ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།མཚོ་སྔོན་སྲིད་དོན།
༄༅། །ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2023-02-01 15:13:00

མཚོ་སྤེལ〔2022〕ཨང19བ།

གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ལ། ད་ལྟ《མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི》ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང།
2022ལོའི་ཟླ7པའི་ཚེས22ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》ལག་བསྟར་དོན་འཁྱོལ་བྱེད་པ་དང། འོས་འཚམ་གྱིས་ཕྲུ་གུ་སྐྱེ་བའི་ཆུ་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། མི་གྲངས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ། མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ད་ལྟ་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གཤམ་གྱི་ལག་བསྟར་འཆར་གཞི་བཟོས་པ་ཡིན།
གཅིག སྤྱིའི་བླང་བྱ།
(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྒྲིག་འཛུགས་བྱེད་པ་དང། མི་གྲངས་རྒན་འགྱུར་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཧུར་ཐག་གིས་ལག་བསྟར་བྱས་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང། “མི་དམངས་ནི་ལྟེ་བ་དང་དོ་མཉམ་ནི་གཙོ་ཐིག བཅོས་སྒྱུར་ནི་སྒུལ་ཤུགས། ཁྲིམས་སྐྱོང་ནི་འགན་སྲུང”ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཞིང་ཆེན་ཏང་ཨུའི་ཡིག་ཆ།མཚོ་སྔོན་སྲིད་དོན་། ༢༠༢༢ . ༡༢-32-པ། ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཞབས་ཕྱིའི་དོ་དམ་ལམ་ལུགས་བཅོས་སྒྱུར་དང། ཁྱིམ་ཚང་འཕེལ་རྒྱས་ཀྱི་ནུས་ཤུགས་མཐོར་འདེགས། མི་གྲངས་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་པར་རྨང་གཞི་བརྟན་པོ་གདིང་དགོས།
(གཉིས)འཕེལ་རྒྱས་དམིགས་འབེན།2025ལོར་སླེབས་དུས། ཕྲུ་གུ་སྐྱེ་བའི་རྒྱབ་སྐྱོར་སྲིད་ཇུས་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་དང། ཞབས་ཕྱིའི་དོ་དམ་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ། ཕྲུ་གུ་སྐྱེ་བའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་མགྱོགས་མྱུར་ངང་ཆགས་པར་བྱ་དགོས། ལེགས་སྐྱེ་ལེགས་གསོར་ཞབས་ཕྱི་ཐུབ་པའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་གཏོང་བ་དང། སྦྲུམ་མ་དང་བང་མའི་ཤི་ཚད་དེ་ཁྲི20/10མན་ཆག་པ། ཕྲུ་གུ་དམར་འབྱར་གྱི་ཤི་ཚད 6.55‰མན་ཆག་ཐུབ་དགོས་ཤིང། ཀུན་ཕན་བཅོལ་གསོའི་ཞབས་ཕྱིི་མ་ལག་གཞི་རྩའི་ཆ་ནས་འཐུས་ཚང་དུ་བསྐྲུན་པ་དང། མི་གྲངས་སྟོང་རེར་ལོ3མན་གྱི་ཕྲུ་གུ་དམར་འབྱར་གྱི་བཅོལ་གསོ་ཁང4.5ཡོད་དགོས། ཕྲུ་གུ་སྐྱེ་བ་དང་གསོ་སྐྱོང། སློབ་གསོ་བཅས་ཀྱི་མ་གནས་མངོན་གསལ་སྒོས་ཇེ་དམའ་རུ་གཏོང་བ་དང། ཕྲུ་གུ་སྐྱེ་ཚད་འོས་འཚམ་གྱིས་མཐོ་རུ་འགྲོ་བ། ཕྲུ་གུ་སྐྱེ་བའི་ཕོ་མོའི་བསྡུར་ཚད་གཞི་རྩའི་ཆ་ནས་རྒྱུན་ལྡན་དུ་འགྱུར་བ། མི་གྲངས་ཀྱི་སྒྲིག་གཞི་རིམ་བཞིན་ཇེ་ལེགས་སུ་འགྲོ་བ། མི་གྲངས་ཀྱི་བྱང་ཚད་སྔར་ལས་མཐོ་རུ་འགྲོ་བ་བཅས་བྱ་དགོས། 2035ལོར་སླེབས་དུས། མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང། ཕྲུ་གུ་སྐྱེ་བའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་གཞི་རྩའི་ཆ་ནས་འཛུགས་པ། ཕྲུ་གུ་སྐྱེ་བའི་སྦས་ཤུགས་སྔར་ལས་འདོན་པ། ཕྲུ་གུ་སྐྱེ་བའི་ཆུ་ཚད་སྔར་ལས་འོས་འཚམ་ཡོང་བ། ཁྱིམ་ཚང་འཕེལ་རྒྱས་ཀྱི་ནུས་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཕྲུ་གུ་སྐྱེ་བ་དང་གསོ་སྐྱོང། སློབ་གསོའི་ཞབས་ཕྱིའི་ཆུ་ཚད་དེ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་སྔར་ལས་ཆ་འགྲིག་ཡོང་ཐུབ་པར་བྱ་དགོས། གཉིས། ལས་འགན་གཙོ་བོ།(གཅིག)ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱ་དགོས།
1. ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ཁྲིམས་ལྟར་ལག་བསྟར་བྱ་དགོས། ཕྲུ་གུ་སྐྱེ་བའི་རྒྱབ་སྐྱོར་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང། རང་ཞིང་གི་མི་གྲངས་འཕེལ་རྒྱས་ཀྱི་གནས་བབ་དང་བྱ་བའི་རྨང་གཞི། སྲིད་ཇུས་ལག་བསྟར་གྱི་ཉེན་ཁ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་པ་དང། 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་གསོ་སྐྱོང་གྲོན་དངུལ་བསྡུ་ལེན་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེའི་ཞབས་ཕྱིའི་དོ་དམ་བྱེད་ཐབས》མེད་པར་བཟོ་དགོས་ཤིང། དེའི་རྨང་གཞི་སྟེང་དུ། འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་དུས་ཐོག་ཏུ་གཙང་བཤེར་བྱེད་པ་དང། སྲིད་ཇུས་ཀྱི་འབྲེལ་མཐུད་བྱ་བ་ལེགས་པོར་སྒྲུབ་པ། ཆ་འགྲིག་ཡིག་ཆ་འཐུས་ཚང་དུ་བཏང་ནས། ཁྲིམས་ལྟར་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཚན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་བྱ་བའི་ཨུ་ལྷན། ཞིང་ཆེན་ཁྲིམས་འཛིན་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
