ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
ཏང་གི་ལོ་རྒྱུས་སྐོར་གྱི་སློབ་དེབ་ལེགས་པོར་སྤྱད་དེ། བསམ་བློ་དང་ཆབས་སྲིད་སློབ་གསོའི་རྨང་གཞི་གསུམ་བརྟན་པོར་གཏང་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 11:59:00

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་ཏང་གི་ལོ་རྒྱུས་ཀྱི་སློབ་དེབ་གསོན་ཉམས་ལྡན་པ་འདི་བེད་སྤྱོད་ལེགས་པོ་བྱས་ནས་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་སློབ་གསོའི་རྨང་གཞི་གསུམ་བརྟན་པོར་གཏོང་དགོས།
 གཅིག མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སློབ་སྦྱོང་བྱས་ནས་དད་མོས་ཀྱི་རྨང་གཞི་བརྟན་པོར་འཛུགས་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་བྱེ་བྲག་དང་ཟུང་འབྲེལ་བྱེད་པ་དང་། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་འཁོར200ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་དུ“མར་ཁེ་སི་རིང་ལུགས་ཀྱི་ལས་དབང་ནི་སྔ་མོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོའི་མི་དམངས་ཀྱི་ལས་དབང་། ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་དམ་པོར་འབྲེལ་ཡོད། དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ཀྲུང་གོར་ཞིབ་བཤེར་གང་ལེགས་བྱུང་ཡོད་པ་དང་། དེའི་མི་དམངས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ནི་ཀྲུང་གོར་ལག་བསྟར་གང་ལེགས་བྱས་ཡོད། དེའི་སྒོ་འབྱེད་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ཀྲུང་གོར་གང་ལེགས་སུ་མངོན་ཡོད། ”ཅེས་གསུངས། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི་ང་ཚོས་བྱ་བ་ཡོད་ཚད་ལེགས་སྒྲུབ་བྱེད་པའི་ནུས་རྩལ་མཁས་ཤོས་ཡིན་ལ། མགོ་ཁྲིད་ལས་བྱེད་པས་ཡོངས་ཁྱབ་ཏུ་ཁོང་དུ་ཆུད་ངེས་པའི་བྱ་བ་ལས་རྣམ་པར་རྒྱལ་བའི་ནུས་རྩལ་མཁས་ཤོས་ཀྱང་ཡིན། དེ་རིང་ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་ཐོག་མར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སློབ་སྦྱོང་བྱ་དགོས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ། མའོ་ཙེ་ཏུང་གིས་མཚོན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་དོན་དངོས་བྱེ་བྲག་དང་ཟུང་འབྲེལ་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་གྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་དང་པོ་མངོན་འགྱུར་བྱས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ། ཏིན་ཞའོ་ཕེན་དང་ཅང་ཙེ་རྨིན། ཧུའུ་ཅིན་ཐའོ་བཅས་ཀྱིས་མཚོན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས“ཕྱུག་པོར་འགྱུར་བར”རྐང་བཙུགས་ཏེ། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་དུས་རིམ་རང་བཞིན་གྱི་དམིགས་ཚད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དོན་དངོས་བྱེ་བྲག་དང་ཟུང་འབྲེལ་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་གཉིས་པ་མངོན་འགྱུར་བྱས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སུ་བཏང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན། དེས་ཐོག་མའི་གསར་གཏོད་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དགོངས་པ་དང་ལྟ་བ་གལ་ཆེན་རབ་དང་རིམ་པར་བརྟེན་ནས་མར་ཁེ་སི་རིང་ལུགས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་བ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་ཐེངས་གསུམ་པ་ཡིན་ལ། དུས་རབས21པའི་མར་ཁེ་སི་རིང་ལུགས་ཀྱང་ཡིན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་ཐེངས་གསུམ་ནི་གཅིག་རྒྱུན་གཅིག་འཛིན་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རྒྱུན་མཐུད་ཀྱི་གོ་རིམ་ཞིག་ཡིན།

མར་ཁེ་སི་རིང་ལུགས་སློབ་ན་ཅི་ཞིག་སློབ་དགོས་ཞེ་ན། ང་རང་གི་ལྟ་ཚུལ་ལྟར་ན། མར་ཁེ་སི་རིང་ལུགས་ཀྱི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་སྐོར་གྱི་བསམ་བློ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པའི་བསམ་བློ། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་བསམ་བློ། མི་དམངས་དམངས་གཙོའི་བསམ་བློ། རིག་གནས་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བསམ་བློ། མི་དང་རང་བྱུང་བར་གྱི་འབྲེལ་བའི་བསམ་བློ། འཛམ་གླིང་ལོ་རྒྱུས་ཀྱི་བསམ་བློ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་གྱི་བསམ་བློ་བཅས་སློབ་སྦྱོང་དང་ལག་ལེན་བྱ་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ལྟ་བ། བྱེད་ཐབས་བཅས་ལ་སློབ་སྦྱོང་བྱ་དགོས། མཐོ་རིམ་སློབ་གྲྭ་ཞིག་ཡིན་པའི་ངོས་ནས་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག དྲིལ་བསྒྲགས་བཅས་བྱ་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་སློབ་གླིང་ཁོ་ནའི་བྱ་བ་ཞིག་མིན་པར་སློབ་གྲྭ་ཡོངས་ཀྱི་ལས་ཁུངས་སོ་སོའི་ཐུན་མོང་གི་འགན་འཁྲི་ཞིག་ཏུ་འགྱུར་འོས་ཤིང་། མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཁོ་ནའི་བྱ་བ་ཞིག་མིན་པར་དགེ་སློབ་ཡོངས་ཀྱི་ཐུན་མོང་གི་བྱ་བ་ཞིག་ཡིན་དགོས་སོ།།
       མིག་སྔར། དགེ་རྒན་སྐོར་ཞིག་གིས་མར་ཁེ་སི་རིང་ལུགས་ལ་བཟུང་བའི་རྣམ་འགྱུར་ཞན་ཞིང་། དགེ་རྒན་ལ་ལས་མར་ཁེ་སི་རིང་ལུགས་ཁྲིད་རྒྱུ་དེ་རྒྱུན་ལྡན་གྱི་གཞུང་དོན་དུ་རྩི་བ་དང་། དགེ་སློབ་ལ་ལས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་གཏན་ནས་ཀློག་མ་མྱོང་། གལ་ཏེ་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་མ་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་མ་བཀླགས་ན། མར་ཁེ་སི་རིང་ལུགས་ལ་དད་མོས་ཟོལ་མེད་བྱེད་མཁན་ཞིག་མིན་ལ། ལག་ལེན་བྱེད་མཁན་ཞིག་ལྷག་ཏུ་མིན། དཔེར་ན་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་རྩོད་སྒྲུབ་རིག་པ་ཡང་དག་པར་བེད་སྤྱོད་བྱེད་མི་ཐུབ། དགེ་རྒན་དང་སློབ་མར་རྩོད་སྒྲུབ་ཀྱི་སྒོ་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་པའི་འདུ་ཤེས་དཀོན་པ་དང་། སྣང་ཚུལ་དང་ངོ་བོ། རྣམ་པ་དང་ནང་དོན། སྟེས་དབང་དང་ལྡོག་མེད་བཅས་ཀྱི་འབྲེལ་བར་ལེགས་པོ་ཞིག་ཁོང་དུ་ཆུད་མི་ཐུབ་ཅིང་། བྱ་དངོས་ནང་ཁུལ་གྱི་འགལ་བ་གཙོ་བོ་དང་འགལ་བ་ཕལ་པ་འཚོལ་མི་མཁས་པས་གནད་དོན་ལ་ལྟ་བར་ཕྱོགས་རེ་དང་ཐལ་དྲགས་བྱུང་བ་རེད། 

མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལྟར་ན། “གཙོ་བོ་ཅིའི་ཕྱིར་ཞེས་པའི་གནད་དོན་དེ་ཐག་གཅོད་ལེགས་པོ་བྱ་དགོས”ཞེས་པ་དེ་ཡིན། གསལ་པོར་བཤད་ན། རྒྱ་ཆེ་བའི་གཞོན་ནུ་རྣམས་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུས་ན་མར་ཁེ་སི་རིང་ལུགས་ཀྱིས་ད་གཟོད་གཞོན་ནུ་རྣམས་ལ་ཤུགས་རྐྱེན་དངོས་ཐེབས་ཐུབ། དར་ཆ་མཐོན་པོར་བསྒྲེངས་ནས་མཐོ་རིམ་སློབ་གྲྭ་རྣམས་མར་ཁེ་སི་རིང་ལུགས་ལ་ཞིབ་འཇུག་དང་ཁྱབ་སྤེལ་བྱེད་པའི་རྟེན་གཞི་དང་མཐོ་སར་འགྱུར་དགོས། མར་ཁེ་སི་རིང་ལུགས་སློབ་གླིང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱི་ཐབས་ལམ་གཙོ་བོ་ལེགས་འཛུགས་བྱ་དགོས། དུས་མཚུངས་སུ་རིག་གཞུང་ཚན་ཁག་གཞན་དག་གིས་མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་སྟེ། སློབ་གྲྭའི་རིག་གནས་གཡུལ་ས་སྲ་བརྟན་དུ་གཏོང་བ་དང་དཔལ་ཡོན་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱས་ནས་སློབ་གྲྭའི་དམ་ཚིག་དང་སློབ་གྲྭའི་སྲོལ་རྒྱུན་གྱི་བག་ཆགས་བཟང་པོ་ཐེབས་པའི་ནུས་པ་འདོན་སྤེལ་བྱ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་བྱས་ན། མཐོ་རིམ་སློབ་གྲྭའི་འཕེལ་རྒྱས་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་བརྟག་ཐབས་སྨྲ་བའི་མཛུབ་སྟོན་མཁོ་སྤྲོད་བྱེད་ཐུབ། སློབ་གྲྭས་གོ་སྐབས་འདི་དམ་འཛིན་བྱས་ཏེ་དགེ་སློབ་རྣམས་ལ་རོགས་རམ་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་འཛུགས་པ་དང་། ཁོ་ཚོས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བཟུང་བའི་གཅིག་མཐུན་ངོས་འཛིན་ཇེ་མཐོར་གཏོང་ཞིང་མར་ཁེ་སི་རིང་ལུགས་ལ་བཅིངས་པའི་དད་མོས་ཇེ་བརྟན་དུ་གཏོང་དགོས།
 གཉིས། གུང་ཁྲན་ཏང་མིའི་བསམ་པའི་མ་ལག་ལ་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྨང་གཞི་བརྟན་པོར་འཛུགས་དགོས།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐུལ་སློང་ཚོགས་ཆེན་ཐོག“ལོ་བརྒྱའི་རིང་གི་ཐུན་མོང་མ་ཡིན་པའི་འཕེལ་རིམ་གྱི་འབད་བརྩོན་ཁྲོད་དུ། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་བློ་བརྟན་འགྱུར་མེད་དང་སེམས་ཤུགས་ཉམས་མེད་ཀྱིས་འབད་བརྩོན་བྱས་པས། རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་འབོར་ཆེན་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱེད་པའི་དཔའ་བོ་མི་སྣ་འབོར་ཆེན། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྔོན་ཐོན་དཔེ་བཟང་འབོར་ཆེན་བཅས་བྱུང་ནས་རླབས་ཆེན་སྙིང་སྟོབས་རབ་དང་རིམ་པ་ཞིག་ཆགས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་ཞིང་། ང་ཚོས་ཏང་འཛུགས་པ་དང་། ཏང་དར་རྒྱས་སུ་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ལ་འཚོ་བཅུད་མཁོ་འདོན་བྱས་ཡོད”ཅེས་གསུངས་པ་རེད། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