ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
“ཏུང་ཏ་གྲོང་ཚོ”གསར་དུ་བསྐྲུན་ཞིང་འཚོ་བའི་རྣམ་པ་གསར་བ་བཏོད།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 14:55:00

——སྔོན་ཐོན་གཞི་རིམ་ཏང་ཀྲི་པུའུ་སྟེ་ཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྐོར་བཀོད་པ། 
དུས་དེབ་འདིའི་གསར་འགོད་པ། ཝང་ཏུང་ཡན། 

མཐོ་སྒང་གི་ཟླ་ལྔ་པར་མདའ་བཞི་རྫོང་ཏུང་ཏ་གྲོང་ཚོར་སླེབས་སྐབས། ཡངས་ཤིང་རྒྱ་ཆེ་བའི་གྲོང་ལམ་དང་གྲལ་འགྲིག་པའི་ཁང་པ། གསོ་སྤེལ་དྲོད་ཁང་ཆེན་མོ་བཅས་སུ་དཔྱིད་ཀྱི་དཔལ་ཡོན་བཞད་དེ་རྣམ་པ་གསར་པ་ཞིག་མངོན་འདུགསྔར་གྱི་གྲོང་ཚོ་དབུལ་པོ་དེ་དེང་སང་གི “གྲོང་གསེབ་དར་རྒྱས་སུ་འགྲོ་བའི་དཔེ་སྟོན་གྲོང་ཚོ”དང་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་གི་རྩ་འཛུགས་སུ་གྱུར་ཡོད།ཏུང་ཏ་གྲོང་ཚོར་འགྱུར་ལྡོག་བྱུང་བའི་རྒྱུ་མཚན་ནི། གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཏང་ཡོན་གྱི་བྱ་བ་བཟང་ངན་ལ་སྐར་ཐོ་འགོད་པའི་ལམ་ལུགས”དང་། “ཆུང་གྲས་སེལ་ཐབས་ལྔ”སོགས་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཚོལ་ཞིབ་དང་གསར་གཏོད་བྱས་ཤིང་། ཁ་ཕྱོགས་ཡང་དག་པའི་ཁྲིད་སྟོན་འོག་གྲོང་ཚོ་ཡོངས་སུ་ཐོག་མའི “ཀྲི་པུའུ་ཡིས་ཏང་ཡོན་ལ་སྣེ་ཁྲིད་བྱེད་པ་དང་། ཏང་ཡོན་གྱིས་བྱ་བ་བསྒྲུབས་ནས་མང་ཚོགས་ལ་སྟོན་པ”ནས་ད་ལྟའི “ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ་དང་། ཏང་ཡོན་འཇོན་པོའི་དཔེ་སྟོན་སྐུལ་ཁྲིད་བྱེད་པ། མང་ཚོགས་རྣམས་ཧུར་ཐག་གིས་ཞུགས་པ”བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་རྣམ་པ་ལེགས་པོ་ཞིག་མངོན་འགྱུར་བྱས་ཡོད། ཐོན་ལས་དང་རྩ་འཛུགས། ཤེས་ལྡན་མི་སྣ། སྐྱེ་ཁམས། རིག་གནས་སོགས་དར་རྒྱས་ཡོང་བ་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་བསགས་ནས། མི་རྣམས་ལ་སྣེ་ཁྲིད་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད།

“བཙན་རྫོང”བསྐྲུན་ཞིང་སྣེ་ཁྲིད་དྲག་ཏུ་བཏང་ནས་ལྟེ་ཕྱོགས་ཀྱི་ནུས་ཤུགས་མཐོ་རུ་འདེགས་པ།  