2. ཕྲུ་གུ་སྐྱེ་བར་ཚོད་འཛིན་བྱེད་ཐབས་མེད་པར་བཟོ་དགོས། སྤྱི་ཚོགས་ཀྱི་གསོ་སྐྱོང་གྲོན་དངུལ་མེད་པར་བཟོ་དགོས། མི་སྒེར་ཕྲུ་གུ་སྐྱེས་པའི་གནས་ཚུལ་དེ་ཁྱིམ་ཐོར་འཇུག་པ་དང་སློབ་ཞུགས། ལས་ཞུགས་སོགས་དང་ཕྱོགས་ཡོངས་ནས་འབྲེལ་ཐག་གཅོད་པ་དང། ཕུལ་བྱུང་འདེམས་པ་དང་སྔོན་ཐོན་འདེམས་པ། ལས་བྱེད་པའི་གོ་གནས་སྤར་བ། རིམ་པ་སོ་སོ་དང་རིགས་སོ་སོའི་འཐུས་མི་དང་ཨུ་ཡོན་འདེམས་བསྐོ་སོགས་ལ་འཆར་ལྡན་བུ་སྐྱེའི་གསལ་འབྱེད་མི་བྱེད།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་བྱ་བའི་ཨུ་ལྷན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་འོས་འཚམ་ངང་ཐག་གཅོད་བཟང་པོ་བྱ་དགོས། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་ཀྱི་སྔ་རྗེས་སུ་བྱ་དགའ་རོགས་སྐྱོར་དང་ཚོད་འཛིན་བྱེད་ཐབས་ཀྱི་ཆད་གཅོད་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་དགོས། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་སེལ་གྱི་རྐྱེན་སྲོལ་རྒྱུན་རྣམ་ཅན་འཐུས་ཚང་དུ་བཙུགས་ནས། ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་བྱུང་བའི་འགལ་བ་ཐོག་མ་ཉིད་ནས་མེད་པར་བཟོ་དགོས།(ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྤྱི་བདེ་ཐིན་དང། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཡིག་བསྐུར་ངོ་བཅར་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
3. མི་གྲངས་ལ་ཞབས་ཕྱིི་སྒྲུབ་པའི་མ་ལག་འཐུས་ཚང་དུ་གཏང་དགོས། “རྒན་གཅིག་ཆུང་གཅིག”གཙོ་གནད་དུ་བཟུང་ནས། “ལྔ་ཚན་བཅུ་བཞི་བའི”དུས་སྐབས་ཀྱི་རྒན་གསོ་བཅོལ་གསོའི་ཞབས་ཕྱིའི་འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། གྲོང་ཁྱེར(ཁུལ)སོ་སོའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་པ་དང། བྱ་བའི་རྐྱེན་སྲོལ་བཙུགས་ཐོག གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བ། གསོ་སྐྱོང། སློབ་གསོ་བཅས་གཞི་གཅིག་ཏུ་བསམ་གཞིགས་བཏང་ནས། ཕྲུ་གུ་སྐྱེ་བའི་སྦས་ཤུགས་གློད་གྲོལ་གཏང་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཕྲུ་གུ་སྐྱེ་བའི་ཐོ་འགོད་ལམ་ལུགས་དོན་འཁྱོལ་བྱས་ནས། ཕྲུ་གུ་སྐྱེ་བའི་ཞབས་ཕྱིའི་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང། ཕྲུ་གུ་སྐྱེ་བའི་ཐོ་འགོད་ཞིང་ཆེན་ལས་བརྒལ་ནས་མཉམ་སྒྲུབ་ཐུབ་པ་མངོན་འགྱུར་བྱ་དགོས། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་དང་བྱིས་པར་འགོག་ཁབ་རྒྱག་པ། ཁྱིམ་ཐོ་ཐོ་འགོད། སྨན་བཅོས་འགན་བཅོལ་ནང་ཞུགས་པ། སྤྱི་ཚོགས་འགན་བཅོལ་ཁཱ་རེ་ཞུ་སོགས“སྐྱེས་རྗེས་དོན་དག་གཅིག”མཉམ་སྒྲུབ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྤྱི་བདེ་ཐིན་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)གཞི་རིམ་ཞབས་ཕྱིའི་དོ་དམ་མ་ལག་དང་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་མི་གྲངས་ལ་ཕྱོགས་བསྡུས་ཞབས་ཕྱི་སྒྲུབ་པའི་དོ་དམ་འགན་ནུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང། མི་གྲངས་ཞབས་ཕྱིི་གཉེར་བའི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས། བྱིས་སྐྱོང་རྒན་གསོའི་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས་ཤིང། བྱ་བ་སྒྲུབ་མཁན་ཡོད་པ་དང་འགན་འཁུར་མཁན་ཡོད་པར་བྱ་དགོས། གཞི་རིམ་དཔུང་ཁག་འཛུགས་སྐྱོང་དང་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་མི་གྲངས་ལ་ཞབས་ཕྱི་སྒྲུབ་པའི་ནུས་ཤུགས་མཐོར་འདེགས་གཏང་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
4. མི་གྲངས་ལྟ་བཤེར་ལ་ཤུགས་བསྣན་དགོས། ཚེ་སྲོག་ཐོ་འགོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། མི་ཚོགས་ཡོངས་ལ་ཁྱབ་པ་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་གྲངས་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་འཛུགས་དགོས་ཤིང། གཞི་གྲངས་ཆེན་མོའི་ལས་སྟེགས་ལ་བརྟེན་ནས་སློབ་གསོ་དང་སྤྱི་བདེ། དམངས་སྲིད། འཕྲོད་བསྟེན་བདེ་ཐང། སྨན་བཅོས་འགན་སྲུང། སྤྱི་ཚོགས་འགན་སྲུང་སོགས་མི་གྲངས་ཞབས་ཕྱིའི་རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཕྲུ་གུ་སྐྱེ་བའི་ཐོ་འགོད་དང་མངལ་སྦྲུམ་དུས་རིམ་གྱི་ཁམས་སྲུང། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བ། ཕྲུ་གུ་སྐྱེ་བའི་གསོ་རིག་བདེན་དཔང། བྱིས་པར་འགོག་ཁབ་རྒྱག་པ། སྡོད་དམངས་བདེ་ཐང་ཡིག་ཚགས་སོགས་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྡེ་ཁག་མང་པོའི་མི་གྲངས་ཞབས་ཕྱིའི་རྨང་གཞིའི་ཆ་འཕྲིན་མཉམ་འདྲེས་མཉམ་སྤྱོད་དང་འགུལ་རྣམ་གསར་སྒྱུར་མངོན་འགྱུར་བྱ་དགོས། མི་གྲངས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་མི་འབོར་སྔོན་དཔག་སྔོན་བརྡ་དུས་ཐོག་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཕྲུ་གུ་སྐྱེ་བའི་གནས་བབ་དང་མི་གྲངས་འགྱུར་ལྡོག་བྱུང་ཚུལ་ལ་ལྟ་བཤེར་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སློབ་གསོ་ཐིན་དང། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་བསྡོམས་རྩིས་ཅུས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(གཉིས)ལེགས་སྐྱེ་ལེགས་གསོར་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།
 5. མ་བུའི་བདེ་འཇགས་ལ་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། སྐྱེ་རོགས་མགོ་འཛུགས་སར་བརྩིས་ཏེ། མངལ་ཆགས་པའི་ཉེན་ཁ་ཚགས་བཤེར་དང་དཔྱད་དཔོག ཉེན་ཁ་ཆེ་བའི་སྦྲུམ་མ་དང་བང་མའི་ཆེད་དོན་དོ་དམ། ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས། སྦྲུམ་མ་དང་བང་མ་ཤི་བའི་གནས་ཚུལ་སྙན་ཞུ། སྐོང་འདྲི་བརྡ་ཁྱབ་བཅས་ལམ་ལུགས་ལྔ་དོན་འཁྱོལ་ནུས་ལྡན་བྱ་དགོས། བུ་སྐྱེ་ཚན་ཁག་དང་གསར་སྐྱེས་བྱིས་པའི་ཚན་ཁག་གི་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སྦྲུམ་མ་བང་མ་དང་གསར་སྐྱེས་བྱིས་པ་སྐྱོབ་བཅོས་ཆུ་ཚད་ཇེ་མཐོར་གཏོང་བ་དང། མངལ་ཆགས་པའི་ཉེན་ཚབས་ཆེ་བའི་ཉེན་ཁ་ཆུང་དུ་གཏོང་བ། བདེ་འཇགས་བག་ཕེབས་ཀྱིས་ཕྲུ་གུ་སྐྱེ་བར་སྐུལ་སྤེལ་བཏང་ནས། མ་བུའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱ་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
