ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཁ་ཕྱོགས་གསལ་རྟོགས་བྱས་ནས་ཡང་བསྐྱར་ལམ་དུ་ཆས་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 10:53:00

ཀྲང་ཀྲུང་སན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོ་ཚང་མས་རང་སོ་སོའི་ལས་གནས་སུ་དཀའ་སྤྱད་འབད་བརྩོན་བྱས་ཏེ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་རླབས་ཆེན་ནང་དངོས་སུ་ཞུགས་ཡོད་པ་དང་། ཚང་མས་རང་སོ་སོའི་ཕྱོགས་ནས་ཏང་གི་རང་ངོས་གསར་བརྗེ་ལ་འགྱུར་ལྡོག་ཟབ་མོ་བྱུང་ཚུལ་དངོས་སུ་ཚོར་ཡོད། ཚང་མས་རང་སོ་སོའི་འཚོ་བའི་ནང་ཞིབ་ཕྲའི་ལྟ་ཞིབ་བརྒྱུད་དེ་དུས་རབས་གསར་པར་ཐོབ་པའི་གྲུབ་འབྲས་རླབས་ཆེན་དངོས་སུ་བདེན་དཔང་བྱས་ཡོད།ལག་ལེན་གྱི་རང་རྟོགས་ནི་རིགས་པའི་གཞུང་ལུགས་བརྟན་པོ་ལས་བྱུང་བ་ཡིན། རང་ངོས་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་རྒྱུད་རིམ་ལྡན་པའི་ངང་ལོ10མི་ལོན་པའི་དུས་སྐབས་འདིའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་། ལྷག་པར་དུ་ལོ་བརྒྱའི་ལོ་རྒྱུས་དང་བསྡུར་ནས་སློབ་སྦྱོང་བྱས་ན།“ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་བྱེད‘ཐུབ་པ’དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར‘ཆོག་པ’། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར‘ལེགས་པ’བཅས་ཀྱི་དྲིས་ལན་རྟོགས་པས་སྔར་བས་བློ་བརྟན་འགྱུར་མེད་ཡིན། ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱིས་སྡུག་བསྔལ་དང་བརྙས་བཅོས་མྱངས་ཤིང་། ཅི་བྱ་གཏོལ་མེད་ཀྱི་ལམ་དུ་ཆས་ཡོང་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་ད་གཟོད་གཞི་ནས་སྲོག་ཤིང་ཡོད་པར་གྱུར་ཅིང་རྩ་འཛུགས་བྱས་ཏེ་འཚོལ་ཞིབ་དང་འཐབ་རྩོད་བྱས་པ་ཡིན། ཡིན་ཡང་དེ་ནི་བློས་གཏོང་ཧ་ཅང་ཆེན་པོ་བཏང་རྗེས་ད་གཟོད་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་སྨོས་མ་དགོས། སླར་ཡང་ལོ་བཅུ་ཕྲག་ཁ་ཤས་རིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་འཚོལ་ཞིབ་དང་འབད་བརྩོན་བྱས་ནས། མིག་སྔའི་དམག་འཁྲུག་གི་མེ་ལྕེ་རྒྱུན་ཆད་མེད་པ་དང་། དབུལ་ཕྱུག་ཕྱོགས་གཉིས་སུ་གྱེས་པ། རྙོག་ཟིང་གི་སྣང་ཚུལ་གྱིས་ཁེངས་པ་སོགས་ཀྱི་འཛམ་གླིང་གི་ཁྲོད་དུ་རང་ལུགས་གསར་གཏོད་བྱས་ནས་ཁམས་བཟང་བདེ་སྐྱིད་ཀྱི་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་བརྒྱུད་དེ། ཆེ་མཐོང་གི་ཕྱོགས་ནས་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་བ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ལག་ལེན་གྱི་བླང་བྱ་གསར་པར་ལན་འདེབས་པ། མི་དམངས་ཀྱི་རེ་སྒུག་གསར་པ་དང་བསྟུན་པ་བཅས་བྱས་ནས་བསམ་བློའི་ལྟ་བ་གལ་ཆེན་རབ་དང་རིམ་པ་བཏོན་ཏེ་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་དེ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་འབད་འཐབ་ཀྱི་དམིགས་ཡུལ་གསར་པ་མངོན་འགྱུར་བྱེད་པར་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྔར་ལས་གསལ་པོའི་ངང་རྟོགས་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་དུས་གནས་རྟོགས་དཔྱད་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་སྐུལ་འདེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བྱས་པས་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་ཕོ་འགྱུར་བྱུང་ཡོད། དུས་རབས་གསར་པའི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་ཇུས་གཞི་ཆེན་པོ་གསར་པ་ག ཏ ན ་ འ བེ བ ས ་ བྱ ས ་ ཏེ “ ཁྱོ ན ་ ཡོ ང ས ་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གྱིས་སྐུལ་འདེད་བྱས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་འགྲོ་བའི་ཁྲོད་ཀྱི་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། མྱུར་མཁོའི་རང་བཞིན་བཅས་གནད་དོན་གལ་ཆེན་དམ་འཛིན་བྱས་ནས་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྩེ་རིམ་ཇུས་འགོད་འཆར་འགོད་དང་སྐུལ་འདེད་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཕུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་དམིགས་ཚད་དང་བྱེད་ཐབས་གཅིག་བསྡུས་ཀྱིས་མཚོན་པས། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད་ཁོང་དུ་ཆུད་ཚད་ནི་སྔར་བྱུང་མ་མྱོང་བའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པར་མཚོན།

གཅིག གནད་སྨིན་འཐུས་ཚང་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་ནི་ཏང་གི་ལས་དོན་སྐྱོན་དང་བྲལ་བའི་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་པའི་འགག་རྩ་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དུས་ཡུན་ཐུང་ངུའི་ནང་། ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་གསར་པས་མི་རིགས་དང་། མི་དམངས། ཏང་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་སྤྱིའི་དམིགས་ཚད་དུ་བཟུང་ནས་དུས་རབས་གསར་པའི་ཁྱད་ཆོས་གསར་པར་ཁྲིད་སྟོན་བྱེད་པ་དང་། སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་དེ་འཇུག་སྒོ་བྱས་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་དོན་གསར་པར་སྐུལ་འདེད་བྱས་ཤིང་།ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྩ་བའི་སྒུལ་ཤུགས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་མྱུར་བའི་ངང་རྣམ་པ་གསར་པ་ཐོན་ཞིང་གནས་ཚུལ་གསར་པ་མངོན། དུས་ཡུན་རིང་པོར་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པས་དཀའ་ངལ་མང་པོ་ཞིག་བསལ་ཡོད། སྐབས་འདིའི་རྒྱལ་སྐྱོང་སྲིད་གཉེར་གྱི་ལག་ལེན་གསར་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། མངོན་གསལ་དོད་པའི་མི་དམངས་ཀྱི་ལངས་ཕྱོགས། ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་བློ་གྲོས། ཞུམ་མེད་ཀྱི་ཆབ་སྲིད་གཤིས་རྒྱུད།གསལ་ཐག་ཆོད་པའི་ལོ་རྒྱུས་ཀྱི་ཐེག་ཁུར། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་སྒྱུ་རྩལ་བཅས་ལ་བརྟེན་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་ཐག་པའི་བརྩི་བཀུར་ཐོབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དོན་དངོས་སུ་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གསལ་སྟོན་བྱས་ཡོད། འདིས་དུས་རབས་གསར་པར་ཏང་ཡོངས་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་དུ་ཐུན་མོང་གི་སྙིང་སྟོབས་ཆགས་པ་དང་། ཏང་དང་མི་དམངས་ཀྱི་སྟོབས་ཤུགས་སྔར་ལས་ལེགས་པར་གོང་བུར་བསྒྲིལ་བར་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། དེའི་རྗེས་ཀྱི་ལོ་ལྔ་ཙམ་གྱི་རིང་ལ་རང་རྒྱལ་གྱིས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་དང། དེ་བཞིན་དམག་དོན་དང་ཕྱི་འབྲེལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་པའི་གྲུབ་འབྲས་རླབས་ཆེན་གྱིས་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་ཀྱི་སྲོག་ཤིང་དང་གཙོ་འཛིན་བྱས་པ་ནི་ངོ་གནོང་མི་དགོས་པ་དང་མིང་དོན་མཐུན་པར་ར་སྤྲོད་རྩོད་མེད་བྱུང་ཡོད། ཏང་གི་ལོ་རྒྱུས་ཐོག་ཙུན་དབྱི་གྲོས་ཚོགས་སུ་མའོ་ཙེ་ཏུང་ཏང་ཀྲུང་དབྱང་དང་དམར་དམག་ཁྲོད་ཀྱི་མགོ་ཁྲིད་གོ་གནས་གཏན་ཁེལ་བྱས་པ་དང་། ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་མའོ་ཙེ་ཏུང་ཏང་ཡོངས་ཀྱི་མགོ་ཁྲིད་གོ་གནས་གཏན་ཁེལ་བྱས་པའི་དོན་སྙིང་གལ་ཆེན་ཐག་ཆོད་བྱས་པ་ནས། ཏང་གི་ཚོགས་ཆེན་བདུན་པའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་བརྟན་འཇགས་ཡིན་པའི་ཀྲུང་དབྱང་མགོ་ཁྲིད་སྲོག་ཤིང་གིས་ཕན་ནུས་འདོན་སྤེལ་མཛད་ཚུལ་དང་བསྡུར་ནས་བལྟས་ན། ལག་ལེན་གྱི་ཉམས་ཚོད་ལོན་པའི་གནད་སྨིན་འཐུས་ཚང་གི་མགོ་ཁྲིད་སྲོག་ཤིང་གིས་ཉེན་ཁ་ཆེ་ཤོས་ཀྱི་འགག་རྩའི་སྐབས་སུ་ཏང་སྐྱོབ་པ་དང་། དམར་དམག་སྐྱོབ་པ། ཀྲུང་གོའི་གསར་བརྗེ་སྐྱོབ་པ་བཅས་བྱེད་ཐུབ་ཅིང་། འགག་རྩ་གལ་ཆེན་གྱི་སྐབས་སུ་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་དང་རྒྱལ་ཁབ་བདེ་ལ་འཁོད་ཅིང་སྲ་བརྟན་ཡོང་བར་བྱེད་ཐུབ།

གཉིས། ཏང་རང་ངོས་ལེགས་སྐྱོང་བྱེད་པའི་རྩ་གནད་དང་འགག་རྩ་དམ་འཛིན་བྱ་དགོས།
བློ་མཐུན་ཏིན་ཞའོ་ཕེན་གྱིས་དེ་སྔ “ཀྲུང་གོར་གནད་དོན་བྱུང་ན་གུང་ཁྲན་ཏང་གི་ནང་ཁུལ་དུ་བྱུང་བ་ཡིན”ཞེས་གསུངས་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་རང་ངོས་ལེགས་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཏང་གི་ལས་དོན་ཁག་སྐྱོན་དང་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་རྩ་བའི་ཁག་ཐེག་བྱས་ནས་དུས་གནས་རྟོགས་དཔྱོད་ཀྱིས་ཏང་ནང་དུ་གནས་པའི་ཏང་གི་རྨང་གཞིར་བློ་འགྱུར་གཏོང་སྲིད་པ་དང་ཏང་གི་ལས་དོན་ལ་འགོག་རྐྱེན་བཟོ་སྲིད་པའི་གནད་དོན་མངོན་གསལ་ཕྱོགས8ལེགས་སྒྲིག་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ཤིང་། ཁ་ཕྱོགས་དང་བྱེད་ཐབས་ཁ་གསལ་བྱས་ནས། ངེས་པར་དུ་དཔྱིས་ཕྱིན་པའི་རང་ཉིད་གསར་བརྗེའི་སྙིང་སྟོབས་ཀྱིས་ཐག་གཅོད་བྱེད་དགོས་པར་ནན་གྱིས་བསྟན་ཡོད།གཏན་ཕབ་བརྒྱད་ནས་མགོ་བཙུགས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོར་བཏང་ནས།“མི་སྟོང་ཕྲག་ལ་ཕོག་ཐུག་བརྒྱབ་རུང་། མི་དམངས་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི”བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཀྱིས་གནམ་ལྕགས་ལྟ་བུའི་ཟིལ་ཤུགས་དང་ཐོག་རྒྱག་ལྟ་བུའི་བྱེད་ཐབས་ལ་བརྟེན་ནས་རུལ་སུངས་ལ་ཆད་གཅོད་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་མོར་གཏོང་བ། ལམ་ལུགས་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་བྱེད་པ་བཅས་བྱས། ཏང་ལེགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་དོན་གསར་པར་ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་ཁ་ཐོབ་པས་ང་ཚོའི་ཏང་ལ་སླར་ཡང་ལང་ཚོའི་གསོན་ཤུགས་རྒྱས། དེ་བས་མའོ་ཀྲུའུ་ཞིས་ཏང་གི་ཚོགས་ཆེན་བདུན་པའི་ཐོག“བཀོད་འདོམས་ཀྱི་སྟེགས་བུའི་ཐོག་ཏུ་བསྡད་ནས་གལ་ཏེ་ཅི་ཡང་མ་མཐོང་ན། དེ་ནི་མགོ་ཁྲིད་ཟེར་བ་མིན་ལ། བཀོད་འདོམས་ཀྱི་སྟེགས་བུའི་ཐོག་ཏུ་བསྡད་ནས་ས་གཞིའི་མུ་མཐར་བྱུང་ཟིན་པའི་ཁྱབ་གདལ་གྱི་བྱ་དངོས་འབོར་ཆེན་ཁོ་ན་མཐོང་བ་ནི་རྒྱུན་ལྡན་ཡིན་པས། དེའང་མགོ་ཁྲིད་ཀྱི་གྲས་སུ་བརྩི་མི་འོས། མངོན་གསལ་གྱི་བྱ་དངོས་འབོར་ཆེན་ད་དུང་མ་བྱུང་བའི་སྐབས་དང་དར་ཤིང་གི་རྩེ་མོ་རིག་མ་ཐག་གི་སྐབས་སུ། དེ་དག་འབོར་ཆེན་དང་ཁྱབ་གདལ་གྱི་བྱ་དངོས་སུ་འགྱུར་བ་མཐོང་ཐུབ་པ་མ་ཟད་དེ་དག་ཁོང་དུ་ཡང་ཆུད་ཐུབ་ན།ད་གཟོད་མགོ་ཁྲིད་ཟེར”ཞེས་པའི་གསུང་བཤད་རང་དབང་མེད་པར་དྲན་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་དོན་གྱི་ཁྲིད་ཕྱོགས་དང་མཚམས་ཐིག་གི་བསམ་གཞིག་ནས་མགོ་བརྩམས་ཏེ། རྩ་གནད་དང་འགག་རྩར་དམ་འཛིན་བྱས་ནས་མཆོག་ཏུ་གྱུར་པའི་འཐབ་ཇུས་ཀྱི་མགོ་ཁྲིད་ནུས་པ་གསལ་པོར་བསྟན་ཡོད།

གསུམ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་རྒྱུན་འཁྱོངས་བྱ་དགོས།

མར་ཁེ་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་དུ་འབྱོར་ལྡན་གྲལ་རིམ་འཕེལ་རྒྱས་དང་རྒྱ་བསྐྱེད་ནས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཚབ་བྱས་ཏེ་ཆབ་སྲིད་དབང་སྒྱུར་ཐོབ་པའི་བརྒྱུད་རིམ་རྒྱས་བཤད་གནང་པ་བརྒྱུད་དེ།“དེང་རབས་ཀྱི་རྒྱལ་ཁབ་ཀྱི་སྲིད་དབང་ནི་འབྱོར་ལྡན་གྲལ་རིམ་ཧྲིལ་པོའི་ཐུན་མོང་གི་ལས་དོན་དོ་དམ་བྱེད་པའི་ཨུ་ཡོན་ལྷན་ཁང་ཙམ་ཞིག་རེད”ཅེས་པའི་སྡོམ་ཚིག་ཐོབ་པ་རེད། ན་ནིང་པྲོག་གསར་གློ་ཚད་དེ་སའི་གོ་ལ་ཧྲིལ་པོར་གློ་བུར་དུ་བྱུང་རྗེས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བབ་ལྟ་དང་། འགན་གཡོལ་བ། རྫུན་བཤད་པ་སོགས་བྱེད་པ་ལས་ཅི་བྱ་གཏོལ་མེད་དུ་གྱུར། ལོ་གཅིག་ལྷག་གི་རིང་ལ་ཨ་རི་དང་ཡོ་རོབ་ནི་མཚམས་མེད་པའི་རྙོག་འཛིང་དང་། གང་སར་མཆེད་པ། སྤྱི་ཚོགས་ལྷིང་འཇགས་མིན་པ། དཔལ་འབྱོར་ཉམས་པ། རིམས་ནད་སྐོར་ཐེངས་གཅིག་རྗེས་གཅིག་མཐུད་དུ་བྱུང་བ་སོགས་ཀྱི་གནས་སུ་ལྷུང་བ་རེད། ཀྲུང་གོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ཨང་དང་པོར་བཞག་སྟེ། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བཀོད་དེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱི་སྣ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ནས། དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དེ། རང་རྒྱལ་གྱིས་ཟླ་བ་གཅིག་ལྷག་གི་རིང་ལ་རིམས་ནད་ཁྱབ་ཚུལ་ཐོག་མའི་ཆ་ནས་བཀག་འགོག་བྱས་པ་དང་། ཟླ་བ་གཉིས་ཀྱིས་རང་ཡུལ་གྱི་ཉིན་རེའི་གསར་འཕར་ནད་པ་ནི་གྲངས་གནས་གཅིག་གི་ནང་ཚོད་འཛིན་བྱས། ཟླ་བ་གསུམ་གྱིས་ཝུའུ་ཧན་སྲུང་སྐྱོབ་དམག་འཁྲུག་དང་ཧུའུ་པེ་སྲུང་སྐྱོབ་དམག་འཁྲུག་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ། དུས་མཚུངས་སུ་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་དཔལ་འབྱོར་སྔོན་ལ་སླར་གསོ་བྱུང་བས། 2020ལོར་དངོས་འཕར་མངོན་འགྱུར་བྱས་པའི་འཛམ་གླིང་གི་དཔལ་འབྱོར་ཕུང་གྲུབ་གཙོ་བོ་ཁོ་ནར་གྱུར། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིམས་ནད་བྱུང་རྗེས་ཀྱི་མཚོན་ཚུལ་བསྡུར་ན།ཏང་གི་སྒྲིག་ཡིག་ནང་གི “ཀྲུང་གོ་གུང་ཁྲན་ཏང་གིས་ནམ་ཡང་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས”ཞེས་པ་དང་། “ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་ཞིག་མེད”ཅེས་པའི་བསྒྲགས་གཏམ་ལ་དངོས་སུ་འགྲེལ་བཤད་དང་ར་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་མགོར་བསྟན་དོན། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་སའི་གོ་ལ་ཧྲིལ་པོར་ཁྱབ་པ་དང་འཕྲད་ཚེ། རྒྱལ་ཁབ་ཁག་གི་མགོ་ཁྲིད་ནུས་པ་དང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཅི་འདྲ་ཡིན་པ་སླ་བའི་ངང་བརྡར་གཅོད་བྱེད་ཐུབ། ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དབུལ་བྲལ་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་ལས་ཀྱང་ཏང་གིས་ཐོག་མཐའ་བར་གསུམ་དུ “མི་དམངས་ཀྱི་བསམ་པ་གཙོ་བོར་འཛིན་པ”གསལ་བཤད་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་ཏང་གི་ལོ་རྒྱུས་ནི་ང་ཚོའི་ཏང་དང་མི་དམངས་དབར་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་དཀའ་སྡུག་མཉམ་སྤྱོད། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱེད་པའི་ལོ་རྒྱུས་ཡིན་པས། ངེས་པར་དུ་མི་དམངས་དང་མཉམ་དུ་འཚོ་བ་རོལ་ཞིང་མཉམ་དུ་ལས་ཀ་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཛིན་བྱ་དགོས། ”“མང་ཚོགས་དང་སྐྱིད་སྡུག་མཉམ་སྤྱོད་དང་། ཚྭ་ཡོད་མེད་མཉམ་བཀོལ། ”“གནམ་འོག་ནི་མི་དམངས་ཡིན་ལ་མི་དམངས་ནི་གནམ་འོག་ཡིན། ”ཞེས་གསུངས་པ་བཞིན།5·22རྨ་སྟོད་ས་ཡོམ་བྱུང་རྗེས་རིམ་པ་ཁག་གི་ཏང་གི་རྩ་འཛུགས་ཀྱིས་འཕྲལ་དུ་འགུལ་སྐྱོད་བྱས་ནས་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་དེ་མང་ཚོགས་རྩ་འཛུགས་བྱས་ནས་ཉེན་སྐྱོབ་གནོད་སེལ་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱས་པ་དེའང་སྔར་བཞིན“མི་སེམས་སྲུང་རྒྱུ་ནི་གནམ་འོག་སྲུང་བ་དེ་ཡིན”ཞེས་པར་མཆན་འགྲེལ་ལེགས་ཤོས་བཏབ་ཡོད།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གོང་སྤེལ་འཆར་འགོད་དང་རྒྱང་རིང་དམིགས་ཚད་འཆར་འགོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཡང་དག་པའི་ངང་འཕེལ་རྒྱས་དུས་རིམ་གསར་པ་ཁོང་དུ་ཆུད་དེ། གཏིང་ཟབ་པའི་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། མྱུར་བའི་ངང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བཙུགས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་ལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཅིང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་སྟབས་ལེགས་སྤོ་དང་རྣམ་པ་ལེགས་གཏོད་བྱ་དགོས།ད་དུང་བསྟན་དོན། ང་ཚོས་རང་ཉིད་ལ་རྐང་བཙུགས་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དེ་བདེ་བགྲོད་དུ་བཏང་ནས་འབད་བརྩོན་གྱིས་དུག་བརྒྱ་མི་འགོ་པ་དང་རྡོ་རྗེ་ལྟར་མི་འཇིག་པའི་རང་ལུས་ཤིག་སྦྱོང་བརྡར་བྱས་ན་ད་གཟོད་རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་ལྡོག་ཆེན་པོའི་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་ཐུབ་པས། སུ་ཞིག་གིས་ཀྱང་ང་ཚོ་རྩ་གཏོར་གཏོང་མི་ཐུབ་ལ་ང་ཚོ་བཀག་སྡོམ་ཡང་བྱེད་མི་ཐུབ། སྔོན་མཐོང་བྱེད་ཐུབ་པ་དང་སྔོན་མཐོང་བྱེད་དཀའ་བའི་རླུང་འཚུབ་དྲག་ཆར་དང་རྦ་རླབས་འཇིགས་སུ་རུང་བ་སྣ་ཚོགས་ཀྱི་ཁྲོད་དུ་ང་ཚོའི་འཚོ་གནས་ནུས་ཤུགས་དང་། འགྲན་རྩོད་ནུས་ཤུགས། འཕེལ་རྒྱས་ནུས་ཤུགས། རྒྱུན་མཐུད་ནུས་ཤུགས་བཅས་ཇེ་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཕེལ་རིམ་དལ་འགོར་དང་ཐ་ན་རྒྱུན་ཆད་མི་འབྱུང་བར་ཁག་ཐེག་ནན་ཏན་བྱ་དགོས། འཆར་གཞི་བཀོད་ཟིན་ལ་དུས་ཚོད་ཀྱི་རེའུ་མིག་དང་ལམ་རིས་ཀྱང་མངོན་གསལ་ཡིན་པས། ང་ཚོས་ངེས་པར་དུ་ལས་གནས་ལ་རྐང་ཚུགས་པ་དང་། འགན་འཁྲི་ལྕི་མོ་འཁུར་ཕོད་པ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་བརྩོན་བཅས་ཀྱིས་རླབས་ཆེན་གྱི་ལོ་རྒྱུས་གསར་པའི་ནང་ཏང་ལ་ངོ་གནོང་མི་དགོས་པ་དང་། རང་ཉིད་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་དགོས།།

(རྩོམ་པ་པོའི་ལས་ཁུངས། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན)

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཁ་ཕྱོགས་གསལ་རྟོགས་བྱས་ནས་ཡང་བསྐྱར་ལམ་དུ་ཆས་དགོས།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།