ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
“ཏང་འཛུགས་སྐྱོང་དང་དམར་པོའི་རིག་གནས་དང་ཟུང་འབྲེལ”བྱས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་གླུ་སྙན་ལེན་པ།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 11:28:00

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན།“རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རིག་གནས་ལ་དར་རྒྱས་བྱུང་ན་རྒྱལ་ཁབ་ཀྱི་མདུན་ལམ་ལའང་དར་རྒྱས་འབྱུང་བ་ཡིན། རིག་གནས་ལ་སྟོབས་ཤུགས་ལྡན་ན་མི་རིགས་ལའང་སྟོབས་ཤུགས་ལྡན་པ་ཡིན། ”མཚོ་བྱང་ཁུལ་གྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ནས་སྡོད་ཡུལ་གྱི་དམར་པོའི་ཐོན་ཁུངས་བེད་སྤྱད་དེ། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དང་། འགྱུར་མེད་སྟོབས་ལྡན་གྱི་བསམ་བློའི་ཁག་ཐེགབསམ་པའི་སྟོབས་ཤུགས་ཆེན་པོ་བཅས་བྱས་ཤིང་། བྱ་བའི་འཆར་འགོད་དུ་བཀོད་དེ་ཤུགས་ཆེན་པོས་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པ་ཡིན།
      མཚོ་བྱང་ཁུལ་གྱིས“དམར་པོའི་སློབ་གསོ”དང“ས་ཁོངས་ཡོངས་ཀྱི་ཡུལ་སྐོར”གཉིས་མཉམ་དུ་སྐུལ་འདེད་བྱེད་པ་མཐའ་འཁྱོངས་བྱེད་པ་དང་།“སྤུས་རྟགས་སྐྱེད་སྲིང”དང“རིག་གནས་བརྒྱུད་བསྒྲགས”གཉིས་ཟུང་འབྲེལ་དམ་པོ་བྱེད་པ་མཐའ་འཁྱོངས་བྱས་ནས། སྔ་རྗེས་སུ་འབར་གས་ཚོད་ལྟ་བྱེད་སའི་འགྲེམ་སྟོན་ཁང་དང་། ས་འོག་བཀོད་འདོམས་ལྟེ་གནས་ཀྱི་འགྲེམ་སྟོན་ཁང་། རྡུལ་ཕྲན་འབར་མདེལ་དང་པོ་རླངས་འཁོར་དུ་བཅུག་པའི་ས་ཚུགས་ཀྱི་ལྗོངས་ཡུལ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་མཛེས་ལྗོངས་ཁུལ་སྐོར་ཞིག་དང་། སྐྱེད་སྲིང་རྟེན་གཞིའི་གནས་ས་རྙིང་པའི་དངོས་མང་ཁང་སོགས་བཙུགས་ཏེ། རིག་གནས་དངོས་རྫས་ཀྱི་བརྒྱུད་རིམ་རང་བཞིན་དང་། འབུར་གཟུགས་རྣམ་པ། བློ་རིག་ཅན། གསོན་ཉམས་ཅན་བཅས་ཀྱི་འགྲེམ་སྟོན་མངོན་འགྱུར་བྱས་ཡོད།
   “རྡུལ་ཕྲན་གྲོང་ཁྱེར”གྱིས་ཏང་ཡོན་ལས་བྱེད་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གྲ་སྒྲིག་བྱེད་དུ་བཅུག་ཡོད།

“ང་ཉིད་རང་འདོད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ནས་ཏང་གི་རྩ་འཛིན་བརྩི་སྲུང་བྱེད་པ་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ་བྱེད་པ། ཏང་གི་ཆོད་དོན་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཁྲིམས་ནན་དུ་སྲུང་བ་དང་། ཏང་གི་གསང་དོན་དམ་སྲུང་བྱེད་པ། ཏང་ལ་བློ་དཀར་བ། ཧུར་ཐག་གིས་བྱ་བ་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་ཚེ་གང་བོར་འབད་བརྩོན་བྱ་རྒྱུ། ནམ་ཡིན་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད། ཏང་ལ་གཏན་ནས་ངོ་ལོག་མི་བྱེད་དོ། ”“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་གི་འགྲེམ་ཁང་གི་མདུན་དུ། དམར་པོའི་སློབ་གསོར་ཞུགས་པའི་ཏང་ཡོན་ལས་བྱེད་པས་གཡས་ལག་བཀྱགས་ནས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་འཇོག་བཞིན་ཡོད།