6. མ་བུའི་བདེ་ཐང་ལ་ཞབས་ཕྱི་སྒྲུབ་པའི་ནུས་ཤུགས་མཐོར་འདེགས་གཏང་དགོས། མ་བུའི་བདེ་ཐང་ལ་ཞབས་ཕྱི་སྒྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང། རིམ་པ་སོ་སོའི་ཕྱོགས་བསྡུས་སྨན་ཁང་གིས་བུད་མེད་དང་བུ་སྐྱེ་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་པ་སོ་སོའི་མ་བུ་བདེ་སྲུང་ལས་ཁུངས་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས། མྱུར་མཁོ་སྐྱོབ་བཅོས་སྒྲིག་ཆས་བཀོད་སྒྲིག་བྱ་དགོས། ཉེན་ཁ་ཆེ་བའི་སྦྲུམ་མ་བང་མ་དང་ཕྲུ་གུ་དམར་འབྱར། བྱིས་པ་བཅས་ཀྱི་སྐྱོབ་བཅོས་ནུས་ཤུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། གྲོང་ཁྱེར(ཁུལ)རིམ་པའི་སྲིད་གཞུང་གིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་སྨན་ཁང་དུ་བསྡད་པའི་ཕྲུ་གུ་སྐྱེ་ཚད་དང་ཕྲུ་གུ་དམར་འབྱར་གྱི་རིམས་འགོག་སྨན་ཁབ་རྒྱག་ཚད་དངོས་གནས་ཇེ་མཐོར་གཏང་དགོས་པ་དང། ལམ་ཐག་ཅུང་རིང་བའི་རོང་འབྲོག་ཁུལ་གྱི་སྦྲུམ་མ་བང་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པར་འགྲིམ་འགྲུལ་གྱི་ཁ་གསབ་སྤྲད་དགོས། རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)ཡོངས་ཀྱིས་གྲོང་ཁུལ་གནས་ཡུལ་དུ་ཉུང་མཐར་ཡང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས1ཡིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ལས་སྒོ་གཉེར་བར་འགན་ལེན་བྱ་དགོས། ཆ་རྐྱེན་འཛོམས་པའི་ཤང་གྲོང་འཕྲོད་བསྟེན་ཁང་གིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ལས་སྒོ་གཉེར་བར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། བུད་མེད་དང་བྱིས་པའི་ལུས་ཁམས་བདེ་སྲུང་གི་ཁྱད་ལྡན་ཆེད་སྤྱོད་ཚན་ཁག་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་གཞི་ཅན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་སྒོ་བསྟེན་སྨན་བཅོས་ཁང་འཛུགས་སྐྲུན་བྱ་དགོས། 2025ལོར་སླེབས་སྐབས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་རྩ་དོན་ཐོག་སྲིད་གཞུང་གིས་གཉེར་བ་དང་ཚད་གཞི་ཅན་གྱི་མ་བུ་བདེ་སྲུང་ལས་ཁུངས1གཟུག་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
7. བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་བྱ་དགོས། བྱིས་པའི་ཁམས་གསོ་སྒོ་བསྟེན་སྨན་བཅོས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། ལོ0ནས6བར་གྱི་བྱིས་པའི་བདེ་ཐང་དོ་དམ་བྱ་བ་དོན་འཁྱོལ་ལེགས་པོ་བྱེད་པ་དང། བྱིས་པའི་བདེ་ཐང་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། ལོ3མན་གྱི་བྱིས་པའི་མ་ལག་དོ་དམ་བྱེད་ཚད་དང་ལོ7མན་གྱི་བྱིས་པའི་བདེ་ཐང་དོ་དམ་བྱེད་ཚད་ཡོངས་སུ90%ཡན་རྒྱུན་འཁྱོངས་ཐུབ་དགོས། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་བདེ་སྲུང་དང་མིག་ཤེད་ལ་ཞིབ་བཤེར། འཚོ་བཅུད་མི་སྙོམས་པ་དང་སོ་སྲིན་སོགས་ཉེན་ཁའི་རྒྱུ་རྐྱེན་དང་ནད་གཞི་ཚགས་བཤེར། བརྟག་དཔྱད། ཐེ་ཇུས། རྗེས་འདེད་དང་དོ་དམ་བཅས་ལ་ཤུགས་བསྣན་དགོས། མ་བུ་གཉིས་ལ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཕྱི་སྤེལ་ནས། ལེགས་སྐྱེ་ལེགས་གསོའི་ཁྲོད་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱ་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
8. བྱིས་པ་སྐྱོན་ཅན་སྐྱེ་བར་ཕྱོགས་བསྡུས་འགོག་བཅོས་བྱ་དགོས། བྱིས་པ་སྐྱོན་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་བྱ་བར་ཤུགས་སྣོན་རྒྱག་པ་དང། སྡེ་ཁག་མང་པོས་བྱིས་པ་སྐྱོན་ཅན་སྐྱེ་བར་མཉམ་འགུལ་འགོག་བཅོས་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ནས། བྱིས་པ་སྐྱོན་ཅན་རིམ་པ་གསུམ་པའི་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཐོག རིམ་པ་དང་པོའི་སྔོན་འགོག་རྒྱ་ཁྱབ་ཏུ་སྤེལ་ནས། བྱིས་པ་སྐྱོན་ཅན་སྐྱེས་གྲངས་ཇེ་ཉུང་དུ་གཏང་དགོས་ཤིང། རིམ་པ་གཉིས་པའི་སྔོན་འགོག་ཚད་ལྡན་དུ་སྤེལ་ནས། ལྷན་སྐྱེས་དབང་སྐྱོན་ཅན་ཚབས་ཆེན་སྐྱེས་གྲངས་ཇེ་ཉུང་དུ་གཏང་དགོས་པ་དང། རིམ་པ་གསུམ་པའི་སྔོན་འགོག་ཧུར་ཐག་གིས་སྤེལ་ནས། ལྷན་སྐྱེས་ཀྱི་དབང་སྐྱོན་ཅན་འབྱུང་བ་ཇེ་ཉུང་དུ་གཏང་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)བྱིས་པ་དབང་སྐྱོན་ཅན་སྐྱེ་བའི་ཤེས་བྱ་ཁྱབ་བརྡལ་དང་འགོག་སྡོམ་འདྲི་རྟོག་ལ་ཤུགས་བསྣན་ནས། མངལ་མ་ཆགས་པའི་སྔོན་གྱི་ལེགས་སྐྱེ་བདེ་ཐང་བརྟག་བཤེར་ལ་སྐུལ་འདེད་གཏོང་བ་དང། གཉེན་སྒྲིག་ཐོ་འགོད་སྒྲུབ་སྐབས་གཉེན་སྒྲིག་སྔོན་གྱི་གསོ་རིག་བརྟག་བཤེར་བྱེད་པར་ཁྲིད་སྟོན་དང་སྐུལ་མ་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ལོ0ནས6བར་གྱི་བྱིས་པའི་ཉན་ཤུགས་དང་མིག་ཤེད་སོགས་དབང་པོ་སྐྱོན་ཅན་ཚགས་བཤེར་བྱེད་པའི་ས་ཁུལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས། ཚགས་བཤེར་དང་བརྟག་དཔྱད། བདེ་སོས། རོགས་སྐྱོབ་བཅས་ཕན་ཚུན་འབྲེལ་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཕྲུ་གུ་དམར་འབྱར་གྱི་ནད་ཡམས་ཚགས་བཤེར་གྱི་ནད་རིགས་ཁྱབ་རྒྱ་རིམ་བཞིན་ཇེ་ཆེར་བཏང་ནས། སྔ་བཤེར་སྔ་བརྟག་སྔ་བཅོས་ལ་སྐུལ་འདེད་གཏོང་བ་དང། དབང་སྐྱོན་ཅན་གྱི་ཉེན་ཁ་ཇེ་ཆུང་དུ་གཏང་དགོས། ཕྲུ་གུ་དམར་འབྱར་གྱི་རྒྱུད་འདེད་ཚབ་བརྗེའི་ནད་ཡམས་ཚགས་བཤེར་རྣམ་གྲངས་ལག་བསྟར་བྱས་ནས། བྱིས་པ་དབང་སྐྱོན་ཅན་གྱི་གཞི་རྩའི་སྨན་བཅོས་དང་བདེ་སོས་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 