གྲོང་ཚོ་ཞིག་ཕྱུག་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་བལྟ་དགོས། ཉེ་བའི་ལོར། ཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གཙོ་གནད་དུ་བཟུང་ནས། ནུས་པ་ལྡན་ཞིང་འགན་ཁུར་ཕོད་པའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཅིག་བཙུགས་ཡོད། ཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དམིགས་བསལ་གྱི་ས་ཁམས་དགེ་མཚན་ལ་གཞི་ཚུགས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་སྤེལ་ཡོང་བའི་འཆར་འགོད་གཏན་འབེབས་བྱས་ཤིང་། “མདའ་བཞིའི་ཏུང་ཏ་དམངས་ཕྱུག་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང”བཙུགས་ནས་དགེ་མཚན་གྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འདེགས་པར་གནོད་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་ཐག་བཅད་པ་རེད།2015ལོར་ཉིའུ་ཧྲིན་ཡུས་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་དང་། ཁོས་གྲོང་མི་རྣམས་ལ་སྣེ་ཁྲིད་བྱས་ཏེ་བཟའ་བྱའི་ཤ་མོ་འདེབས་གསོ་ཚོད་ལྟ་བྱས་པར་གྲུབ་འབྲས་ཐོབ་རྗེས། སླར་ཡང་ཆེད་ལས་དྲོད་ཁང་ཆེན་མོ་དང་། འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་གྱི་ཚད་མཐོའི་བཟའ་བྱའི་འབྲེལ་ཐག་རྣམ་པའི་ཐོན་སྐྱེད་འཁོར་ཁང་བཙུགས་པས། བཟའ་བྱའི་ཤ་མོའི་ཐོན་ནུས་མཐོ་རུ་འདེགས་ཤིང་མདའ་བཞི་རྫོང་དུ་བཟའ་བྱའི་ཤ་མོ་མེད་པའི་ཁྲོམ་རའི་སྟོང་ཆ་གསབ་པ་མ་ཟད། ཏུང་ཏ་གྲོང་ཚོའི་ཁྱིམ་ཚང་དབུལ་པོ8དབུལ་བྲལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། ཏུང་ཏ་གྲོང་ཚོས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་ཕྱུག་འགྱུར་གྱི་ལམ་གསར་འཚོལ་ཞིབ་བྱེད་པ་རེད།
       2016ལོར་ནོར་ལུག་གཅིག་སྡུད་ཀྱིས་གསོ་སྤེལ་གཉེར་སྐྱོང་དང་གསོན་ཕྱུགས་ཉོ་ཚོང་བྱེད་ས་བཙུགས་ནས། རྒྱལ་ནང་གི་ཚོང་བ་ངོ་འཕྲད་གྲོས་མོལ་དང་ཉོ་སྒྲུབ་བྱེད་པར་མཐུན་རྐྱེན་བསྒྲུབས་པས།“ཕྱིར་བསྐྱོད་པ”དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཞན་ཞིག་ཏུའང་གྱུར་ཡོད། ཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲི་པུའུ་ཧྲུའུ་ཅི་འུ་ཧྲིན་ཡུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཚོས་ལོ་རེ་བཞིན་དངུལ་བཏོན་ནས་སློབ་གྲྭར་རྒྱུགས་སྤྲད་པའི་སློབ་མ་ཚོར་བྱ་དགའ་བྱིན་པ་ཡིན། ལི་ཡུན་ནི་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཞིག་ཡིན། ཁོ2013ལོར་ཅི་ལིན་ཞིང་ལས་སློབ་ཆེན་གྱི་བེད་སྤྱོད་སྐྱེ་དངོས་ཚན་རིག་ཆེད་ལས་ནས་མཐར་ཕྱིན་པ་དང་། 2014ལོར་ཕ་ཡུལ་དུ་ལོག་ནས་ཅིན་ཐང་ཤང་ཏུང་ཏ་གྲོང་ཚོའི་གྲོང་དཔོན་གྱི་འགན་འཁུར་སྐབས་བཟའ་བྱའི་ཤ་མོ་ཚོད་འདེབས་བྱེད་པའི་བསམ་འཆར་བཏོན་པར་རྫོང་དང་ཤང་གིས་རྒྱབ་སྐྱོར་ཆེན་པོ་དང་ཁས་ལེན་བྱས། དཀའ་སྤྱད་འབད་བརྩོན་བྱས་པས་བཟའ་བྱའི་ཤ་མོ་ཚོད་འདེབས་བྱེད་པར་ལེགས་འགྲུབ་བྱུང། དེ་ལས་མདའ་བཞི་རྫོང་གི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཨང་དང་པོ་བསྐྲུན་ཞིང་ཏུང་ཏ་གྲོང་ཚོའི་ཁྱིམ་ཚང་དབུལ་པོ8ཀྱིས་ཡུན་རིང་དུ་དེ་ནས་ལས་ཀ་བྱེད་ཀྱིན་ཡོད་པ་དང་། ཁྱིམ་ཚང་རེར་ལོ་རེའི་ཡོང་འབབ་སྒོར་ཁྲི1.8ཇེ་མང་དུ་སོང་ཞིང་། གྲོང་ཚོའི་ཐུན་མོང་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི4ཇེ་མང་དུ་སོང་ཡོད་པས་གྲོང་ཚོའི་ཐུང་མོང་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཆགས་ཡོད།ཏང་གི་རྩ་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་འོག2017ལོར་ཏུང་ཏ་གྲོང་ཚོའི་ཁྱིམ་ཚང196གི་དབུལ་བྲལ་མངོན་འགྱུར་བྱས་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར7416ལ་སླེབས་ཡོད།
       མཉམ་ལས་ཁང+ཁྱིམ་ཚང་དབུལ་པོའི་དཔེ་དབྱིབས་ཀྱིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར“ཐིག་ལེ”ལས་བརྒལ་བ་མངོན་འགྱུར་བྱས།
     མཉམ་ལས་ཁང་གི་སྐུལ་ཁྲིད་འོག་ཏུང་ཏ་གྲོང་ཚོས་འདེབས་གསོ་བྱས་པའི་ཤ་མོའི་རིགས་ཀྱི་འདེབས་འཛུགས་ཐོན་ལས་དང་ཕྱུགས་ལས་གསོ་སྤེལ་ལས་རིགས་ནི་རིམ་བཞིན་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད། གསོ་སྤེལ་ར་བ་གསར་འཛུགས་བྱེད་པ་དང། མི་ཕྱུགས་ཁ་གྱེས་པའི་གཅིག་སྡུད་གསོ་སྤེལ་དང་གསོན་ཕྱུགས་ཉོ་ཚོང་བྱེད་ས་བསྐྲུན་ནས། ཁྱིམ་ཚང་དབུལ་པོ་ཧུར་བརྩོན་གྱིས་གསོ་སྤེལ་དུ་ཞུགས་པ་དང་དབུལ་བྲལ་ཕྱུག་འགྱུར་གྱི་དཔུང་ཁག་ནང་ཞུགས་པར་ལྕག་སྐུལ་བཏང་བ་རེད།
ད་སྐབས། གྲོང་ཚོ་ཡོངས་སུ་གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁྱིམ་ཚང67ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ3890ནི་ལེགས་བསྡུས་ཞིབ་གཉེར་ཅན་དུ་གཉེར་བ་མངོན་འགྱུར་བྱས་ཡོད།2019ལོར་ཁྱིམ་ཚང་རེས་ས་ཞིང་མུའུ་རེ་ལས་ཆ་སྙོམས་ཡོང་འབབ་སྒོར230ཐོབ་ཡོད་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་དེ “ཐིག་ལེ”ནས་ལོ་རེར་ཡོང་འབབ་སྒོར་ཁྲི3ལྷག་ཡོད་པར་མཆོང་སྐྱོད་བྱས། 