      “221”བཟོ་གྲྭའི་ཚན་རིག་ཞིབ་འཇུག་གི་ལས་བྱེད་པ་རྒན་རབས་རྣམས་ཀྱིས“མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ཤུགས་ཆེན་པོ་བཏོན་ནས་མཉམ་ལས་བྱེད་པ་དང་ཡང་རྩེར་འཛེགས་ཕོད་པ”བཅས་ཀྱི “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་སྔོག་འདོན་བྱས་ཏེ། རླབས་ཆེན་གྱི་སྙིང་སྟོབས་དེ་ལས་འོད་སྟོང་ལྷམ་མེར་འཕྲོས་སུ་འཇུག་པ་དང་། མི་རྣམས་ལ་མཛུབ་ཁྲིད་བྱས་ཏེ་ཞི་བདེའི་ལོ་རབས་ནང་འགན་ཁུར་དང་། ལས་བཀུར། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཆེ་རུ་བཏང་སྟེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནན་ཏན་གྱིས་བྱ་བ་སྒྲུབ་པ་དང་། ཧུར་ཐག་འབད་བརྩོན་གྱིས་ལེགས་སྐྱེས་འབུལ་བ་ནི་མཚོ་བྱང་ཁུལ་སྲིད་གཞུང་གི་རིག་གནས་གསར་སྐྲུན་ཆེན་པོ་ཞིག་ཀྱང་ཡིན།
     “ད་ལྟ་ང་ཚོས་མཐོང་བ་ནི་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དེ་ཀྲུང་གོའི་རྡུལ་སྙིང་མཚོན་ཆ་ཞིབ་འཇུག་གསར་བཟོ་རྟེན་གཞི་སྟེ221རྟེན་གཞི་ནས་ཞིབ་འཇུག་གསར་བཟོ་ལེགས་འགྲུབ་བྱུང་ནས། ཞིན་ཅང་གི་ལོ་པུའུ་ཕོ་རུ་དབོར་རྗེས་རྒྱལ་ཁབ་ཀྱིས་ཉིང་རྡུལ་ཚོད་ལྟ་བྱེད་པའི་གནས་ཚུལ་ཞིག་རེད། འདྲ་པར་འདིའི་མི་སྣ་གཙོ་བོ་ནི་རང་རྒྱལ་གྱི་རྒྱལ་འཛུགས་དམག་དཔོན་ཆེན་མོ་ཀྲང་ཨའེ་ཕིན་ཧྲང་ཅང་ཡིན། དམག་དཔོན་ཆེན་མོ་ཀྲང་ཨའེ་ཕིན་ནི་སྐབས་དེར་ཡུལ་དངོས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་པས། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོར་འབར་གས་ལེགས་འགྲུབ་བྱུང་རྗེས། ཀྲང་ཨའེ་ཕིན་གྱིས་དུས་ཐོག་ཏུ་ཀྲོའུ་ཙུང་ལི་ལ་གཏམ་བཟང་འདི་སྙན་ཞུ་ཕུལ་བ་རེད”། ཤར་རླུང་རྟགས་གསུམ(DF-3)ཅན་གྱི་འཕུར་མདེལ་གདོས་བཅས་འགྲེམ་སྟོན་ཁང་གི་མདུན་དུ་ལངས་ནས་འགྲེལ་བཤད་པའི་སྤྲོ་སེམས་འཁོལ་བའི་འགྲེལ་བཤད་ལ་ཉན་ནས། 221རྟེན་གཞིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་འཚོལ་སྙེག་དང་། རྣམ་ཤེས་ཉམས་སད། བློ་རྒྱ་ཆེར་བསྐྱེད་བཅས་བྱ་དགོས།

དམར་པོའི་ནང་དོན་ཞིབ་ཆ་བཟོས་ནས་དད་སེམས་ཀྱི་ཆུ་རགས་བརྟན་པོ་བརྒྱག་དགོས། ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི “སྔོན་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་བྱ་བ་དང་མཚོ་བྱང་ཁུལ་གྱི་ཐེངས་ལྔ་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་བཏོན་པའི《རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བྱས་ནས“ཚང་གསུམ”ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྐུལ་འདེད་སྲོལ་ཡིག》སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས།གཙོ་བོ་མདའ་བཞི་རྫོང་དང་མོན་ཡོན་རྫོང་གཉིས་ཀྱི་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་གསར་གཏོད་བྱ་བ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་གྲོང་ཁྱེརA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསར་གཏོད་བྱ་བ་སྤེལ་བ་རེད། རིག་གནས་དང་ཡུལ་སྐོར་གསར་སྤེལ་བྱེད་པར་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཙམ་བཏང་ནས་རྩྭ་ཐང་རིག་གནས་དང་། སྦྲ་གུར་རིག་གནས། གཙང་པོ་དང་མཚེའུ་རིག་གནས། གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིག་གནས་སོགས་བཏོད་དེ། མཛེས་ལྗོངས་ཁུལ་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་འདེགས་པ། དྲོ་སྐྱིད་ལྡན་པའི་ཡུལ་སྐོར་ཁྱིམ་གཞིས་བསྐྲུན་པ་བཅས་བྱེད་བཞིན་ཡོད། མིག་སྔར་རྡུལ་ཕྲན་གྲོང་ཁྱེར་གྱི་དྲན་གསོ་ཁང་དུ་སློབ་གསོའི་རྟེན་གཞི་སྣ་ཚོགས31བཙུགས་པས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་ཀྱིས་ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བར་ཐེབས་པའི་སློབ་གསོའི་ཤུགས་རྐྱེན་དེ་ཕན་ནུས་ལྡན་པའི་ངང་ཆེ་རུ་བཏང་ཡོད། མི་རྣམས་ལ“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་མྱོང་དུ་བཅུག་ནས་དེང་བལྟས་སྔ་དྲན་དང་ཕུགས་འདུན་བསྐྱེད་ཅིང་སྤོབས་ཉམས་རྒྱས་པར་བྱས། མཚོ་བྱང་ཁུལ་གྱིས་རྡུལ་ཕྲན་གྲོང་ཁྱེར་གྱི་དམིགས་བསལ་གྱི་དམར་པོའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དམར་པོའི་ཡུལ་སྐོར་སྤེལ་ཏེ། རྒྱལ་ཁབ་ཀྱི་ཟིལ་རྔམ་དང་དམག་དཔུང་གི་གཟི་ཤུགས་མངོན་པའི་གནས་ཡུལ་དེ་ནི་མི་རྣམས་ཡིད་སྨོན་བྱེད་ས་ཞིག་ཏུ་འགྱུར་དགོས།

ཟླ་ལྔ་བའི་མཚོ་བྱང་ནི་ནམ་མཁའ་སྔོ་ཞིང་དྭངས་ལ་མེ་ཏོག་བཞད་པས་གང་སར་བདེ་སྐྱིད་ཀྱི་དཔལ་གྱིས་ཁེངས་ཡོད། “དམར་པོའི་ཡུལ་སྐོར+ཁྱད་ལྡན་ཡུལ་སྐོར+སྐྱེ་ཁམས་ཡུལ་སྐོར+དད་སེམས་ཡུལ་སྐོར”བཅས་ནི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་པར་འགྱུར་བ་དང་། བསམ་པའི་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ། ཡར་བརྩོན་དང་དགེ་ཕྱོགས། བཟང་ཕྱོགས་བཅས་སུ་འཕེལ་བར་སྐྱེད་སྲིང་བྱེད་པའི “མཛེས་ལྗོངས་ཁུལ”དུ་གྱུར་ཡོད་ལ། བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་རེ་བ་དང་འབྱོར་འབྲིང་དུ་འཕེལ་བའི་མྱུར་ལམ་དུའང་གྱུར་ཡོད། ཕུགས་བསམ་བཅངས་ནས“རྟོགས་དཀའ་བའི་རྡུལ་ཕྲན་གྲོང་ཁྱེར”དང་།“འཆར་ཡན་གྱི་གསེར་དངུལ་ཐང”དུ་སོང་ནས་དགུང་སྔོན་སྤྲིན་དཀར་དང་། སྔོ་ལྗང་རྩི་ཤིང་། ནོར་ལུག་ཁྱུ་ཚོ། དྭངས་གཙང་ཆུ་བོ་བཅས་མཐོང་རྗེས། ཡིད་ལ་རང་དབང་མེད་པར་སྙན་ངག་དང་བསམ་མནོ་ཕུགས་རིང་ཞིག་ཐོན་ཏེ་ཝང་ལུའོ་པིན་གྱི “ཐག་རིང་གི་ས་ཆ་དེ་རུ”ཞེས་པ་དྲན་བྱུང་།
    “སྐལ་བཟང”གི་ཕྱོགས་སུ་བསྐྱོད་དེ་སྤྱོད་གཙང་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་དགོས།

“བློ་མཐུན་སྐལ་བཟང་གིས་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་། བློ་མཐུན་ལ་ལྷག་བསམ་ཟོལ་མེད། རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་བཅས་ཀྱི་ཐོག་ནས་དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པའི་འོད་སྟོང་འཕྲོ་བའི་གཟུགས་བརྙན་བཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དོན་སྙིང་གསོན་ཉམས་དོད་པོའི་ངང་མཚོན་ཞིང་། དེང་རབས་གུང་ཁྲན་ཏང་མིའི་ཕུལ་བྱུང་གཤིས་རྒྱུད་མཚོན་ཡོད། ”ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།“སྐལ་བཟང་བསམ་པའི་སློབ་གསོའི་རྟེན་གཞི”ཡིས“སྐལ་བཟང་གི་ལྷད་མེད་སེམས་དཀར་གྱི་སྙིང་སྟོབས”ལ་སློབ་སྦྱོང་བྱེད་པའི་ཏང་གི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་སྐོར་ཐེངས་མང་པོ་བསུས་ཤིང་། ཁོ་ཚོས་སྐལ་བཟང་དྲན་གསོ་ཁང་གི་མདུན་དུ་བསམ་འདུན་མཚོན་པ་དང་། ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱེད་པ། ཏང་ནང་དུ་ཞུགས་པའི་ཐོག་མའི་བསམ་འདུན་འཚོལ་བ་བཅས་བྱེད་བཞིན་ཡོད།
      དཔེ་མཚོན་སྔོག་འདོན་དང་། དཔེ་མཚོན་འདེམས་པ། དཔེ་མཚོན་དངོས་སྤྱོད་བཅས་བྱས་ཏེ་དཔེ་མཚོན་གྱིས་འོད་དྲོད་འདོན་སྤེལ་བྱས་ནས་མི་རྣམས་ཀྱི་མདུན་སྐྱོད་འགྲོ་ལམ་དུ་འཕྲོ་བ་དང་།འབད་འཐབ་ཡར་བརྩོན་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས། མཚོ་བྱང་ཁུལ་སྲིད་གཞུང་གིས་ས་གནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ།“སྐལ་བཟང་གི་བསམ་པའི་སློབ་གསོའི་རྟེན་གཞི”བཙུགས་ནས་རྩྭ་ཐང་གི་བུ་རྒོད་སྐལ་བཟང་གི་སྐུ་ཚེ་གང་བོར་སྲིད་བརྩོན་དངོས་གཉེར་དང་། ཁེ་གྲགས་ལ་མི་བསམ་པ། མང་ཚོགས་སེམས་ལ་བཅངས་པ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་བསམ་པ། དཀའ་སྤྱད་བབ་ཆགས། རང་གཅུན་ནན་མོ་ཡིན་པ་བཅས་ཀྱི་གཤིས་རྒྱུད་མཆོག་གྱུར་དེ “ཕུགས་འདུན་གཉེར་བའི་ལྷག་བསམ”དང་། “ལྷག་བསམ་རྣམ་དག་གི་སྤྱི་ཞབས་པའི་བརྩེ་སེམས” “ལྗང་འགྱུར་ཡོང་བའི་ཆེད་དུ་ཚེ་མཇུག་ལེགས་སྐྱེས་སུ་ཕུལ” “སྤྱོད་བཟང་ཕྱོགས་བཞིར་ཁྱབ”བཅས་ལེ་ཚན་བཞིར་རྩོམ་སྒྲིག་བྱས་ཤིང་། པར་རིས་དང་ཡི་གེའི་ངོ་སྤྲོད་དང་། དངོས་རྫས་བཤམ་སྟོན། བརྙན་གཏོང་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཕྱོགས་ཀུན་དང་། ཟུར་ཚད་མང་པོ་ནས་གསལ་པོར་བསྟན་ནས། ལྟ་སྐོར་གྱི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་དགའ་ཞེན་ཆེ་བ། རང་གཅུན་སྤྱི་གཅེས། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྙིང་སྟོབས་བསྐྱེད་པ་དང་། རྒྱལ་གཅེས་ཀྱི་བསམ་པ་ཤུགས་ཆེར་གཏོང་བ། ཆབ་སྲིད་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་བ་སོགས་བྱས།