9. མིའི་རིགས་ཀྱི་རམ་འདེགས་སྐྱེ་འཕེལ་ལག་རྩལ་བཀོལ་སྤྱོད་ཚད་ལྡན་དུ་གཏང་དགོས། མིའི་རིགས་ཀྱི་རམ་འདེགས་སྐྱེ་འཕེལ་ལག་རྩལ་བཀོལ་སྤྱོད་ལ་འཆར་འགོད་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང། མིའི་རིགས་ཀྱི་རམ་འདེགས་སྐྱེ་འཕེལ་ལག་རྩལ་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་ཞིབ་བཤེར་དོ་དམ་ལག་བསྟར་ནན་མོ་བྱས་ཏེ། མཁོ་སྤྲོད་དོ་མཉམ་དང་བཀོད་སྒྲིག་ལུགས་མཐུན། ཚད་ལྡན་འཕེལ་རྒྱས་བཅས་ཀྱི་མིའི་རིགས་ཀྱི་རམ་འདེགས་སྐྱེ་འཕེལ་ལག་རྩལ་ཞབས་ཕྱིའི་མ་ལག་རིམ་བཞིན་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་སྐྱེ་འཕེལ་བདེ་ཐང་གི་དགོས་མཁོ་གང་ཐུབ་བསྐང་དགོས། སྡེ་ཁག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས། མིའི་རིགས་ཀྱིས་སྐྱེ་འཕེལ་ལག་རྩལ་ཞབས་ཕྱིའི་བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས། ཞབས་ཕྱིའི་སྤུས་ཚད་དཔྱད་ཞིབ་དཔྱད་དཔོག་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་རམ་འདེགས་སྐྱེ་འཕེལ་ལག་རྩལ་ཞབས་ཕྱིའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པ་དང། མངལ་མི་འཁོར་བའི་ནད་བརྟག་སྨན་བཅོས་ཞབས་ཕྱི་ཚད་ལྡན་དུ་གཏང་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྤྱི་བདེ་ཐིན་དང། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་ཆེན་ཏང་ཨུའི་ཡིག་ཆ།མཚོ་སྔོན་སྲིད་དོན་། ༢༠༢༢ . ༡༢-39-སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)(གསུམ)ཀུན་ཕན་བཅོལ་གསོའི་ཞབས་ཕྱི་མ་ལག་འཕེལ་རྒྱས་སུ་གཏང་དགོས།
 10.ཀུན་ཕན་བཅོལ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁྱིམ་ཚང་རྨང་གཞི་ཡིན་པ། སྡེ་ཁུལ་རྒྱབ་རྟེན་དུ་བྱེད་པ་བཅས་ཀྱི་བྱེད་པོ་མང་བོ་དང་རིགས་རྣམ་མང་བོ། རིམ་པ་མང་བ་བཅས་ཀྱི་ལོ0ནས3བར་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་བཅོལ་གསོའི་ཞབས་ཕྱི་མ་ལག་ཧུར་ཐག་གིས་བཙུགས་ནས། ཞབས་ཕྱིའི་འདོན་སྤྲོད་ལ་འགན་ལེན་བྱ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས)གཞུང་གཉེར་བཅོལ་གསོའི་ཞབས་ཕྱིའི་ནུས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར(ཁུལ)རིམ་པའི་སྲིད་གཞུང་གིས་དཔེ་སྟོན་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅོལ་གསོའི་ཞབས་ཕྱི་མཛུབ་ཁྲིད་ལྟེ་གནས་བསྐྲུན་པའི་ལས་གཞིར་རྒྱབ་སྐྱོར་བྱེད་པ་དང། བཅོལ་གསོའི་ལས་གཉེར་མི་སྣ་གསོ་སྦྱོང་དང་བཅོལ་གསོའི་ལས་ཁུངས་དོ་དམ་འདྲི་རྟོག བཅོལ་གསོའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་གསར་སྐྲུན་ཇུས་འགོད། ཁྱིམ་ཚང་གི་བཅོལ་གསོར་མཛུབ་སྟོན་དང་ཕྲུ་གུ་དམར་འབྱར་དང་བྱིས་པ་སྔ་དུས་ཀྱི་འཚར་ལོངས་སོགས་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ཀུན་ཕན་བཅོལ་གསོའི་ཞབས་ཕྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ཏེ། གཞུང་གཉེར་ལས་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཀུན་ཕན་བཅོལ་གསོའི་ཞབས་ཕྱི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཚན། སྡེ་ཁུལ་བཅས་ཀྱིས་ད་ཡོད་ཐོན་ཁུངས་སྔོག་འདོན་བྱས་ནས་ཀུན་ཕན་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྐུལ་མ་གཏང་དགོས། (ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)སྤྱི་ཚོགས་སྟོབས་ཤུགས་ཀྱིས་རང་སྐྲུན་རང་གཉེར་དང་མཉམ་ལས་གཉེར་སྐྱོང། མངགས་བཅོལ་གཉེར་སྐྱོང། དམངས་གཉེར་གཞུང་རོགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཅོལ་གསོའི་ལས་ཁུངས་གཉེར་བར་སྐུལ་མ་དང་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་ལ་ཅི་ཐུབ་གང་ཐུབ་ཀྱིས་སྟབས་བདེ་བཟོ་བ་དང་རིན་གོང་དང་ལེན་ཐུབ་པ། སྤུས་ཚད་འགན་སྲུང་ཡོད་པའི་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
11.སྣ་མང་འཕེལ་རྒྱས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། ཆ་རྐྱེན་འཛོམས་པའི་བྱིས་སྐྱོང་གླིང་གིས་ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་བཅོལ་གསོའི་འཛིན་གྲྭ་འཕར་སྣོན་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། བྱིས་སྐྱོང་གླིང་དང་བཅོལ་གསོའི་ལས་ཁུངས་ཀྱིས་བཅོལ་གསོའི་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་སྐུལ་མ་གཏང་དགོས།(ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཁྱིམ་ཚང་གི་བཅོལ་གསོ་གནས་ཀྱི་དོ་དམ་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། རབས་བརྒལ་ལྟ་སྐྱོང་དང་ཁྱིམ་ཚང་གིས་རོགས་རེས་བྱེད་པ་སོགས་ལྟ་སྐྱོང་ཞབས་ཕྱིར་རྒྱབ་སྐྱོར་བྱ་དགོས། དྲ་ཐོག་དང་དྲ་ཕྱིར་ཚན་རིག་དང་མཐུན་པའི་བྱིས་སྐྱོང་མཛུབ་ཁྲིད་དང་ཕ་མའི་སློབ་ཐུན། ཕ་བུའི་སློབ་ཐུན་སོགས་ཀྱི་ཞབས་ཕྱི་སྤེལ་ནས། ཕྲུ་གུ་དམར་འབྱར་དང་བྱིས་པའི་ཁྱིམ་ཚང་གིས་ལྟ་སྐྱོང་བྱེད་ནུས་མཐོ་རུ་གཏོང་བར་རོགས་རམ་བྱ་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)སྡེ་ཁུལ་གྱི་བཅོལ་གསོའི་ཞབས་ཕྱི་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། 2025ལོར་སླེབས་དུས། མི་གྲངས་ཁྲི0.5ནས་ཁྲི1.2བར་གྱི་གཞི་ཁྱོན་ལྡན་པའི་སྡོད་གནས་སྡེ་ཁུལ་ཧྲིལ་བོར་བཅོལ་གསོའི་ཞབས་ཕྱི་ཁེབས་ཚད50%ཡན་ལ་བསླེབ་དགོས།
“ལྔ་ཚན་བཅུ་བཞི་བའི”དུས་སྐབས་སུ། གྲོང་ཁྱེར(ཁུལ)སོ་སོས་ཞིང་ཆེན་ཡོངས་ཀྱི་མི་གྲངས་སྟོང་རེ་ཡོད་པའི་ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་བཅོལ་གསོའི་གྲངས་གནས་དབྱེ་ཕྲལ་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་ནས་ལོ་རེ་བཞིན་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་དགོས།(ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་དམངས་སྲིད་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