2020ལོར་ཏུང་ཏ་གྲོང་ཚོས་མ་དངུལ་བཏང་ནས་གཞི་ཁྱོན་ཚད་ལྡན་ཅན་གྱི་གསོ་སྤེལ་བཟོ་གྲྭ20བསྐྲུན་ཏེ་བདེ་སྤྱོད་བྱས། ཤ་མོའི་རིགས་ཀྱི་འདེབས་འཛུགས་ར་བས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི20.2ཇེ་མང་དུ་བཏང་། ས་ཞིང་མུའུ3735ཡི་ཚབ་གཉེར་ནི་ལེགས་བསྡུས་ཞིབ་གཉེར་ཅན་དུ་གཉེར་བ་བདེ་བླག་ངང་ལག་བསྟར་བྱས་པས་གྲོང་ཚོའི་ཐུན་མོང་གི་ཡོང་འབབ་ནི་སྒོར་ཁྲི30ལ་སླེབས་ཡོད། དེ་ནས་བཟུང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དབུལ་བྲལ་ལམ་བུར་བསྐྱོད་ཅིང་། ཏུང་ཏ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལ་མགོ་ལེགས་པོ་ཞིག་བཙུགས་ཡོད།གྲོང་མི་ལའེ་ཡན་ཧྲོའུ་ཡི་ཆུང་མར་ནད་ཕོག་ནས་ལོ་མང་འགོར་ཡོད་པ་དང་བུ་མོ་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པས་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཅན་ཁྲོད་ཀྱི་གཅིག་ཡིན་ཞིང་། ཟླ་རེའི་གློག་རིན་སྒོར་གཉིས་གསུམ་ཡང་སྤྲོད་རྒྱུ་མེད་པས་ཡིག་ཚགས་ཤོག་བྱང་བཟོས་པའི་ཁྱིམ་ཚང་དབུལ་པོའི་གྲས་སུ་བཞག་ཡོད། ཉིའུ་ཧྲིན་ཡུས་ཀྱིས་ཁོ་གསོ་སྤེལ་བཟོ་གྲྭར་མངགས་ནས་ནོར་ལུག་གི་གསོ་སྤེལ་ལག་རྩལ་སློབ་ཏུ་བཅུག་པ་དང་། ཟླ་རེར་ངལ་ལས་གླ་ཆ་སྒོར2700བྱིན་པ་ཡིན། ཉིའུ་ཧྲིན་ཡུས་ཀྱིས་རོགས་སྐྱོར་འོག་ལེ་ཡན་ཧྲོའུ་ཡིས“530”དངུལ་བུན་དང་རོགས་རེས་དངུལ་གྱི་རོགས་སྐྱོར་ལ་བརྟེན་ནས་ནོར8གསོ་སྤེལ་བྱས། ལོ་གཉིས་ཀྱང་མ་འགོར་བར་གློག་རིན་སྤྲོད་རྒྱུ་མེད་པ་དང་། གྲོད་པ་མི་རྒྱགས་པ། ནད་སྟོན་མི་ཐུབ་པ་སོགས་ཀྱི་དབུལ་པོའི་རྣམ་པ་གཏན་ནས་བསྒྱུར་བ་རེད།
“གཟུགས་བརྙན”ལ་མཐོང་ཆེན་བྱེད་ཅིང་བསྒྱུར་བཀོད་ལ་ཤུགས་བསྣན་ཏེ་གནས་སྡོད་ཁོར་ཡུག་གསར་པ་བསྐྲུན་དགོས།

ཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཕུགས་ལ་ཕྱོགས་ཤིང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་མཐོ་རུ་འདེགས་པར་དམིགས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་དར་ཆའི་སྣེ་ཁྲིད་འོག་ཏུ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ལྟར་གྲོང་ཚོའི་རྣམ་པ་ལེགས་པོར་གཏོང་བའི་ཐད་ཤུགས་སྣོན་བྱེད་བཞིན་ཡོད།ཤང་ཏང་ཨུའི་མགོ་ཁྲིད་འོག་ཏུ། འཆར་འགོད་ལྟར་ལོ་རེར་ཆེད་སྤྱོད་མ་དངུལ་བཏོན་ནས་གྲོང་གསེབ་གཞི་རིམ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་བཞིན་ཡོད། 2020ལོར་གྲོང་གསེབ་ཀྱི་ཁྱིམ་ཚང9ཡི་སྡོད་ཁང་ལེགས་བཅོས་བྱས་པ་དང་ཁྱིམ་ཚང11གི་གསང་སྤྱོད་སྒྱུར་བཀོད་བྱེད་པ་ལག་བསྟར་བྱས། ཅིན་ཐན་གྲོང་ཚོ་ནས་ཏུང་ཏ་གྲོང་ཚོ་བར་གྱི་སྤྱི་ལེ2.5ཡི་གཞུང་ལམ་ཉམས་གསོ་བྱས། དོང་རྙིང20 ཁོད་སྙོམས་སུ་བཏང་བ་དང་། གད་སྙིགས་ཏུན150གཙང་སྐྱེལ་བྱས་པ། ཆུ་ལམ་སྤྱི་ལེ1གཙང་སེལ་བྱས་པ། གྲོང་ཚོའི་ས་སྟོང་དུ་གསོམ་སྡོང300ལྷག་བཙུགས་པ། བེད་མེད་ཁང་པ་དང་སྲུང་ར་རྙིང་པ་བཤིག་པ། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་མཛེས་བཟོ་བྱས་པ། བདེ་འཇགས་འཐུང་ཆུའི་ལས་གྲྭའི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པ། ད་སྐབས་ཀྱི་ཏུང་ཏ་གྲོང་ཚོར་བདེ་འཇགས་འཐུང་ཆུའི་དོང་ལམ་ཡོངས་སུ་ཁྱབ་པ་དང་། བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། རིག་གནས་བྱེད་སྒོ་ཁང་། རྒན་པའི་ཕན་བདེ་ཁང་སོགས་དམངས་ཕན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་སོགས་མངོན་འགྱུར་བྱས་པས་གྲོང་ཚོར་རྣམ་པ་གསར་པ་ཞིག་ཆགས་ཡོད། དེ་ནི་ངོ་མ་སྒེའུ་ཁུང་ཕྱེ་ནས“ལྗང་མདོག”མཐོང་ལ། སྒོ་ཕྱིར་སོང་ན“བཀྲ་ཤིས་དོན་གྲུབ”ཡིན་པ་རེད། མི་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་རྣམ་པ་ཤར་འདུགཏུང་ཏ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་འགན་ལྕི་མོ་ཕྲག་ཏུ་ཁུར་ཏེ། གྲོང་ཚོའི“ལྷན་ཨུ”ལ་གཉིས་སྣེ་ཁྲིད་བྱས་ནས། མུ་མཐུད་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བརྟན་སྲུང་བྱེད་པའི”བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས།“ལོ་རྒྱུས་བཞི”ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་ལག་ལེན་བྱེད་སྒོ་དངོས་གནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་པ་ཡིན། གྲོང་ཚོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་དམ་འཛིན་བྱེད་པ། དུས་ཆེན་གྱི་རྟེན་འབྲེལ་ཉིན་མོ་སྣ་ཚོགས་བེད་སྤྱད་དེ་ལ་གཞས་འདུ་ཚོགས་དང་། རྒྱ་འཆམ། ཞིམ་ཟས་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་དང་། ཐོན་ལས། རིག་གནས་བཅས“མཉམ་འགུལ་གསུམ”མངོན་འགྱུར་བྱས་པས་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད། 2019ལོར་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ལ་བརྟེན་ནས་རྫོང་ཡོངས་ཀྱི་གྲོང་ཚོའི་ལོ་རྒྱུས་ཁང་ཁོ་ན་བཙུགས་པས། ཏུང་ཏ་གྲོང་ཚོས་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་ཡར་བརྩོན་བྱེད་པའི་འཕེལ་རིམ་མངོན་ཡོད་པ་དང་གྲོང་མིའི་རྒྱལ་གཅེས་ཁྱིམ་གཅེས་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་ངར་སློང་བྱས་ཡོད།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
“ཏུང་ཏ་གྲོང་ཚོ”གསར་དུ་བསྐྲུན་ཞིང་འཚོ་བའི་རྣམ་པ་གསར་བ་བཏོད།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།