ལོ་བརྒྱའི་འཕེལ་རིམ་ལས་བདེན་དོན་གྱི་སྟོབས་ཤུགས་ཚོར་ཤེས་བྱ་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-01-19 11:03:00
ཁྲིན་ཕིན།
སློབ་སྟོན་བསམ་བློ་ནི་སྲིད་ཏང་ཞིག་གི་བསམ་པའི་དར་ཆ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཉེ་རབས་ནས་བཟུང་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་མི་སྲིད་པའི་ལས་འགན་དཀའ་ཚེགས་ཆེ་བ་དེ་འགྲུབ་ཐུབ་པའི་རྒྱུ་མཚན་ནི། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དེ་རང་ཉིད་ཀྱི་བྱ་སྤྱོད་ཕྱོགས་སྟོན་དུ་བཟུང་བ་མ་ཟད། ལག་ལེན་ཀྱི་ཁྲོད་དུ་མར་ཁེ་སི་རིང་ལུགས་མུ་མཐུད་དུ་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་བས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐུལ་སློང་ཚོགས་ཆེན་ཐོག་ནན་གྱིས་བསྟན་དོན། “ང་ཚོའི་ཏང་གི་ལོ་རྒྱུས་ནི་མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། མུ་མཐུད་དུ་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་པ་དང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་པའི་ལོ་རྒྱུས་ཤིག་ཡིན། ”ང་ཚོས་ཏང་གི་ཐུན་མོང་མ་ཡིན་པའི་འཕེལ་རིམ་ལས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་ལ་གོ་བ་ལེན་དགོས།
མར་ཁེ་སི་རིང་ལུགས་ནི་མིའི་རིགས་ཀྱི་ཤེས་བྱ་ཡོངས་རྫོགས་མཐའ་དཔྱོད་དང་སྡུད་ལེན་བྱས་པའི་རྨང་གཞིའི་ཐོག་བྱུང་བ་ཞིག་ཡིན་པ་མ་ཟད། དུས་རབས་དང་ལག་ལེན། ཚན་རིག་བཅས་གོང་དུ་འཕེལ་བ་དང་བསྟུན་ནས་མུ་མཐུད་དུ་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་བ་ཡིན། ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་བྱུང་བ་སྟེ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་ནི་རྩ་བའི་སློབ་སྟོན་གྱི་བསམ་བློ་དང་། མཐུན་སྒྲིལ་མདུན་སྐྱོད་ཀྱི་བསམ་པའི་དར་ཆ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་བཅས་སུ་བཀོད་པས། ད་གཟོད་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་ལ་ལེགས་འགྲུབ་བྱུང་བ་ཡིན། ད་ལྟ་ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་སྐབས།ཚན་རིག་དང་མཐུན་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ཟབ་སློབ་དད་མོས་བྱ་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་ཀྱིས་ཅི་ཞིག་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་དཔལ་ཡོན་དེ་དར་སྤེལ་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་ལ་ཡང་བསྐྱར་བསམ་པའི་སྟོབས་ཤུགས་ཆེན་པོ་ཐོན་པར་གོ་བ་ཟབ་མོ་ལེན་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱིས་ཅི་ཞིག་ལ་བརྟེན་ནས་གཏིང་ཟབ་པའི་ངང་ཀྲུང་གོར་འགྱུར་ལྡོག་བྱུང་དུ་བཅུག་པ་དང་། འཛམ་གླིང་ལ་འགྱུར་ལྡོག་བྱུང་དུ་བཅུག་པར་གོ་བ་ཟབ་མོ་ལེན་དགོས། དེ་ལས་ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་སྤུས་ཚད་ངོས་འཛིན་ཟབ་མོ་བྱ་དགོས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྟེ་དེང་རབས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་པར་གོ་བ་ནན་མོ་ལེན་དགོས་པ་མ་ཟད། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བྱེད་པར་བཀོལ་དགོས། ཨེན་ཀེ་སིས“མར་ཁེ་སིའི་འཇིག་རྟེན་ལྟ་བ་ཧྲིལ་པོ་ནི་བསྟན་དོན་མིན་ལ་ཐབས་ཤེས་ཡིན”ཞེས་གསུངས་མྱོང་། མར་ཁེ་སི་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བའི་རྩ་དོན་སྤྱད་པར་བརྒྱུད་དེ་བློ་མཐུན་མའོ་ཙེ་ཏུང་གིས《ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་ཁག་གི་དབྱེ་ཞིབ》ཅེས་པ་དང་།《ཀྲུང་གོའི་གསར་བརྗེའི་དམག་འཁྲུག་གི་འཐབ་ཇུས་ཀྱི་གནད་དོན》《རྒྱུན་སྲིང་དམག་འཁྲུག་གི་སྐོར་གླེང་བ》《མཉམ་འབྲེལ་སྲིད་གཞུང་གི་སྐོར་གླེང་བ》སོགས་ཀྱི་གསུང་རྩོམ་མཛད་དེ། ཀྲུང་གོའི་གསར་བརྗེའི་གནད་དོན་ལ་དབྱེ་ཞིབ་མཐིལ་ཕྱིན་བྱས་རྗེས་ཀྲུང་གོའི་གསར་བརྗེར་མཛུབ་སྟོན་བྱས་ནས་གྲུབ་འབྲས་ཐོབ། བཅོས་སྒྱུར་སྒོ་འབྱེད་བྱེད་པའི་དུས་མགོར། བློ་མཐུན་ཏིན་ཞའོ་ཕེན་གྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་གནང་སྐབས་བསྟན་དོན།“གཙོ་བོ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་དགོས། ”དུས་རབས་གསར་པར་སླེབས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སྦྱངས་པ་དེ་སྤྱོད་ཐུབ་པ་དང་སྤྱད་ནས་སློབ་སྦྱོང་ལ་སྐུལ་འདེད་བྱེད་པ། ཇི་མ་ཇི་བཞིན་སློབ་པ། བྱང་དུ་ཆུབ་ཅིང་བསམ་བློ་གཏོང་བ་དང་ཟབ་སློབ་རྟོགས་ཞིབ་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་བྱང་ཆུབ་པའི་ངང་ཁོང་དུ་ཆུད་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མུ་མཐུད་དུ་མཐོ་རུ་འདེགས་དགོས”།
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད་དུ། ཏང་གི་ཐུན་མོང་མ་ཡིན་པའི་འཕེལ་རིམ་ལས་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བར་བརྟེན་ནས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་འཕེལ་རིམ་དུ་འཕྲད་པའི་གནད་དོན་སྣ་ཚོགས་ལ་ཇི་ལྟར་དབྱེ་ཞིབ་དང་ཐག་བཅད་པར་གོ་བ་ལེན་པ་དང་། ལྷག་པར་དུ་ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་པར་མིག་དཔེའི་ཐབས་ཤེས་འདོན་སྤྲོད་བྱེད་ཐུབ།ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་བྱ་གཞག་ལ་བརྩོན་པར་བློ་ཐག་བཅད་པ་དང་། ལོ་བརྒྱ་ནི་ཏག་ཏག་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་དུས་ཀྱང་ཡིན། མིག་སྔར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདི་ཉིད་ཁོང་དུ་ཆུད་དགོས་པ་མ་ཟད། ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཐབས་ཤེས་བེད་སྤྱོད་སྟངས་ཀྱང་བསླབ་ནས། མར་ཁེ་སི་རིང་ལུགས་བེད་སྤྱོད་བྱས་ནས་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་མུ་མཐུད་དུ་མཐོ་རུ་འདེགས་དགོས། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་བྱས་ན་ད་གཟོད་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་ཆུད་ནས། ཡང་དག་པའི་ངང་ཀྲུང་གོ་དང་འཛམ་གླིང་བར་གྱི་འབྲེལ་བ་ཐག་བཅད་ནས་དགེ་མཚན་ཐོབ་པ་དང་། རང་འགུལ་ཐོབ་པ། མ་འོངས་པ་འཐོབ་པ་བཅས་བྱ་དགོས།།
(འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར)