མདོ་ལ་རི་བོའི་འདབས་ཀྱི་དམར་པོའི་དྲན་ཤེས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-01-19 11:11:00
———མདོ་ལ་རུ་ཁ་འཐོར་ཡུལ་གྱར་བྱས་པའི་ནུབ་ལམ་དམག་དཔུང་གི་འཐབ་འཛིང་པར་དྲན་གསོ་བྱེད་པ།
ཉི་ཝུན་ཧུའུ།
1936ལོའི་ཟླ11པར་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གིས་རྨ་ཆུར་ནུབ་བརྒལ་བྱས་པ་ནས་ད་ལྟའི་བར་དུ། ལོ་ངོ་གྱ་ལྔ་འདས་ཟིན། དེ་སྔ་མདོ་ལ་རི་བོའི་འདབས་ཀྱི་ཧའོ་མོན་གཙང་པོའི་ངོགས་གཉིས་སུ་ཁྱབ་པའི་དམར་དམག་གི་གཏམ་རྒྱུད་ནི་ང་ཚོས་ནམ་ཡང་བརྗེད་མི་རུང་།
1966ལོར་དམར་དམག་གི་འཐབ་འཛིང་པ་རྒན་པ་ཧོ་ཡན་ཐའེ་སླར་ཡང་ཧའོ་མོན་གྲོང་རྡལ་དུ་ཡོང་ནས་སུང་ཡོན་ཁྲུན་བཟའ་ཟླ་གཉིས་འཚོལ་སྐབས་རྒན་རྒོན་གཉིས་ཀ་གྲོངས་ཟིན། ཧོ་ཡན་ཐའེ་ནི་དམར་དམག་དམག་དཔུང་སུམ་ཅུ་པའི་མཚོན་ཆ་བཟོ་གྲྭའི་མགོ་འཛིན་ཡིན་ཞིང་། ཐེངས་དང་པོར་བཟུང་དུས་སུང་ཡོན་ཁྲུན་གྱིས་ཁ་རོག་ཏུ་ཧོ་ཡན་ཐའེ་ལམ་འགྲམ་གྱི་ས་དོང་
ནང་སྦས་པ་དང་རྗེས་སུ་རང་ཁྱིམ་དུ་ཁུར་ནས་སོང་བ་ཡིན། ཧོ་ཡན་ཐའེ་ཡི་རྐང་པའི་མཛུབ་མོ་བཅུའི་ཁྲོད་ཀྱི་ལྔ་ནི་ཕྱིད་ནས་འགུལ་དཀའ་བར་གྱུར་པས། སུང་ཡོན་ཁྲུན་བཟའ་ཟླ་གཉིས་ཀྱིས་ཁོ་ལ་ཚེ་སྲོག་ཐེངས་གཉིས་པ་བྱིན་པ་ཡིན། 1938ལོའི་དཔྱིད་མགོར་ཧོ་ཡན་ཐའེ་ཡང་བསྐྱར་བཟུང་ནས་སྡུག་ལས་རུ་ཁག་ཏུ་བཅུག སུང་ཡོན་ཁྲུན་བཟའ་ཟླ་གཉིས་ཀྱིས་དགྲ་བོའི་སོ་ལྟ་དང་འཇིགས་སྣང་ལ་མ་སྐྲག་པར་ཏ་པན་རི་བོ་འདབས་ཀྱི་ལམ་ལས་སར་སོང་ནས་ཁོ་ལ་ཟ་རྒྱུ་བྱིན་པ་དང་། ཁོའི་རྐང་པ་རྨས་པ་དེ་ཡང་བསྐྱར་ཕྱིད་རྒྱུར་འདོད་ནས་སྲིང་ལྷམ་བསྐྱལ་ཡོང་། མཐར་ཧོ་ཡན་ཐའེ་དགྲ་བོའི་འདྲེ་ལག་ནས་ཐར་ཏེ་ཏུང་ཚའོ་ཧོ (དེང་སང་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་པ་པའོ་གྲོང་རྡལ་གྱི་ཏུང་ཚའོ་ཐའེ་གྲོང་ཚོ་ཡིན)རུ་བྲོས་ནས་ལི་ཁྲེན་ཚའེ་ཚང་གི་ཕྱུགས་རྫི་བྱས་པ་ཡིན། རྗེས་སུ་ལི་ཁྲེན་ཚའེ་ཡིས་ཁོ་ལ་མཛའ་གྲོགས་ཤིག་ངོ་སྤྲོད་བྱས་ནས་པ་པའོ་ཏུང་ཚའོ་ཧོ་རུ་གཞིས་ཆགས་ནས་ཞིང་ལས་གཉེར་བ་ཡིན། དམག་འཁྲུག་ཁྲོད་དབང་པོ་སྐྱོན་ཅན་དུ་གྱུར་པས་བཅིངས་འགྲོལ་བྱས་རྗེས་ཧོ་ཡན་ཐའེ་ནི་རིམ་གཉིས་ཀ་པའི་རྨས་སྐྱོན་ཅན་དུ་བདམས་ནས་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ལོངས་སྤྱོད་བྱེད་བཞིན་ཡོད། 1966ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང1993ལོར་སྐུ་གཤེགས།
པ་པའོ་གྲོང་རྡལ་གྱི་པིན་ཀོའུ་གྲོང་ཚོའི་མ་ཧྲིག་ཞན་གྱི་ཐོག་མའི་མིང་ལ་དབྱང་ཧྲིག་ཞན་ཟེར་ཞིང་ཕ་ཡུལ་སི་ཁྲོན་ཡིན། ལོ12ཐོག་དམར་དམག་ཏུ་ཞུགས་ནས་དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་བཞི་པའི་ཅུན་ཤོག་སུམ་ཅུ་པའི་ཧྲི་ཤོག་གྱ་དགུ་པའི་བྱིས་པའི་དམག་དཔུང་གི་ཟློས་གར་ཚོགས་པའི་འཁྲབ་མཁན་ཞིག་ཡིན། 1936ལོར་ནུབ་ལམ་དམར་དམག་དང་མཉམ་དུ་རྨ་ནུབ་དོག་ལམ་དུ་ཞུགས།1949ལོར་བཅིངས་འགྲོལ་དམག་གིས་མདོ་ལ་རུ་ཇག་འཇོམས་བྱེད་སྐབས། མ་ཧྲིག་ཞན་གྱིས་རང་འགུལ་གྱིས་བཅིངས་འགྲོལ་དམག་ལ་ལམ་ཁྲིད་པ་དང་། རྫོང་རང་སྲུང་རུ་ཁག་དང་མཉམ་དུ་བཅིངས་གྲོལ་དམག་གི་ཅུན་ཤོག་གསུམ་པའི་རྟ་དམག་ཐོན་ལ་གཞོགས་འདེགས་བྱས་ནས་རི་བཤེར་བྱས་ཏེ་ཇག་ལྷག་མཐའ་བསྐོར་ནས་ཚར་གཅོད་བྱས། ཁོང་གིས་མདོ་ལ་རི་བོའི་འདབས་སུ་ལོ་ངོ60རིང་ལ་འཚོ་བ་རོལ་བས་འཚོ་བའི་གོམས་གཤིས་དང་སྐད་ཆར་འགྱུར་ལྡོག་བྱུང་བ་མ་ཟད། རྣམ་འགྱུར་ཡང་ས་ཆ་དེའི་ཧུའེ་རིགས་དང་ཁྱད་པར་མེད་པའི་ལོ་ལོན་ཞིག་ཡིན། འོན་ཀྱང་ཁོང་ཉིད་དེ་སྔ་རྒྱང་སྐྱོད་སྐབས་སུ་ཁྲག་དྲི་བྲོ་བའི་ཆར་རླུང་དམག་འཁྲུག་གི་མེ་ལྕེའི་ཁྲོད་དུ་བསྐྱར་དུ་སྐྱེས་པའི་ནུབ་ལམ་དམག་དཔུང་གི་འཐབ་འཛིང་པ་ཞིག་ཡིན་པ་ནི་བསམ་ཡུལ་ལས་འདས་པ་རེད།
1984ལོར་སྲིད་ཇུས་དོན་འཁྱོལ་བྱས་རྗེས་མ་ཧྲིག་ཞན་ཁྱིམ་མི་ཡོངས་ལ་གྲོང་རྡལ་གྱི་ཐེམ་ཐོ་བཀོད་པའི་མཚུངས་སུ་ས་ཞིང་མེད་པར་གྱུར། སྲིད་གཞུང་གིས་ཟླ་རེར་འཚོ་བའི་ཁ་གསབ་སྒོར120བྱིན་པ་ཡིན། ཁོང་གི་ཆབ་སྲིད་ཀྱི་མཚན་སྙན་ཧ་ཅང་མཐོ་ཡང་འཚོ་བའི་ཚད་གཞི་ཅུང་དམའ་བས་འཚོ་བ་དཀྱུས་མ་ཞིག་རོལ་བཞིན་ཡོད་ཀྱང་བདེ་སྐྱིད་ལྡན་པ་ཡིན། 2008ལོའི་ཟླ9པར་མ་ཧྲིག་ཞན་ལོ་ལོན་ནས་ཚེ་ལས་འདས། ཁྲེན་ཧུང་ཅང་། ཕོ། དམར་དམག་ཅུན་ཤོག་སུམ་ཅུ་པའི་ཧྲི་ཤོག་གྱ་དགུ་པའི་མདའ་ཤོག་ཉིས་དྲུག་བདུན་གྱི་རུ་ཤོག་གཉིས་པའི་བརྒྱ་ཤོག་ལྔ་པའི་ཞབས་ཞུ་བ་ཞིག་ཡིན། ལོ་བཅུ་གསུམ་ཐོག་ཕ་ཡུལ་སི་ཁྲོན་ཞིང་ཆེན་ཚང་ཞི་རྫོང་ཡུང་ཧྥེང་ཤང་ནས་དམར་དམག་ཏུ་ཞུགས། 1937ལོར་རྨ་ནུབ་དོག་ལམ་ནས་མཱ་དམག་གིས་བཟུང་ནས་ཟི་ལིང་དུ་བསྐྱལ་བའི་ལམ་བར་དུ་དཔའ་ངར་ཆེན་པོས་བྲོས་པ་མ་ཟད། རིག་པ་སྐྱེན་པོས་མཱ་དམག་གིས་སྔོག་བཤེར་འཛིན་བཟུང་ལས་གཡོལ་ཏེ་མདོ་ལ་རུ་ཡུལ་གྱར་བྱས། མདོ་ལ་བཅིངས་འགྲོལ་མ་བྱས་གོང་ནས་ཏང་གི་རྩ་འཛུགས་དང་འབྲེལ་གཏུག་བྱས་ནས་ཧུར་བརྩོན་གྱིས་ཇག་འཇོམས་མྱུལ་སེལ་དང་གཤེད་རྒོལ་གྱི་འཐབ་རྩོད་དུ་ཞུགས་པ་ཡིན། སྔ་རྗེས་སུ་ཞིང་ཚོགས་ཚོ་ཆུང་གི་མགོ་འཛིན་དང་། ཞིང་ཚོགས་ཀྱི་ཀྲུའུ་རེན། ཧེ་ཧོ་ཡོན་ཧུའེ་རིགས་རང་སྐྱོང་ཁུལ་གྱི་བདེ་སྐྱོང་ལས་རོགས་པ། ཡུལ་དམག་གི་ལྡིང་དཔོན་སོགས་ཀྱི་འགན་ཁུར་མྱོང་། ལོར་ཚོང་ལས་སྡེ་ཁག་ཏུ་ལས་གནས་སྤར་ནས་བྱ་བ་བསྒྲུབས་པ་དང་། 1964ལོར་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་སྒྲུབ་པར་བདམས། 1981ལོར་ལས་འཁྱུར་ངལ་གསོ་བྱས།(ཕྱིས་སུ་ལས་བྲལ་ངལ་གསོར་བསྒྱུར)ད་ལྟ་སྐུ་བསྙུན་ནས་འདས་ཟིན།
ཀྲའོ་ཧུང་ཡིན། མོ། དེ་སྔའི་དམར་དམག་ཅུན་ཤོག་སུམ་ཅུ་པའི་སྨན་ཁང་གི་གོས་འཁྲུད་ལྡིང་གཉིས་པའི་ལྡིང་དཔོན་ཡིན། ལོ་བཅུ་དགུའི་ཐོག་ཕ་ཡུལ་སི་ཁྲོན་ཞིང་ཆེན་ཚང་ཞི་རྫོང་ལུང་ཧྲན་ཅིན་ཏོའུ་ཤང་ནས་དམར་དམག་ཏུ་ཞུགས། 