12.རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཟུག་དགོས། བཅོལ་གསོའི་ཞབས་ཕྱི་སྒྲིག་བཀོད་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་ས་གནས་དེ་གའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ནང་འཇུག་དགོས། ས་ཞིང་དང་སྡོད་ཁང། ནོར་སྲིད། དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)བཅོལ་གསོའི་ལས་ཁུངས་ཀྱི་ཁྲལ་གྲོན་ཆག་ཡང་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བཅོལ་གསོའི་ཞབས་ཕྱི་ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང། ཆ་རྐྱེན་དང་འཚམ་པའི་བཅོལ་གསོའི་ཞབས་ཕྱི་ལས་ཁུངས་དང་ལས་གཞི་ལ། རིན་འཕར་ཁྲལ་དང་ཁང་ཐོན་ཁྲལ། གྲོང་རྡལ་ས་ཞིང་བཀོལ་སྤྱོད་ཁྲལ། གཏགས་འཇགས་རྒྱུ་ནོར་ཐོ་འགོད་རིན། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ཆ་འགྲིག་རིན་བཅས་གཏན་འཁེལ་ལྟར་མི་བསྡུ། བཅོལ་གསོའི་ཞབས་ཕྱི་སྤྲད་པ་ལས་ཐོབ་པའི་ཡོང་སྒོ་དེ། འཇལ་འོས་ཁྲལ་རིན་རྩིས་རྒྱག་སྐབས་སུ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས།(རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ས་གནས་སོ་སོས་གཉེར་སྐྱོང་ཁ་གསབ་སྤྲོད་པར་སྐུལ་མ་བཏང་ནས། བཅོལ་གསོའི་ལས་ཁུངས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་འགན་འཁུར་དགོས)འགན་བཅོལ་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་འཁྲིའི་འགན་བཅོལ་དང་བཅོལ་གསོའི་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་བཅོལ་ཐོན་རྫས་གཉེར་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས།(མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 13.ཆེད་ལས་ཤེས་ལྡན་མི་སྣ་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། མཐོ་སློབ་དང་ལས་རིགས་སློབ་གླིང་གིས་བཅོལ་གསོ་ཞབས་ཕྱིའི་འབྲེལ་ཡོད་ཆེད་ལས་འཛུགས་པར་མ་ཟད་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ཆེད་ལས་ཤེས་བྱ་དང་རྩལ་ནུས་ལྡན་པའི་བཅོལ་གསོ་ཞབས་ཕྱིའི་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་དགོས། བྱིས་གསོ་དགེ་རྒན་གྱི་ལས་རིགས་རྩལ་ནུས་རིམ་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། བཅོལ་གསོའི་ལས་ཁུངས་ཀྱི་ལས་གཉེར་མི་སྣའི་ལས་རིགས་ཀུན་སྤྱོད་དང་བདེ་འཇགས་སློབ་གསོ། ཐོལ་བྱུང་དོན་རྐྱེན་འཚུབ་ཟློག་ཐག་གཅོད་བྱེད་ནུས་བཅས་ཀྱི་གསོ་སྦྱོང་དུས་བཀག་ལྟར་སྒྲིག་འཛུགས་བྱ་དགོས། སྤྱི་ཚོགས་རྩ་འཛུགས་ལ་བརྟེན་ནས་བཅོལ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་གྲབས་ཉར་གྱི་འཆར་གཞི་ལག་བསྟར་བྱ་དགོས། ལོ5ནི་དུས་འཁོར་གཅིག་ཡིན་པའི་ཆ་ནས་ཐོ་འགོད་བྱས་པའི་བཅོལ་གསོའི་ལས་ཁུངས་ཀྱི་འགན་འཁུར་བར་སློབ་སྐར60ལས་མི་ཉུང་བ་དང་བྱིས་གསོ་མི་སྣར་སློབ་སྐར120ལས་མི་ཉུང་བའི་ཁོངས་མི་ཡོངས་ཀྱི་གསོ་སྦྱོང་སྤེལ་དགོས།(ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 14.ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། བཅོལ་གསོའི་ལས་ཁུངས་སོ་སོས་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་ཞབས་ཕྱི་སྒྲུབ་སྐབས་རྒྱལ་ཁབ་དང་ས་གནས་ཀྱི་འབྲེལ་ཡོད་ཚད་གཞི་དང་ཚད་ལྡན་ལ་མཐུན་དགོས་པར་མ་ཟད། ཕྲུ་གུ་དམར་འབྱར་དང་བྱིས་པའི་བདེ་འཇགས་དང་བདེ་ཐང་ལ་བྱེད་པོའི་འགན་འཁྲི་འཁུར་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྤྱི་བདེ་ཐིན་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)འབྲེལ་ཡོད་འགན་ནུས་སྡེ་ཁག་སོ་སོས་དོན་གཅོད་དབང་ཆ་ལྟར་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཕྱིའི་ལས་ཁུངས་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་དང་ཁྲིམས་སྲོལ་ལྟར་ཁྲིམས་འགལ་སྲོལ་འགལ་གྱི་བྱ་སྤྱོད་ཐག་གཅོད་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཐོ་འགོད་དང་ཞུ་ཐེབས། ཆ་འཕྲིན་ཡོངས་བསྒྲགས། དཔྱད་དཔོག་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང། ལས་ཁུངས་སྒོ་རྒྱག་པ་སོགས་དམིགས་བསལ་གནས་ཚུལ་གྱི་འཚུབ་ཟློག་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་སྤྱི་བདེ་ཐིན་དང། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཁྲིམས་ལྟར་ལས་གཉེར་མི་སྣའི་ལས་རིགས་ཐོབ་ཐང་ཆོག་འཐུས་ལམ་ལུགས་རིམ་བཞིན་ལག་བསྟར་བྱས་ནས། བཅོལ་གསོའི་ལས་ཁུངས་ཀྱི་ཐོ་འགོད་ཡིད་རྟོན་ཁས་ལེན་ལམ་ལུགས་བཙུགས་ཏེ། བཅོལ་གསོའི་ལས་ཁུངས་དང་དེའི་ལས་གཉེར་མི་སྣའི“མིང་ཐོ་ནག་པོར”དོ་དམ་བྱ་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(བཞི)ཕྲུ་གུ་སྐྱེ་བའི་ཁོར་ཡུག་ལེགས་པོ་མགྱོགས་མྱུར་ངང་གཟུག་དགོས།
 15.ཕྲུ་གུ་སྐྱེ་བའི་མ་གནས་ཇེ་དམའ་རུ་གཏང་དགོས། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་ལག་བསྟར་བྱེད་ཐབས》ནང་གཏན་འབེབས་བྱས་པའི་ཕྲུ་གུ་སྐྱེས་རྗེས་ཀྱི་གུང་གསེང་དང། ལྟ་སྐྱོང་གི་གུང་གསེང། འོ་མ་ལྡུད་པའི་གུང་གསེང་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཕྲུ་གུ་སྐྱེས་རྗེས་ཀྱི་གུང་གསེང་ཉིན98ཡི་རྨང་གཞིའི་སྟེང་དུ། རང་རེའི་ཞིང་ཆེན་གྱིས་ཕྲུ་གུ་སྐྱེས་པར་གུང་གསེང་ཉིན90ཡི་བྱ་དགའ་སྤྲོད་པ་དང་དེའི་བཟའ་ཟླར་ཉིན15ཡི་ལྟ་སྐྱོང་གི་གུང་གསེང་ཡོད། མི་བཀོལ་སྡེ་ཚན་གྱིས་ཁྲིམས་ལྟར་ཕྲུ་གུ་སྐྱེས་པའི་ཁྱོ་ཤུག་ལ་ཕྲུ་གུ་ལོ་གསུམ་མ་ལོན་པའི་དུས་སྐབས་ནང། ལོ་རེར་ཁྱོ་ཤུག་ཕྱོགས་གཉིས་ལ་སོ་སོར་ཉིན15ཡི་ཕྲུ་གུ་གསོ་སྐྱོང་གི་གུང་གསེང་སྟེར་བར་སྐུལ་མ་གཏང་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཕྲུ་གུ་གསུམ་སྐྱེ་བའི་རྒྱབ་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཧུར་བརྩོན་གྱིས་རྒྱབ་སྐྱོར་བྱས་ནས། འགན་བཅོལ་ནང་ཞུགས་པའི་བུད་མེད་ལས་བཟོ་བས་ཕྲུ་གུ་གསུམ་སྐྱེས་པའི་འགྲོ་གྲོན་དེ་ཕྲུ་གུ་སྐྱེ་བའི་འགན་བཅོལ་གྱི་འོས་ཐོབ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་སུ་བླངས་ནས། རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་དུས་ཐོག་ཏུ་ཕྲུ་གུ་སྐྱེ་བའི་སྨན་བཅོས་འགྲོ་གྲོན་འདང་ངེས་ཤིག་སྤྲད་དེ། ཕྲུ་གུ་སྐྱེ་བའི་ཞོར་ཕོགས་འོས་ཐོབ་ལ་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཕྲུ་གུ་སྐྱེ་བའི་སྨན་བཅོས་འགྲོ་གྲོན་གྱི་འོས་ཐོབ་གཏོང་སྤྲོད་ལེགས་པོར་བསྒྲུབས་ནས། འགན་བཅོལ་ནང་ཞུགས་པའི་མི་སྣའི་ཕྲུ་གུ་སྐྱེ་བའི་འགན་སྲུང་ཁེ་དབང་ལ་དངོས་གནས་འགན་སྲུང་བྱ་དགོས། (ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)ཁེ་ལས་དང་ལས་དོན་སྡེ་ཚན་གྱིས་གུང་གསེང་གི་དུས་སྐབས་ཀྱི་ལས་བཀོལ་མ་གནས་ཁག་ཁུར་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པར་སྐུལ་མ་གཏང་དགོས། (ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 16.གསོ་སྐྱོང་གི་མ་གནས་ཇེ་དམའ་རུ་གཏང་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས》དང་མི་སྒེར་གྱི་ཐོབ་ཁྲལ་བུ་ཕྲུག་གི་སློབ་གསོའི་ཆེད་དོན་ཟུར་སྣོན་འཕྲི་འཐེན་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་ལྟ་སྐྱོང་འགྲོ་གྲོན་དེ་འཕྲི་འཐེན་ཁྱབ་ཁོངས་ནང་འཇུག་དགོས།(རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)རིམ་པ་སོ་སོའི་སྲིད་གཞུང་གིས་བོགས་གཏོང་ཁང་པ་དང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་བཀོད་སྒྲིག་བྱེད་སྐབས། ཁྱིམ་ཚང་གི་མི་གྲངས་དང་གྲུབ་ཆ་སོགས་རེས་སྐོར་གྱི་གོ་རིམ་སྒྲིག་པའམ་ཕྱོགས་བསྡུས་དཔྱད་སྐར་གྱི་རྒྱུ་རྐྱེན་ལས། ཆ་རྐྱེན་དང་འཚམ་པར་མ་ཟད་ནར་མ་སོན་པའི་ཕྲུ་གུ་ཡོད་པའི་ཁྱིམ་ཚང་ལ། ནར་མ་སོན་པའི་བུ་ཕྲུག་གི་གྲངས་འབོར་ལ་གཞིགས་ནས། ཁང་བའི་སྒྲིག་གཞི་གདམ་གསེས་སོགས་ཀྱི་ཐད་ལ་ལྟ་རྟོག་འོས་འཚམ་བྱ་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་གཞུང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་གི་ཁུར་པོའི་གནས་ཚུལ་ལ་གཞིགས་ནས་བར་ཁྱད་ཅན་གྱི་བོགས་གཏོང་དང་ཁང་པ་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་ནོར་སྲིད་ཐིན་གྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
17. སློབ་གསོའི་མ་གནས་ཇེ་དམའ་རུ་གཏང་དགོས། སློབ་གྲྭའི་བཀོད་སྒྲིག་གི་འཆར་འགོད་འཐུས་ཚང་དུ་གཏོང་བ་དང། སློབ་ཞུགས་གྲངས་གནས་འདོན་སྤྲོད་དང་མི་གྲངས་ཀྱི་གཞི་རྒྱ་ཕན་ཚུན་འཚམ་པར་སྐུལ་འདེད་བཏང་སྟེ། སློབ་ལོ་རན་པའི་མི་ཐག་ཉེ་སར་སློབ་གྲྭ་དང་བྱིས་སྐྱོང་གླིང་དུ་ཞུགས་ཐུབ་པར་འགན་སྲུང་བྱ་དགོས། གཞུང་གཉེར་བྱིས་སྐྱོང་གླིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང། གྲོང་རྡལ་སྡེ་ཁུལ་གྱི་ཆ་འགྲིག་བྱིས་སྐྱོང་གླིང་དོ་དམ་ཚད་ལྡན་དུ་གཏོང་བ། ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་གླིང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ། གཟིགས་སྐྱོང་རང་བཞིན་གྱི་བྱིས་སྐྱོང་གླིང་གི་ཁེབས་ཚད་མུ་མཐུད་དུ་མཐོར་འདེགས་གཏང་དགོས།(ཞིང་ཆེན་སློབ་གསོ་ཐིན་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས) ཆ་རྐྱེན་འཛོམས་པའི་བྱིས་སྐྱོང་གླིང་གིས་བྱིས་སྐྱོང་གླིང་དུ་འདུག་པའི་དུས་ཡུན་འོས་འཚམ་སྒོས་ཇེ་རིང་ངམ་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང། གྲོང་ཁྱེར་དང་གྲོང་གསེབ་དང། ས་ཁོངས། སློབ་གྲྭ་བཅས་བར་གྱི་སློབ་གསོའི་ཆུ་ཚད་ཀྱི་བར་ཁྱད་མགྱོགས་མྱུར་ངང་ཆུང་དུ་བཏང་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་བཀོད་སྒྲིག་འཆར་འགོད་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཁྱིམ་བདག་རང་མོས་དང་སློབ་མ་རང་བདག་གིས་ཞུགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཕྱི་སྤེལ་ནས། འོས་འགན་སློབ་གསོའི་སློབ་གྲྭར་གཟའ་འཁོར་རེར་ཉིན5དང་ཉིན་རེར་ཆུ་ཚོད2ཡི་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ་དང། སློབ་གྲྭའི་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཕྱི་མཇུག་སྒྲིལ་བའི་དུས་ཚོད་རྩ་དོན་ཐོག་ཆུ་ཚོད18:30ལས་སྔ་མི་རུང། སློབ་གྲྭ་ཕྱིའི་གསོ་སྦྱོང་ཚད་ལྡན་ནན་མོ་བཟོས་ནས། ཁྱིམ་ཚང་གི་སློབ་གསོའི་ཁུར་པོ་ཡང་དུ་གཏང་དགོས།(ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་འཁྲིད་པ་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ལུས་རྩལ་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
18.བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས། 《བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་གི་དམིགས་བསལ་གཏན་འབེབས》དང《མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་ལག་བསྟར་བྱེད་ཐབས》དོན་འཁྱོལ་ནན་མོ་བྱས་ནས། བུད་མེད་མངལ་སྦྲུམ་པའི་དུས་སྐབས་དང་འོ་མ་ལྡུད་པའི་དུས་སྐབས་སུ་ཁྲིམས་བཀོད་རྒྱུ་རྐྱེན་མ་ཡིན་ན། ངལ་རྩོལ་འབྲེལ་བ་གཅོད་མི་ཆོག་པ་དང། རྣམ་པ་འགྱུར་བའི་སྒོ་ནས་གླ་ཕོགས་འོས་ཐོབ་ཇེ་དམའ་རུ་གཏོང་མི་ཆོག མི་བཀོལ་སྡེ་ཚན་གྱིས་བསྡུ་ལེན་དང་གདན་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང། ལས་ཞུགས་ཐད་ཀྱི་ཕོ་མོར་མཐོང་ཆུང་བྱེད་པའི་སྐོང་འདྲི་རྐྱེན་སྲོལ་བཙུགས་ནས། བུད་མེད་འདྲ་མཉམ་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏང་དགོས། མི་བཀོལ་སྡེ་ཚན་གྱི་བུད་མེད་ལས་བཟོ་བའི་ཆེད་དོན་ཐུན་མོང་གན་རྒྱ་བཙུགས་ནས། བུད་མེད་ལས་བཟོ་བའི་ཕྲུ་གུ་སྐྱེ་བའི་འགན་བཅོལ་སྤྲོད་པ་དང་ཕྲུ་གུ་སྐྱེ་བ་དང་འོ་མ་ལྡུད་པའི་གུང་གསེང་ལམ་ལུགས་དོན་འཁྱོལ་བྱེད་པ་སོགས་གན་རྒྱའི་ནང་དོན་དུ་འཇུག་དགོས། བུད་མེད་ལས་བཟོ་བའི་ཕྲུ་གུ་སྐྱེ་བའི་ཁེ་དབང་འགན་སྲུང་བྱེད་པར་དུས་བཀག་ལྟར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་དགོས། མི་བཀོལ་སྡེ་ཚན་གྱིས་བུད་མེད་ལས་བཟོ་བའི་ངལ་གསོའི་འོ་མ་ལྡུད་ཁང་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང། མི་མང་འདུ་འཛོམས་བྱེད་ས་དང་མི་བཀོལ་སྡེ་ཚན་དུ་མ་བུ་ཁང་དང་བུད་མེད་ལས་བཟོ་བའི་དྲོ་སྐྱིད་ཁང་བ་གཟུག་དགོས། མི་བཀོལ་སྡེ་ཚན་གྱིས་ཁྱིམ་ཚང་མཛའ་མཐུན་ཅན་གྱི་བྱ་བ་སྒྲུབ་གནས་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཕྲུ་གུ་དམར་འབྱར་དང་བྱིས་པར་བདག་སྐྱོང་བྱེད་པར་སྟབས་བདེ་བའི་བབ་བསྟུན་གུང་སེང་དང་བབ་བསྟུན་བྱ་བ་སྒྲུབ་སྟངས་ཁྲིམས་ལྟར་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་དགོས། ཕྲུ་གུ་སྐྱེས་ནས་ལས་ཞུགས་བྱེད་མཚམས་ཆད་པའི་བུད་མེད་ལ། ལས་ཞུགས་བསྐྱར་མའི་གསོ་སྦྱོང་གི་སྤྱི་པའི་ཞབས་ཕྱི་སྔོན་ལ་འདོན་སྤྲོད་བྱ་དགོས།(ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
