ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
ལོ་བརྒྱའི་བློ་རིག་ལ་བརྟེན་ནས་རྒྱང་ལམ་གསར་པར་ཆས་ཤིང་། ལོ་རྒྱུས་མེ་ལོང་དུ་བསྟེན་ནས་འབྱུང་འགྱུར་གསར་པ་གཏོད་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 15:03:00

       ཟླ7པའི་ཚེས1ཉིན། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དར་དམར100རླུང་གིས་ལྷབ་ལྷུབ་ཏུ་གཡོ་ཞིང་། གསེར་མདོག་གི་ཏང་རྟགས་དང“1921” “2021”ཞེས་པའི་ཡིག་འབྲུ་དེ་བས་མངོན་གསལ་དོད་པོར་གྱུར་འདུག
       སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་གཏོད་རྒྱུར་ཐུགས་ཐག་བཅད་པ་དང་། ལོ་བརྒྱ་ནི་ཏག་ཏག་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་སྐབས་ཡིན”ཞེས་གསུངས། ལོ་བརྒྱ་ལ་སླེབས་པའི་ཏང་ཆེན་ཞིག་ཡིན་པའི་ཆ་ནས། མི་རིགས་ཉམས་ཉེན་གྱི་ཁྲོད་དུ་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་དབུ་བརྙེས་པ་ཡིན། རླབས་ཆེན་གྱི་དུས་རབས་ནང་དུས་གཏན་གྱི་རླབས་ཆེན་བྱ་གཞག་ལ་དམིགས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ། ལོ་བརྒྱར་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་འཕེལ་རིམ་བཏོད་པ་དང་། མི་རིགས་བསྐྱར་དར་ཡོང་བའི་འོད་སྟོང་འབར་བའི་འབྱུང་འགྱུར་ལ་སོ་ལྟ་བྱེད་བཞིན་ཡོད།
      ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་ཆེན་བཅས་གསར་སྐྲུན་བྱས། གྲུབ་འབྲས་རླབས་ཆེན་དེ་དག་གིས་ཀྲུང་གོའི་མི་དམངས་ཡར་ལངས་སུ་བཅུག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་བཏང་། ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་བསྙེགས་སུ་བཅུག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་འཕེལ་རིམ་དུ་སླེབས་སུ་བཅུག་པ་བཅས་རེད། ད་ཆ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་བྱས་ཏེ་བརྗིད་ཉམས་ལྡན་པའི་ངང“ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་སུ་བསྐྲུན་ཞིང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་བལྟོས་མེད་ཀྱི་གནད་དོན་ཐག་བཅད་པ་ཡིན”ཞེས་ཁྱབ་བསྒྲགས་མཛད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ནང་བཀོད་ངེས་ཡིན།
       ལོ་བརྒྱའི་རིང་ལ་རླབས་ཆེ་ཉམས་བརྗིད་དང་རི་ཀླུང་ཁྱུར་མིད་གཏོང་ཐུབ་པའི་སྙིང་སྟོབས་ལྡན་པ་ཡིན། ང་ཚོར་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་དང་། མ་འོངས་པར་ང་ཚོར་མུ་མཐུད་དུ་ལེགས་འགྲུབ་ཅི་ལྟར་འབྱུང་དགོས་ཤེ་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་རིག་པའི་ཁྲོད་མདུན་དུ་སྐྱོད་པ་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་དགོས། ལོ་རྒྱུས་མེ་ལོང་དུ་བསྟེན་ན་དར་རྒུད་རྒྱལ་ཕམ་རྟོགས་ཐུབ་ལ་རྒྱང་རིང་ཡང་མཐོང་ཐུབ། དེར་བརྟེན་ནས་རྒྱང་ལམ་གསར་པའི་སྟེང་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

“ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་དབུ་ཁྲིད་རྒྱུན་འཁྱོངས་བྱ་དགོས” “ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱ་དགོས”“ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་བྱ་དགོས”“ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས། ”“ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས”“ངེས་པར་དུ་མིའི་རིགས་མདུན་ལམ་གྱི་ཐུན་མོང་ཚོགས་པ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས”“ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱ་དགོས”“ངེས་པར་དུ་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོ་ཡོང་བར་ཤུགས་སྣོན་བྱ་དགོས”“ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་དོན་གསར་པ་བསྐྲུན་པར་མུ་མཐུད་དུ་སྐུལ་སྤེལ་བྱ་དགོས”……ལོ་རྒྱུས་མེ་ལོང་དུ་བསྟེན་ཏེ་འབྱུང་འགྱུར་གསར་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང“ངེས་པར་དགུ”གསལ་བོར་བཏོན་ཡོད། དེ་ནི་ལོ་བརྒྱའི་འཕེལ་རིམ་གྱི་ཉམས་མྱོང་ཕྱོགས་སྡོམ་ཡིན་ལ། མ་འོངས་མདུན་ལམ་གྱི་ཁ་ཕྱོགས་ཁྲིད་སྟོན་ཡང་ཡིན། གུང་ཁྲན་ཏང་ཡོན་ཚང་མས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་བཅངས་པ་དང་། ཕུགས་འདུན་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ཏུ་བསྟར་བ། ནམ་ཡང་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་བློ་གཅིག་མཐུན་དང་། བྱ་བ་མཉམ་སྒྲུབ་། སྐྱིད་སྡུག་མཉམ་མྱོང་བཅས་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་པ་བཅས་བྱས་ན་ད་གཟོད་ཏང་དང་མི་དམངས་ལ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་ཐུབ།སྙིང་སྟོབས་ཡོད་ན་སྟོབས་ཤུགས་ཀྱང་ཡོད། ཁྲག་རྒྱུན་ནི་སྒུལ་ཤུགས་ཀྱི་འབྲེལ་བ་ཡིན། ལོ་བརྒྱའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་བྱས་ནས་བདེན་དོན་མཐའ་འཁྱོངས་དང་། ཕུགས་འདུན་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་ཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཆགས་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་ཡིན”ཞེས་གསུངས། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པར་ལངས་ནས། ང་ཚོས་ཇི་སྲིད་བར་དུ་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་ཏུ་རླབས་ཆེན་གྱི་རྒྱལ་ཁ་གསར་པའི་འཚོ་བཅུད་སྡུད་ལེན་བྱ་དགོས། བསམ་པའི་སྟོབས་ཤུགས་ཆེན་པོ་དེ་འདྲ་ཞིག་ཡོད་པའི་དབང་གིས་ཀྲུང་ཧྭ་མི་རིགས་ཀྱི་གྲུ་གཟིངས་དེ་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དུ་རླུང་བརྟེན་རླབས་གཤགས་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཐུབ་ཅིང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གིས་ད་གཟོད་རི་སྒུལ་མཚོ་སྐྱོམ་གྱི་ངར་སེམས་ལ་བརྟེན་ནས་མདུན་སྐྱོད་གྱི་ལམ་དུ་འཕྲད་པའི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་བརྗིད་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་དར་ཆ་མཐོན་པོར་བསྒྲེང་ཐུབ།།
      ལོ་རྒྱུས་ཀྱིས་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད་ཅིང་། འབྱུང་འགྱུར་ལ་སླེབས་གྲབས་ཡོད། ཏང་གི་བཀོད་པར་ཉན་ན་རླབས་གཤགས་མདུན་སྐྱོད་བྱེད་ཐུབ། ཏང་གི་ཐུགས་བློ་བདེ་པོ་གནང་དང་། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ང་རང་ཡོད་ངེས་ཡིན། ང་ཚོས་བློ་གཅིག་སེམས་གཅིག་གིས“རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག རླབས་ཆེན་དང་། གཟི་བརྗིད། དཔའ་བོ་བཅས་ཀྱི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག”ཅེས་མགྲིན་གཅིག་ཏུ་སྐད་གསང་མཐོན་པོས་འབོད་པའོ།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ལོ་བརྒྱའི་བློ་རིག་ལ་བརྟེན་ནས་རྒྱང་ལམ་གསར་པར་ཆས་ཤིང་། ལོ་རྒྱུས་མེ་ལོང་དུ་བསྟེན་ནས་འབྱུང་འགྱུར་གསར་པ་གཏོད་དགོས།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།