་འབད་འཐབ་ཁྲོད་ཆགས་པའི་རླབས་ཆེན་སྙིང་སྟོབས་དེས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཙུགས་པ་མ་ཟད། ཀྲུང་གོའི་སྙིང་སྟོབས་ཀྱི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པའང་མཚོན་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ལ་འགྱུར་ལྡོག་ཟབ་མོ་བྱུང་སྟེ། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དུ་བརྟན་ཞིང་གཡོ་བ་མེད་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་འདེགས་སྐྱོར་དང་བསམ་པའི་སྒུལ་ཤུགས་སུ་གྱུར་ཡོད།ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནང་ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕའོ་ཡི་སྙིང་སྟོབས། ཧུང་ཡན་གྱི་སྙིང་སྟོབས། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས། དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས། ཆུ་ལོག་འགོག་པའི་སྙིང་སྟོབས། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས། རིམས་འགོག་གི་སྙིང་སྟོབས། དབུལ་བྲལ་མཁྲེགས་གཏོར་གྱི་སྙིང་སྟོབས་སོགས་རླབས་ཆེན་སྙིང་སྟོབས་གསར་སྐྲུན་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཟོས་ཡོད། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཕེལ་རིམ་དུ་སྙིང་སྟོབས90ལྷག་ཆགས་ཡོད་པ་དང་། སྙིང་སྟོབས་དེ་དག་གིས་ཀྲུང་ཧྭའི་མ་ལག་ཏུ་མུ་མཐུད་དུ་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་བྱེད་བཞིན་ཡོད།ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་སྙིང་སྟོབས་ལ་དུས་དང་བར་སྣང་ལས་བརྒལ་བའི་ཡིད་དབང་འགུག་ནུས་དང་ཤུགས་རྐྱེན་ཐེབས་ནུས་ལྡན་དོན་ནི་དེ་སྤྱོད་དྲང་གི་མཐོ་སར་སླེབས་ཡོད་པ་དང་བླ་ན་མེད་པའི་ཀུན་སྤྱོད་ནུས་ཤུགས་ལྡན་པའི་ཕྱིར་རོ།།
     དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་གྲོས་དང་བརྩེ་དུང་། འདོད་བློ། ཕུགས་འདུན། ཡིད་ཆེས། མི་གཤིས་བཅས་གོང་མཐོར་སོང་བ་ཞིག་ཡིན་ཞིང་། སྙིང་སྟོབས་རེ་རེ་ལས་སྔོན་ཐོན་མི་ཚོགས་ཀྱི་དམིགས་བསལ་ཁོར་ཡུག་དང་དམིགས་བསལ་ཚོད་བགམ་ཁྲོད་ཀྱི་རིན་ཐང་གདམ་ག་དང་ཀུན་སྤྱོད་ལག་ལེན་མཚོན་ཡོད། དེ་དག་མཉམ་སྒྲིག་བྱས་ན་མིའི་རིགས་ཀྱི་བསམ་པའི་འཇིག་རྟེན་བླ་ན་མེད་པ་ཞིག་ཡིན། དེའི་ཁྲོད་དུ་རྒྱང་རིང་གི་ཕུགས་འདུན་འདེམ་པ་དང་བརྟན་སྲུང་བྱེད་པའི་དད་མོས་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཆེད་དུ་ལེགས་སྐྱེས་ཕུལ་བ་དང་ཡོད་ཚད་བློས་གཏོང་བའི་མཆོག་གྱུར་དང་། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་།“འདྲེ”ལ་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་མཆོག་གྱུར། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་ཅིང་། སྒྲིག་ཁྲིམས་སྲུང་བ། མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་མཆོག་གྱུར། ཁེ་གྲགས་མི་གཉེར་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་སྒྲུབ་པ། སྤྱི་སེམས་ལས་སྒེར་སེམས་མེད་པ། མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡོད་ཚད་ལེགས་སྐྱེས་སུ་འབུལ་བའི་མཆོག་གྱུར། རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན། སྙིང་རུས་ལྷོད་མེད་བཅས་ཀྱིས་ཏང་དང་མི་དམངས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་མཆོག་གྱུར། གཟིང་ཁ་གཅིག་སྒྲིལ་དང་མང་སེམས་གཅིག་མཐུན། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་མཆོག་གྱུར། ཀྲུང་ཧྭ་མི་རིགས་ལ་དགའ་བ་དང་། ཀྲུང་གོར་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་མཆོག་གྱུར་སོགས་ལྡན། འདི་ལྟ་བུ་ཧ་ཅང་མང་པོ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་སྙིང་སྟོབས་ཀྱི་གསར་གཏོད་པ་དང་ལག་ལེན་པ་རྣམས་ལ་ད་
དུང་ཀུན་སྤྱོད་ཀྱི་རང་རྟོགས་ཚད་མཐོན་པོ་ཞིག་ཀྱང་ཡོད། ཁོ་ཚོས་དུས་རྒྱུན་དུ་རང་ཉིད་ཀྱིས་འབད་བརྩོན་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་མི་ཅི་འདྲ་ཞིག་བྱ་དགོས་པ་དང་བྱ་བ་ཇི་ལྟར་བསྒྲུབ་པར་བསམ་བློ་བཏང་བ་རེད།

 ཡུས་ཧྭ་སྟེགས་བུ་ནས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་དཔེར་བཞག་ན། ཡུན་ཏའེ་དབྱིན་གྱི་གསུང་ཚིག་གྲགས་ཅན་ནི “མི་བཟང་པོར་སྤྱོད་ལམ་ལྡན་ཞིང་། མི་བཟང་པོས་བྱས་རྗེས་འཇོག་ཐུབ་པ། མི་བཟང་པོས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཐུབ་པ་བཅས་ཡིན”ཞེས་པ་དང་། ལུའོ་ཏིན་ཞན་གྱི་གསུང་ཚིག་གྲགས་ཅན་ནི“ཅི་བྱེད་ཀྱང་ངས་ང་ཚོའི་ཏང་དང་མི་དམངས་མང་ཚོགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བའི་བསམ་བློ་གཏན་ནས་མི་འགྱུར”ཞེས་པ་ཡིན།ཚོས་ངེས་པར་དུ་བླ་ན་མེད་པའི་སྙིང་སྟོབས་དེ་དག་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། གཤིས་བཟང་གི་ཀུན་སྤྱོད་རེ་འདོད་དང་ཀུན་སྤྱོད་བརྩེ་སེམས་སྐུལ་སྤེལ་བྱེད་པ་དང་། ཡང་དག་པའི་ཀུན་སྤྱོད་བརྡར་གཅོད་དང་ཀུན་སྤྱོད་འགན་འཁྲི་སྐྱེད་སྲིང་བྱེད་པ། ཀུན་སྤྱོད་ཀྱི་ལག་ལེན་ནུས་པ་དང་ལྷག་པར་དུ་རང་འགུལ་གྱི་ལག་བསྟར་ནུས་པ་མཐོ་རུ་འདེགས་པ་བཅས་ཀྱིས“ཡར་ཐོན”དང“དགེ་ཕྱོགས”ཀྱི་རིན་ཐང་ལྟ་བ་དང་སྐུལ་འདེད་ནུས་ཤུགས་ཤིག་ཆགས་སུ་འཇུག་དགོས། དེ་རིང་ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་ན་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་མ་ལག་ནང་ལྡན་པའི་བླ་ན་མེད་པའི་ཀུན་སྤྱོད་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དེ་ཡིན་ལ། མཐོ་རིམ་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་ངེས་སྦྱོང་ནང་དོན་ཞིག་ཀྱང་ཡིན།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་ཆེན་གྱི་དགེ་སློབ་བཞུགས་མོལ་ཚོགས་འདུའི་ཐོག“ང་ཚོའི་སློབ་གསོས་སྐྱེད་སྲིང་བྱས་པ་ནི་སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཡིན་པ”ལས། ཟུར་ནས་ལྟ་མཁན་དང་། ལྷག་པར་དུ “ངོ་རྒོལ་ཕྱོགས་ཁག”དང“དུར་ཁུང་རྐོ་མཁན”ཞིག་མིན་དགོས་ཞེས་གསུངས། དུས་རབས་གསར་པའི་མཐོ་རིམ་སློབ་གྲྭས“ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ”དང“བླ་སྲོག་སྦྱོང་བརྡར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པ”དང་ཟུང་འབྲེལ་དམ་ཚགས་བྱས་ཏེ་ཀུན་སྤྱོད་སློབ་གསོ་དེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གནད་སར་བཀོད་དེ། བདེན་ཡོད་ཞུམ་མེད་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་ཏང་གི་ལོ་རྒྱུས་ལ་སྣང་ཆེན་བྱས་ཏེ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་དེ་སློབ་ཆེན་སློབ་མའི་ཆེད་ལས་སློབ་སྦྱོང་དང་ཕུགས་འདུན་དང་མཉམ་དུ་འདྲེས་ཤིང་། སློབ་ཆེན་སློབ་མར་ཁྲིད་སྟོན་བྱས་ནས་ཏང་གི་གནས་ཚུལ་རྟོགས་པ་དང་། ཏང་ལ་བཀའ་དྲིན་ཞུ་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཤིང་། སློབ་ཆེན་སློབ་མར་དཀའ་སྤྱད་བརྩོན་ཞིབ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་ཁྲོད་དུ་བློ་སྟོབས་འཕེལ་བ་དང་། འཇོན་ཐང་དྲག་ཏུ་གཏོང་བ། བྱང་ཚད་མཐོ་རུ་འདེགས་པ་བཅས་བྱེད་དུ་བཅུག་ནས་མི་རིགས་བསྐྱར་དར་ཡོང་བའི་འགན་འཁྲི་ལྕི་མོ་འཁུར་ཕོད་པའི་དུས་རབས་ཀྱི་མི་རབས་གསར་པ་ཞིག་བྱ་དགོས།

གསུམ། དམར་པོའི་གཞི་རྒྱུར་སློབ་སྦྱོང་དང་རྒྱུན་འཛིན་བྱས་ནས་ལས་སྒྲུབ་ལས་སྐྲུན་གྱི་རྨང་གཞི་བརྟན་པོར་འཛུགས་དགོས།

ཏང་གི་ལོ་རྒྱུས་ཀྱིས་རྒྱུན་ཆད་མེད་པའི་དམར་པོའི་གཞི་རྒྱུ་གསོ་སྐྱོང་དང་གསར་བཟོ་བྱས་ཡོད། སློབ་གྲྭས་འཕེལ་རྒྱས་མྱུར་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་དང་མདུན་སྐྱོད་ཀྱི་ལམ་དུ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་དམིགས་ཏེ། ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་གོ་སྐབས་ཤིག་བྱས་ནས་དམར་པོའི་དྲན་ཤེས་གོ་རྟོགས་སད་པ་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱ་དགོས། དམར་པོའི་གཞི་རྒྱུའི་ངོས་འཛིན་གཏིང་ཟབ་དང་མཐོར་འདེགས་བྱེད་ཅིང་། ཏང་གི་སྤྱོད་བཟང་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་པ། མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱི་ཡིད་ཆེས་བརྟན་པོས་ཏང་གི་རྗེས་སུ་འབྲང་བ་དང་། ཕུ་རུང་བརྫེས་ནས་འབད་པ་ཆེན་པོས་བྱ་བ་སྒྲུབ་པའི་བསམ་པའི་སྒུལ་ཤུགས་དྲག་པོ་སྐུལ་སློང་བྱ་དགོས་ལ། བགྲོད་ལམ་གདེང་ཚོད་དང་། གཞུང་ལུགས་གདེང་ཚོད། ལམ་ལུགས་གདེང་ཚོད། རིག་གནས་གདེང་ཚོད་བཅས་ཀྱི་རྨང་གཞི་སྔར་བས་བརྟན་པོར་བཏང་ནས་དགེ་སློབ་རྣམས་ཀྱིས་དམར་པོའི་གཞི་རྒྱུ་ལས་ཡར་བརྩོན་གྱི་སྟོབས་ཤུགས་སྡུད་ལེན་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་ཁོང་དུ་ཆུད་པ། བག་ཕེབས་ཡིད་ཆེས་ཀྱི་སྒོ་ནས་སློབ་སྦྱོང་དང་། བྱ་བ། འཚོ་བ་བཅས་སུ་ཞུགས་ཏེ་མུ་མཐུད་དུ་བསམ་བློ་གསར་པ་སྦྱོང་སྤྱོད་དང་དུས་རབས་གསར་པ་གཏོད་པའི་སྟོབས་ཤུགས་མཐོ་རུ་བཏེགས་ནས་ལས་སྒྲུབ་ལས་སྐྲུན་གྱི་རྨང་གཞི་བརྟན་པོ་འཛུགས་པར་སྐུལ་འདེད་བྱ་དགོས། དམར་པོའི་གཞི་རྒྱུ་རྒྱུན་མཐུད་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་ཞིང་། མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་ལ་ཁྲིད་སྟོན་བྱས་ཏེ་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་བལྟ་བ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་བྱ་དགོས། དཔའ་ངར་ཆེར་བསྐྱེད་ཀྱི་འབད་བརྩོན་རྣམ་པས་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་བྱ་གཞག་ནང་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོ་མུ་མཐུད་དུ་མདུན་དུ་བསྐྱོད་པར་སྐུལ་འདེད་བྱེད་པའི་ངེས་སྦྱོང་སློབ་ཚན་ཞིག་ཡིན། སློབ་ཚན་འདི་ངེས་པར་དུ་སྦྱོང་དགོས་པ་མ་ཟད། ངེས་པར་དུ་ལེགས་པོར་སྦྱོང་དགོས”ཞེས་གསུངས།ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བར་ཤུགས་སྣོན་པ་དང་། ཁྱད་པར་དུ་དམར་པོའི་གཞི་རྒྱུར་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་ནི་མཐོ་རིམ་སློབ་གྲྭས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། མཐོ་རིམ་སློབ་གྲྭའི་ཏང་གི་རྩ་འཛུགས་དང་ཏང་ཡོན་གྱིས་སློབ་གྲྭའི་ལས་དོན་སོ་སོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཁྲོད་དུ་འཐབ་འཛིང་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་བཞིན་ཡོད་པས། སློབ་གྲྭ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རྐང་བྱེད་སྟོབས་ཤུགས་ཡིན། ཏང་གི་སྣེ་ཁྲིད་འོག་ང་ཚོས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་འོས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཤེས་རྟོགས་ཆོས་ཉིད་བརྩི་སྲུང་དང་། དྲ་ཐོག་འགྲེམ་ཐབས་དང་མཉམ་འདྲེས། སློབ་གསོ་སློབ་ཁྲིད་ཀྱི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་ཡིད་དབང་འཕྲོག་ནུས་དང་ཡིད་དབང་འགུག་ནུས་ཇེ་དྲག་ཏུ་གཏོང་བའི་ཁྲོད་དུ་དགེ་སློབ་རྣམས་ཀྱི་བསམ་བློ་ཆབ་སྲིད་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས་ལ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བྱེད་པ་དང་ཟུང་འབྲེལ་བྱས་ནས། གོམ་གང་མདུན་སྤོས་སྒོས་བཅོས་སྐྱོང་མ་ལག་དང་། རིག་གཞུང་ཚན་ཁག་མ་ལག རིག་གཞུང་མ་ལག མི་གསོ་སྐྱོང་མ་ལག་བཅས་འཐུས་ཚང་དུ་གཏོང་ཞིང་། འབད་བརྩོན་གྱིས་དེང་རབས་སློབ་ཆེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་སློབ་གཉེར་སྤུས་ཚད་མཐོ་རུ་འདེགས་པའི་དུས་མཚུངས་སུ། ལྷག་པར་དུ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་དགེ་སློབ་རྣམས་ལ་དངོས་དོན་སྒྲུབ་ཅིང་དཀའ་གནད་སེལ་བ་དང་ཟུང་འབྲེལ་བྱས་ནས། དམངས་འཚོར་དོ་ཁུར་དང་དཀའ་ངལ་སེལ་རོགས་བྱེད་པའི་ཁྲོད་དུ་ཧུར་ཐག་འབད་བརྩོན་གྱིས་མཐོ་རིམ་སློབ་གྲྭའི “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བར་སྐུལ་འདེད་བྱས་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་ཏེ་བཅོས་སྒྱུར་འཕེལ་རྒྱས་བརྟན་པོ་ཡོང་བའི་སྒུལ་ཤུགས་དྲག་པོར་བསྒྱུར་དགོས།།

(རྩོམ་པ་པོ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཡིན)

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཏང་གི་ལོ་རྒྱུས་སྐོར་གྱི་སློབ་དེབ་ལེགས་པོར་སྤྱད་དེ། བསམ་བློ་དང་ཆབས་སྲིད་སློབ་གསོའི་རྨང་གཞི་གསུམ་བརྟན་པོར་གཏང་དགོས།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།