་དོན་འཁྱོལ་ཡག་པོ་བྱས་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་སྐུལ་སྤེལ་ཁྲོད་ཀྱི་གནད་དོན་ཆེན་པོ་ཏང་ཨུར་རང་འགུལ་གྱིས་སྙན་སེང་ཞུ་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱས་ཏེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་དོན་དངོས་དང་ཟུང་འབྲེལ་གྱིས་རྩ་འཛུགས་དང་ལག་བསྟར་བྱེད་པར་དམ་འཛིན་ཡག་པོ་བྱ་དགོས།
(གཉིས)སྐུལ་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཛུབ་སྟོན་མཐུན་སྦྱོར་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་གྱིས་ཚན་ཆུང་གི་མགོ་འཛིན་བྱེད་ཅིང། གཞུང་ལས་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་དུ་འཛུགས་ལ། རྩ་འཛུགས་དང་སྐུལ་སྤེལ། དོན་འཁྱོལ་བཅས་ཀྱི་བྱེ་བྲག་གི་བྱ་བའི་འགན་འཁུར་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་མགོ་ཁྲིད་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང། གཅིག་འདོམས་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང། ལས་བགོས་འགན་འཁྲི་ངེས་གསལ་བཟོ་ལ། ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏང་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟར་གཅིག་འདོམས་སྐུལ་སྤེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང། ཚད་ཆེས་ཆེ་བའི་སྒོ་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་དགོས།
 (གསུམ)གྲངས་འཛིན་གྱི་བྱང་ཚད་ཇེ་མཐོར་གཏང་དགོས། སློབ་སྦྱོང་རྣམ་པའི་སྲིད་ཏང་དང་སློབ་སྦྱོང་གི་རྒྱལ་ཁབ་ཆེན་མོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་ཏེ། གྲངས་འཛིན་ཅན་གྱི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་སློབ་གསོའི་ལས་སྟེགས་བསྐྲུན་ནས་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་གསོ་སྐྱོང་མ་ལག་གཟུག་དགོས། མགོ་ཁྲིད་ལས་བྱེད་པའི་གྲངས་འཛིན་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་ཁྲིད་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ལས་བྱེད་པའི་དཔུང་སྡེའི་གྲངས་འཛིན་བསམ་གཞིགས་དང་གྲངས་འཛིན་རྩལ་ནུས། གྲངས་འཛིན་བྱང་ཚད་བཅས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་ཞིང། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཤེས་ལྡན་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་བེད་སྤྱོད་རྐྱེན་སྲོལ་གསར་གཏོད་བྱས་ནས། ཆབ་སྲིད་ལ་དང་དོད་ཆེ་ཞིང་ལས་སྒོ་ཁོང་དུ་ཆུད་པ། ལག་རྩལ་བྱང་ཆུབ་པ་བཅས་ཀྱི་མང་འཇོན་ལས་བྱེད་པའི་དཔུང་སྡེ་ཁག་ཅིག་འཛུགས་སྐྱོང་བྱ་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཁྲོད་ཀྱི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ལག་ལེན་རྨང་གཞི་བྱས་པའི་རིག་གཞུང་གསར་གཏོད་བྱེད་པར་སྐུལ་འདེད་གཏང་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་གྲངས་འཛིན་སྲིད་གཞུང་གི་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ཏེ། མ་ལག་ཆ་ཚང་བའི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་རིག་གཞུང་མ་ལག་མགྱོགས་མྱུར་གྱིས་ཆགས་པར་བྱ་དགོས།
 (བཞི)དཔྱད་ཞིབ་དང་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་ཏང་ཨུའི་མགོ་ཁྲིད་འོག་རྒྱུན་རྣམ་ཅན་གྱི་དཔྱད་ཞིབ་རྐྱེན་སྲོལ་བཙུགས་ཏེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བྱ་བ་དེ་སྲིད་གཞུང་གི་བྱས་འབྲས་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་དཔྱད་ཞིབ་བྱས་འབྲས་དེ་མགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་དཔོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་དཔྱད་དཔོག་བྱེད་པའི་དམིགས་ཚད་མ་ལག་འཐུས་ཚང་དུ་འཛུགས་ཤིང། དཔྱད་དཔོག་གི་ཁྲིད་ཕྱོགས་ཡང་དག་པ་འཛུགས་པ་དང། གཅིག་འདོམས་དོ་དམ་དང་ལས་གཞི་འཛུགས་སྐྲུན། གཞི་གྲངས་མཉམ་སྤྱོད་སྒོ་འབྱེད། བདེ་འཇགས་འགན་སྲུང། གྲུབ་འབྲས་ཉེར་སྤྱོད་སོགས་ཐད་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་སྟེ་དབྱེ་ཞིབ་དང་དཔྱད་ཞིབ་བྱས་ནས། གདེང་འཇོག་མཇུག་འབྲས་ཚན་རིག་དང་མཐུན་ཞིང་དྲང་བཞག་ཡིན་པར་ཁག་ཐེག་བྱ་དགོས། རྗེས་འདེད་དབྱེ་ཞིབ་དང་སྐུལ་འདེད་མཛུབ་སྟོན་ལ་ཤུགས་སྣོན་ཞིང། དོན་དག་གལ་ཆེན་རྣམས་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དགོངས་སྐོར་སྙན་སེང་ཞུས་ནས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང།
2022ལོའི་ཟླ6པའི་ཚེས6ཉིན།
◎པདྨ་ཚེ་འཛོམས་དང་འབྲུག་བྱམས་རྒྱལ་གཉིས་ཀྱིས་བསྒྱུར། ཝང་ཧེ་དབྱིན་གྱིས་ཞུ་དག་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ། སུང་ཆི།