1937ལོར་མཱ་དམག་གིས་བཟུང་ནས“མི་ཁྲིའི་ས་དོང་ཁར”དེད་ཀྱང་སྔར་བཞིན་འཐབ་གྲོགས་ཚོ་དང་མཉམ་དུ་སྐད་གསང་མཐོན་པོས《རྒྱལ་སྤྱིའི་གླུ་དབྱངས》བླངས་པ་རེད། གསོན་སྦས་བྱས་རྗེས་ས་ཁེབས་པ་ཅུང་སྲབ་པས་སྟབས་ལེགས་པར“མི་ཁྲིའི་ས་དོང”ལས་ཕྱིར་བུད། དགྲ་བོས་མཐོང་རྗེས་ཕྱིར་བཟུང་ནས“མི་ཁྲིའི་ས་དོང་ཁར”དེད་ཀྱང་ཁོ་མོས་སྔར་བཞིན་མགོ་བོ་བཏེགས་ནས་ “ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་གསང་མཐོན་པོས་འབོད་པ་བཏང་། མཱ་དམག་གིས་ཁོ་མོ་མནར་གཅོད་བྱེད་ཆེད་ཟི་ལིང་ལུག་བལ་ལས་སྣོན་བཟོ་གྲྭར་བསྐྱལ་ནས་སྡུག་ལས་བྱེད་དུ་བཅུག་པ་དང་། ཕྱིས་སུ་མཱ་ཇག་གིས་ཏ་ཐུང་དུ་བཙོངས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱིར་བྲོས་ནས་མདོ་ལར་ཡུལ་གྱར་བྱས། བཅིངས་འགྲོལ་བྱས་རྗེས་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱ་བ་བསྒྲུབས་ཤིང་། ཡུན་རིང་དུ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་མི་དང་། རྫོང་མི་དམངས་ཀྱི་འཐུས་མི། ཀུང་ཧྲེའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་བ་ཡིན། 1983ལོར་ཚེ་ལས་འདས།ལོ་རྒྱུས་སྦྱངས་ནས་དེ་སྔའི་དཔའ་ངར་ལྡན་པའི་ནུབ་ལམ་དམག་དཔུང་གི་དཔོན་དམག་རྣམས་ཀྱིས་རྨ་ནུབ་དོག་ལམ་དུ་གངས་རླུང་ལ་མ་འཛེམས་པར་ས་སྟོང་ལུང་སྟོང་དུ་མཐའ་སྐོར་དང་། རྗེས་སྙེག སྔོན་བཀག་བཅས་བྱེད་པའི “མཱ་དམག”དང་དམག་འཐབ་དྲག་པོ་བྱས་ནས་རྨ་ནུབ་ཀྱི་ཐང་རྒོད་ཁྲག་དྲོན་གྱིས་ཁེབས། དེ་ལས་ཀྲུང་ཧྭའི་བུ་དང་བུ་མོའི་ཞུམ་མེད་ཀྱི་གསར་བརྗེའི་དཔའ་བོའི་བློ་སྟོབས་མཚོན་ཡོད། སྔོན་གཤེགས་དཔའ་བོ་ཚོའི་ཁྲག་དྲོན་གྱིས་མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་དང་། མཐའ་ཡས་པའི་རྩྭ་ཐང་དམར་པོར་བསྒྱུར། རལ་གྲིའི་རྣོ་ངར་ལྡན་པའི་མདུང་རྩེས་ནག་ཐིབ་བེ་ཁེབས་པའི་ནམ་མཁའ་གཤགས་པ་ལྟར། ཀྲུང་ཧྭ་མི་རིགས་ཀྱི་བརྗིད་ཉམས་ལྡན་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་བརྩམས་པ་ནི་ཉི་གཞོན་གྱི་འོད་ཟེར་ཀྲུང་ཧྭར་འཕྲོས་པ་དང་མཚུངས།།