19.གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་དར་སྲོལ་གསར་པ་ཤུགས་ཆེན་པོས་དར་སྤེལ་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། གཞོན་ནུའི་གཉེན་སྒྲིག་གི་ལྟ་བ་དང་ཁྱིམ་ཚང་གི་ལྟ་བ། ཕྲུ་གུ་སྐྱེ་བའི་ལྟ་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས། གཉེན་སྒྲིག་ཁྱབ་ཁོངས་ཀྱི་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང། གཉེན་སྒྲིག་གོམས་སྲོལ་སྒྱུར་བའི་བྱ་བ་སྤེལ་བ། རིན་གོང་མཐོ་བའི་གཉེན་རྟེན་དང་རྒྱས་སྤྲོས་ཆུད་ཟོས། གཉེན་སྤྲོའི་བྱ་སྤྱོད་མི་ལེགས་པ། རྟེན་དངོས་འགྲན་སོ་བྱེད་པ་སོགས་ཀྱི་ལུགས་རྙིང་སྲོལ་ངན་མེད་པར་བཟོ་བ་དང། གཉེན་སྒྲིག་ཁྱིམ་ཚང་གི་རིན་ཐང་ཁྱེར་སོ་ཡང་དག་པ་དར་སྤེལ་གཏོང་བ། གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་རིག་གནས་གསར་པ་སྤེལ་ནས། གཉེན་སྒྲིག་ལས་ཐོན་པའི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་གཏང་དགོས། བཟའ་ཟླས་ཕྲུ་གུ་གསོ་སྐྱོང་གི་འགན་འཁྲི་མཉམ་དུ་འཁུར་རྒྱུར་སྐུལ་མ་བཏང་ནས། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཕན་པའི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས།(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང། གུང་གཞོན་ཚོགས་པའི་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
20.ཕྲུ་གུ་སྐྱེ་བའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱ་དགོས། ས་གནས་སོ་སོས་གསར་གཏོད་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་ནས། ཕྲུ་གུ་སྐྱེ་བའི་སྲིད་ཇུས་དང་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དེ་ལས་མང་བའི་ཁྱིམ་ཚང་གི་ཕྲུ་གུ་སྐྱེ་བའི་དགོས་མཁོ་དང་འདོད་བློ་སྐོང་ཐུབ་པ་བྱས་ནས། ཕྲུ་གུ་དམར་འབྱར་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་བདེ་འཇགས་དང་སྟབས་བདེ། དྲོ་སྐྱིད། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས། རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཕྱིའི་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གིས་བསྐྲུན་ནས། བྱིས་པའི་མཛའ་མཐུན་གྲོང་ཁྱེར་དང་གསོན་ཤུགས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ལྷན་གཞུང་ལས་ཁང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
(ལྔ) འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁེ་དབང་འགན་སྲུང་བྱ་དགོས།
 21.འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལེགས་སྒྲིག་མ་བྱས་གོང་གི་ཁེར་སྐྱེས་ཕྲུ་གུའི་ཁྱིམ་ཚང་དང་ཞིང་སྡེའི་འཆར་ལྡན་བུ་སྐྱེའི་བུ་མོ་གཉིས་ཅན་གྱི་ཁྱིམ་ཚང་ལ། ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་དགའ་དང་རོགས་སྐྱོར་ལམ་ལུགས་དང་གཟིགས་སྐྱོང་སྲིད་ཇུས་ཁག་མུ་མཐུད་དུ་ལག་བསྟར་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་དང་འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། ཁེར་སྐྱེས་ཕྲུ་གུའི་ཕ་མའི་བདག་སྐྱོང་ངལ་གསོའི་ལམ་ལུགས་འཚོལ་ཞིབ་བྱས་ནས་གཏན་འབེབས་བྱ་དགོས།(ཞིང་ཆེན་ཁྲིམས་འཛིན་ཐིན་དང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 22. འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཆ་རྐྱེན་དང་འཚམ་པའི་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་ཁོངས་མི་ལ། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱ་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)གཞུང་གཉེར་རྒན་གསོའི་ལས་ཁུངས་དང་གཞུང་བཙུགས་དམངས་གཉེར་གྱི་རྒན་གསོའི་ལས་ཁུངས་ཀྱི་ཐ་སྐྱོར་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་བོ་དམིགས་བསལ་དཀའ་ངལ་ལྡན་པའི་མི་སྣ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནུས་ཤོར་རིག་ཤོར་གྱི་རྒན་པ། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་རྒན་པ་བཅས་ལ་རིན་མེད་དམ་རིན་དམའ་བའི་བཅོལ་གསོའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། སྡོད་ཁང་གི་དཀའ་ངལ་ཡོད་པ་ལ། སྔོན་ལ་སྡོད་ཁང་གི་འགན་ལེན་ནང་འཇུག་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་སྨན་ཁང་དུ་བསྡད་ནས་ལྟ་སྐྱོང་བྱེད་པའི་འགན་བཅོལ་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་ཁོངས་མིའི་ཁྲོད་ཡུན་རིང་ལ་འཚོ་བར་རང་མགོ་མི་ཐོན་པ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་པར་བདག་སྐྱོང་གི་ཁ་གསབ་སྤྲོད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུར་སྐུལ་མ་བཏང་ནས། རྒན་གསོ་ལྟ་སྐྱོང་གི་གནོན་ཤུགས་ཆུང་དུ་གཏང་དགོས། སྤྱི་ཕན་མ་དངུལ་ལམ་ཐེབས་རྩ་འཛུགས་པར་འཚོལ་ཞིབ་བྱས་ནས། གཙོ་བོ་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པར་སྤྱད་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
 23.འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་དང་ཐུགས་ཁུར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཡོངས་བསྒྲགས་ངང་འོས་འགུགས་འོས་འཇུག་བྱེད་ཐབས་བརྒྱུད་ནས། འོས་ཐོབ་ལྡན་པའི་སྤྱི་ཚོགས་རྩ་འཛུགས་ནང་དྲངས་ཏེ་རོགས་རམ་མཁོ་བའི་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་འཚོ་བའི་ལྟ་སྐྱོང་དང་སེམས་གསོ་བྱེད་པ་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང། རྒན་གསོའི་ལས་ཁུངས་སུ་འདུག་པ་དང་དང་སྨན་པ་བསྟེན་རོགས་སོགས་འབྲེལ་ཡོད་དོན་དག་ཁྲིམས་ལྟར་ཚབ་སྒྲུབ་བྱ་དགོས། དུས་བཀག་ལྟར་སྐོར་ཞིབ་བྱེད་པའི་ལམ་ལུགས་བཙུགས་ནས། “ལས་རྐང་གཉིས”ཀྱི་འབྲེལ་གཏུག་བྱེད་མཁན་དང། ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་པ། སྨན་པ་བསྟེན་པའི་ལྗང་མདོག་བགྲོད་ལམ་བཅས“ཡོངས་སུ་ཁེབས་པ་གསུམ”མངོན་འགྱུར་བྱས་ཏེ། དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་མང་པོ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འདོན་སྤྲོད་བྱ་དགོས། “སེམས་དྲོད་ལྡན་པའི་འགུལ་སྐྱོད”གཏིང་ཟབ་ཏུ་སྤེལ་ནས། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་གཅེས་སྐྱོང་གི་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང། རྩ་དོན་ཐོག་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)རེ་རེར“སེམས་དྲོད་ལྡན་པའི་ཁྱིམ་གཞི”1ཡོད་དགོས་ཤིང། སྤྱི་ཚོགས་ཡོངས་ཀྱིས་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པར་སྐུལ་སློང་བྱ་དགོས།(ཞིང་ཆེན་དམངས་སྲིད་ཐིན་དང། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས)
གསུམ། འགན་སྲུང་བྱེད་ཐབས།
(གཅིག)ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་གནས་དངོས་གནས་མཐོ་རུ་གཏོང་བ་དང། མགོ་ཁྲིད་དང་པོས་དངོས་སུ་འཛིན་པ་དང་སྤྱིའི་འགན་འཁུར་བ་རྒྱུན་འཁྱོངས་བྱེད་པ། མི་གྲངས་དང་འཆར་ལྡན་བུ་སྐྱེའི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་དམིགས་ཚད་བཟོ་དགོས། གཅིག་གྱུར་འཆར་འགོད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང། དགེ་མཚན་ལྡན་པའི་ཕྲུ་གུ་སྐྱེ་བའི་རྒྱབ་སྐྱོར་བྱེད་ཐབས་འདོན་པར་སྐུལ་འདེད་གཏོང་བ། བྱ་བའི་དོན་འཁྱོལ་དང་རྗེས་འདེད་དཔྱད་དཔོག་ནན་འཛིན་བྱས་ཏེ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། མ་དངུལ་དོན་ཐོག་ཏུ་འཁྱོལ་བ། དོན་འཁྱོལ་དོན་ཐོག་ཏུ་འཁྱོལ་བ་བཅས་ལ་ཁག་ཐེག་བྱ་དགོས། གྲོང་ཁྱེར(ཁུལ)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེའི་ཟླ12པའི་ཟླ་མཇུག་སྔོན་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ས་ཁུལ་དེ་གའི་མི་གྲངས་འཕེལ་རྒྱས་བྱ་བའི་གནས་ཚུལ་སྙན་སེང་ཞུ་དགོས།
(གཉིས)ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱག་དགོས། འཕྲོད་བསྟེན་བདེ་ཐང་དང་འཕེལ་རྒྱས་བཅོས་སྒྱུར། སློབ་གསོ། སྤྱི་བདེ། དམངས་སྲིད། ནོར་སྲིད། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་གིས་དམིགས་ཚད་ལས་འགན་ལ་དམིགས་ནས། ཕྲུ་གུ་སྐྱེ་བའི་ལེགས་སྒྱུར་བྱེད་པར་ཕན་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་པ་དང། འགན་འཁྲི་དོན་འཁྱོལ་ནན་འཛིན་བྱས་ནས། ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང། ཁྱིམ་ཚང་འཛུགས་སྐྱོང་དང་ཕྲུ་གུ་སྐྱེ་བར་རྒྱབ་སྐྱོར། མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་ཧུར་ཐག་གིས་སྤེལ་དགོས། སྤྱི་ཚོགས་རྩ་འཛུགས་ཀྱིས་དང་བླངས་ཞབས་ཕྱིའི་རྣམ་གྲངས་གསར་སྤེལ་བྱེད་པར་སྐུལ་མ་བཏང་ནས། བདེ་ཐང་ཤེས་བྱ་ཁྱབ་གདལ་དང་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཕྱི་སོགས་སྤྱི་ཕན་བྱེད་སྒོ་སྤེལ་དགོས།
(གསུམ)དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱག་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྣམ་པ་མང་བོའི་བྱེད་ཐབས་སྤྱད་ནས་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་དང་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ཁག་དྲིལ་སྒྲོག་བྱེད་པ་དང། སྤྱི་ཚོགས་ལས་རིགས་སོ་སོས་མི་གྲངས་ཀྱི་གནས་བབ་ལ་ངོས་འཛིན་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱ་དགོས། གཙོ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཕྲུ་གུ་སྐྱེ་བར་རྒྱབ་སྐྱོར་དང་ཕྲུ་གུ་སྐྱེ་བར་སྐུལ་འདེད། ལོ་རན་ན་གཉེན་སྒྲིག་བྱས་ན་ཕྲུ་གུ་སྐྱེ་བ། ལེགས་སྐྱེ་ལེགས་སྐྱོང་བཅས་ཀྱི་སྣང་ཚུལ་ལེགས་པོ་ཞིག་གཏོད་དགོས།
(བཞི)བྱ་བའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱག་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལག་བསྟར་འཆར་གཞི་འདིའི་བླང་བྱ་གཞིར་བཟུང་ནས། ཡུལ་བབ་དང་བསྟུན་ནས་དགེ་མཚན་ལྡན་པའི་ཕྲུ་གུ་སྐྱེ་བའི་རྒྱབ་སྐྱོར་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་པ་དང། བྱ་བའི་ལས་འགན་ཞིབ་ཚགས་སུ་གཏོང་བ། བྱ་བའི་དོན་འཁྱོལ་ལེགས་པོར་འཛིན་པ་བཅས་བྱ་དགོས། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱེད་པར་རྗེས་འདེད་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་བཏང་ནས། སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱེད་པའི་བྱ་བའི་སྣ་སོ་སོར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས།

◎འབྲུག་བྱམས་རྒྱལ་གྱིས་བསྒྱུར། ཝང་ཧེ་དབྱིན་གྱིས་ཞུ་དག་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་རྒྱུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ། སུང་ཆི།