ཉེ་བའི་ལོ་ཤས་རིང་ལ། རྣམ་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མཚོ་བྱང་ཁུལ་སྲིད་གཞུང་གིས“སྐལ་བཟང་གི་བསམ་པའི་སློབ་གསོའི་རྟེན་གཞི”ལ་མུ་མཐུད་དུ་དུས་རབས་ཀྱི་ནང་དོན་གསར་པ་བཀོད་པ་སྟེ། རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་པ་དང་། གཏམ་བརྗོད་ཟློས་གར་དང་། འཁྲབ་ཚན་ཐུང་གྲས། དགོད་བྲོའི་གཏམ་གླེང་སོགས་བསྒྲིགས་པ་དང་། རིག་གནས་གྲོང་གསེབ་ཏུ་འགྲོ་བའི་བྱེད་སྒོ་སྤེལ་ནས་སྐལ་བཟང་གི་སྙིང་སྟོབས་ལ་གསར་བཤད་གསོན་ཉམས་དོད་པོ་བྱས་ཏེ། ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་གྱི་འོད་སྟོང་འབར་བའི་གཟུགས་བརྙན་དེ་ནམ་ཡང་མི་དམངས་ཀྱི་སེམས་སུ་འཇགས་པ་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པར་ཁྲིད་སྟོན་བྱེད་པ། མི་རབས་ནས་མི་རབས་བར་དམར་པོའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མི་དམངས་ཀྱིས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་འབད་བརྩོན་ལྷོད་མེད་བྱ་དགོས། དུས་རབས་ཀྱི་དཔེ་བཟང་དྲན་གསོ་ཁང་དེ་མདའ་བཞིའི་སྙིང་སྟོབས་ཀྱི་མཐོ་ས་ཞིག་ཏུ་བསྐྲུན་ནས་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི ‘སློབ་སྦྱོང་དང་། བསམ་གཞིག། ལག་ལེན། གསར་རྟོགས’བཅས་ཀྱི་ནུས་པ་མུ་མཐུད་དུ་མཐོ་རུ་བཏེགས་ནས་སློབ་སྦྱོང་བྱ་རྒྱུ་དང་། ལད་མོ་བྱ་རྒྱུ། བེད་སྤྱོད་བྱ་རྒྱུ་བཅས་ཡོད་པའི་ལག་ལེན་གཡུལ་ས་ཞིག་འཚོལ་ཐུབ་པར་བྱ་དགོས།དམར་པོའི་རིག་གནས་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དང་གསར་བརྗེའི་ལོ་རྒྱུས་རྗེས་ཤུལ་དང་སྙིང་སྟོབས་ཐེག་པའི་གཞི་རྟེན་གལ་ཆེན་ཞིག་ཡིན།
     ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་ཁུལ་གྱིས་ཧུར་བརྩོན་སྒོས་རྒྱལ་ཁབ་ཀྱི་ཤུགས་ཆེན་པོས་དམར་པོའི་རིག་གནས་དར་སྤེལ་བྱེད་པའི་སྐོར་གྱི་སྲིད་ཇུས་སྟོན་ཕྱོགས་དང་བསྟུན་ནས།“དམར་པོའི་སློབ་གསོ”དང“དམར་པོའི་ཡུལ་སྐོར”གཉིས་མཉམ་འདྲེས་གོང་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་དམར་པོའི་ཐོན་ཁུངས་ཀྱི་སློབ་གསོའི་རིན་ཐང་དང་། ཡུལ་སྐོར་གྱི་རིན་ཐང་། སྤུས་རྟགས་ཀྱི་རིན་ཐང་སོགས་གཏིང་ཟབ་ཏུ་སྔོག་འདོན་དང་བསྒྱུར་ནས། དམར་པོའི་རིག་གནས་ཀྱི་ཐོན་ལས་འབྲེལ་ཐག་ཕྱིར་མཆེད་བྱས་ནས་དེ་ནི་མཚོ་བྱང་དབྱིབས་སྒྱུར་འཕེལ་རྒྱས་ཀྱི “དམར་པོའི་སྒུལ་ཤུགས”སུ་གྱུར་ཡོད།
དུས་མཚུངས་སུ་མཚོ་བྱང་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱིས་མཉམ་སྐྲུན་གྱི་བྱེད་སྟངས་ལ་བརྟེན་ནས་ནུས་ཤུགས་ཡོད་དགུ་བཏོན་ནས“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་བཙུགས་ནས། སློབ་ཁྲིད་ཀྱི་དཔེ་དུམ་ཆེ་གྲས་ལྔ་དང་ཁྱད་ཆོས་ལྡན་པའི་སློབ་ཚན90ལྷག་གསར་སྤེལ་བྱས་པ་དང་། ལས་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་10གསར་སྤེལ་བྱས་ཡོད། 2019ལོའི་ཟླ10པར་སློབ་མགོ་ཚུགས་པ་ནས་བཟུང་། གསོ་སྦྱོང་འཛིན་གྲྭ་ཐེངས60ལྷག་གཉེར་བར་མིའི་ཐེངས་གྲངས3000ལྷག་སླེབས་ཡོད། འདི་ནི་རང་རེའི་ཞིང་ཆེན་གྱི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལས་བྱེད་པའི་ཏང་གཤིས་སློབ་གསོའི་རྟེན་གཞིའི་ཐོ་འགོད་དཀར་ཆག་ནང་བཀོད་པའི་སློབ་གསོའི་སློབ་གླིང་ཁོ་ན་ཡིན།
     མཚོ་བྱང་ཁུལ་གྱིས་དམར་པོའི་སློབ་གསོའི་གསོ་སྐྱོང་སྦྱོང་བརྡར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་པ་དང་། ཧུར་བརྩོན་གྱིས་རྡུལ་ཕྲན་གྲོང་ཁྱེར་མཐའ་སྐོར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་སྡུད་སྒྲིལ་བྱས་ནས། མདའ་བཞི་ཚོ་བའི་དམངས་སྲོལ་རིག་གནས་གྲོང་ཚོ་དང་། སྐལ་བཟང་གི “དུས་རབས་ཀྱི་མིག་དཔེའི”དྲན་གསོ་ཁང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་སླར་གསོའི་སྨན་ཁང་སོགས་གསར་སྤེལ་བྱས་ཤིང་། ཡུལ་སྐོར་དང་སློབ་གསོ། སྤྲོ་གསེང་། ཁམས་གསོ། ལུས་རྩལ་བཅས་གཞི་གཅིག་ཅན་གྱི་དམར་པོའི་རིག་གནས་ཡུལ་སྐོར་བྱེད་སྟངས་གསར་པ་ཞིག་ཆགས་ཡོད་པ་དང་། སྔ་གཞུག་ཏུ་ཀྲུང་གོའི་རྡུལ་ཕྲན་གྲོང་ཁྱེར·ཞིབ་འཇུག་གསར་བཟོ་རྟེན་གཞིའི་བསམ་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་མ་ཟད། སྨྱན་སྦྱོར་གྱི་སྟོབས་ཤུགས་དང་རིག་གནས་ཀྱི་འདྲེན་བྱེད་དངོས་པོར་བརྟེན་ནས་དྲིལ་བསྒྲགས་ཐེངས་མང་པོ་བྱས་པ་དང་ཕྱོགས་མང་པོ་ནས་མངོན་གསལ་དུ་མཚོན་པས།“ཀྲུང་གོའི་རྡུལ་ཕྲན་གྲོང་ཁྱེར”ཞེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དེ་མཐོར་འདེགས་ཆེན་པོ་བྱས་ཡོད།
     མཚོ་བྱང་ཁུལ་གྱིས་དམར་པོའི་རིག་གནས་འཕེལ་རྒྱས་ཀྱི་ནང་གནས་གཏན་ཚིགས་དང་། ཞིང་ཆེན་དང་ཁུལ་གྱི་གནས་ཚུལ་དངོས་གཞིར་བཟུང་ནས། རྟེན་གཞིའི་གནས་ཡུལ་རྙིང་པ་སྲུང་སྐྱོང་བེད་སྤྱོད་དང་།“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་དྲིལ་བསྒྲགས་དར་སྤེལ་། དམར་པོའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་སྐྱེད་སྲིང་བཅས་བྱེད་པའི་ཕྱོགས་གསུམ་ནས་མགོ་བརྩམས་ཏེ། ཧུར་ཐག་གིས“འབར་མདེལ་གཉིས”ཀྱི་དམར་པོའི་ཐོན་ཁུངས་ཀྱི་དགེ་མཚན་དེ་སྤུས་རྟགས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་རྒྱུར་སྐུལ་འདེད་བྱས་ནས། མཚོ་བྱང་གི་དབྱིབས་སྒྱུར་འཕེལ་རྒྱས་ལ་དེ་བས་དྲག་པའི་སྒུལ་ཤུགས་མཁོ་འདོན་བྱས་ནས། མཚོ་བྱང་ཁུལ་ནི་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་བསྟར་བྱེད་པའི་མཐོ་སར་བསྐྲུན་དགོས།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
“ཏང་འཛུགས་སྐྱོང་དང་དམར་པོའི་རིག་གནས་དང་ཟུང་འབྲེལ”བྱས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་གླུ་སྙན་ལེན་པ།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།