ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
ཆད་ཡིག་དང་གཡར་ཡིག་གཉིས་ལས་གང་ལ་ཁྲིམས་ནུས་ལྡན། དེ་གཉིས་ཀྱི་ཁྱད་པར་ཅི།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 15:14:00

ཆད་ཡིག་དང་གཡར་ཡིག་གཉིས་ལས་གང་ལ་ཁྲིམས་ནུས་ལྡན། 
     གཡར་ཡིག(གཡར་དངུལ་འཛིན་ཡིག)དང་ཆད་ཡིག(དངུལ་ཆད་འཛིན་ཡིག)གཉིས་ཀར་བཅའ་ཁྲིམས་ཀྱི་ནུས་པ་ལྡན། ཡིན་ན་ཡང་དེ་གཉིས་ནི་བཅའ་ཁྲིམས་ཀྱི་འབྲེལ་བ་མི་གཅིག་པའི་ཁོངས་སུ་གཏོགས། གཡར་ཡིག་གི་ཁ་གཏད་ཡུལ་གྱི་བཅའ་ཁྲིམས་འབྲེལ་བ་ནི་དངུལ་བུན་གཏོང་ལེན་གྱི་འབྲེལ་བ་ཡིན་ཞིང་། དེ་ནི་ཕྱིགས་གཅིག་གིས་ཕྱོགས་གཞན་དེར་དངུལ་གཡར་བ་དེ་ཡིན། ཆད་ཡིག་གི་ཁ་གཏད་ཡུལ་གྱི་བཅའ་ཁྲིམས་འབྲེལ་བ་ཅུང་མང་ཞིང་། དེ་ནི་དངུལ་བུན་ཆད་པ་དང་ཁེ་སྤོགས་བགོ་བ། མ་དངུལ་འཇོག་པ་སོགས་ཀྱི་གནས་ཚུལ་རིགས་སྣ་ཚོགས་ཡིན་ཆོག་ལ། མདོར་བསྡུས་ན་ཕྱོགས་གཅིག་གིས་ཕྱོགས་གཞན་དེར་བུ་ལོན་ཕྱིར་འགྱངས་བྱས་པ་ཡིན། དེ་གཉིས་ཀྱི་ངོ་བོ་ནི་རྩ་བ་ནས་མི་གཅིག་གོ །
       ཆད་ཡིག་དང་གཡར་ཡིག་གཉིས་ཀྱི་ཁྱད་པར།
       མི་མང་པོ་ཞིག་གིས་དུས་ནམ་ཞིག་ལ་གཡར་ཡིག་བྲི་དགོས་པ་དང་དུས་ནམ་ཞིག་ལ་ཆད་ཡིག་བྲི་དགོས་པ་ཤེས་ཀྱིན་མི་འདུག དོན་ངོ་མར་དེ་གཉིས་ཀྱི་ཁྱད་པར་འབྱེད་པ་ལས་སླ་མོ་ཞིག་སྟེ། མ་མཐའ་ཡང་ཆད་ཡིག་དང་གཡར་ཡིག་ཕྱོགས་གཉིས་ལས་མི་འདྲ་བ་གཤམ་གསལ་ལྟར།

དང་པོ། གཡར་ཡིག་གི་རྒྱབ་ཏུ་མ་དངུལ་ལམ་ཡང་ན་དངོས་པོའི་འགུལ་སྐྱོད་ཡོད་མོད། འོན་ཀྱང་ཆད་ཡིག་ནི་དེ་ལྟར་མ་ཡིན། གཡར་ཡིག་འབྲི་སྐབས་དངུལ་གཏོང་མཁན་གྱིས“སྔོན་ཏག་ཏག”ཡིན་པའམ་ཡང་ན“བྱེད་བཞིན་པ”དང“མི་འགྱངས་པར”དངོས་པོ་དང་བསྐྱིས་དངུལ་གཡར་སྤྱོད་མཁན་ལ་སྤྲོད་པ་ནི། “འགུལ་སྐྱོད”ཀྱི་དོན་དངོས་འདི་ཁས་ལེན་བྱ་ཆེད་གཡར་ཡིག་བཀོལ་ནས་གཏན་འཇགས་བྱ་དགོས་པ་ཞིག་ཡིན།  སྤྱིར་བཏང་དུ་ཆད་ཡིག་ནི་སྡོམ་རྩིས་རྒྱག་པའམ་ཡང་ན་རྒྱུ་ནོར་ཡོད་ཚད་བདེན་དཔང་བྱེད་པ་དང་བདག་བཟུང་བྱེད་པའི་ལྡོག་པའི་རྣམ་པ་དེ་ཡིན་ལ། ཡང་ཅིག་བཤད་ན་བདག་དབང་འཛིན་མཁན་གྱི་དངོས་པོ་བདག་བཟུང་མཁན་གྱིས་བདག་བཟུང་དང་བཀོལ་སྤྱོད་བྱས་པ་དེ་ཡིན། འདི་ལྟ་བུའི་རྣམ་པའི་འོག་ཆད་ཡིག་འབྲི་བ་ནི་སྔ་མོ་ནས་ཡོད་ཟིན་ལ། ཆད་ཡིག་འབྲི་བའི་དམིགས་ཡུལ་ནི་འདི་ལྟ་བུའི་རྣམ་པ་ཡོད་པ་གཏན་འཁེལ་བྱེད་པ་ཡིན།

གཉིས་པ། སྤྱིར་བཏང་དུ་གཡར་ཡིག་ལ་དངུལ་གཡར་བའི་དུས་ཚད་དང་སྐྱེད་ཀ་གཉིས་ཡོད་ཅིང་། གཡར་ཡིག་གི་དངུལ་གཡར་བའི་དུས་ཚད་དང་སྐྱེད་ཀ་བརྩི་མགོ་རྩོམ་པ་ནི་སྤྱིར་བཏང་དུ་དངུལ་གཡར་བའི་ཉིན་ནས་བཟུང་བརྩི་དགོས་ཤིང་། ཆད་ཡིག་ལས་དངུལ་སྤྲོད་པའི་དུས་ཚོད་དང་དུས་ལས་ཡོལ་ཏེ་མ་བྱིན་པའི་བཅའ་ཁྲིམས་མཇུག་འབྲས་དེའང་ཁ་ཆད་བྱས་ཆོག་ཅིང་། ཡིན་ན་ཡང་དུས་ཚོད་དེ་ནི་སྤྱིར་བཏང་དུ་ཆད་ཡིག་སྤྲད་རྗེས་ཀྱི་དུས་ཚོད་ག་གེ་མོ་ཞིག་ཡིན།དངོས་ཡོད་འཚོ་བའི་ཁྲོད་དུ་གཡར་ཡིག་ནི་ཆད་ཡིག་ཏུ་འབྲི་བའང་ཡོད་ལ་ཆད་ཡིག་ནི་གཡར་ཡིག་ཏུ་འབྲི་བའི་གནས་ཚུལ་ཡང་མང་པོ་ཡོད་པས། དེའི་ཁ་བྱང་ནི་ནང་དོན་དང་མི་མཐུན་པ་བཟོས་ན། མཇུག་འབྲས་ཀྱིས་དོན་དངོས་ལ་ར་སྤྲོད་བྱེད་པ་དང་། བཅའ་ཁྲིམས་འབྲེལ་བའི་ངོས་འཛིན་དང་ཁེ་དབང་འཛིན་མཁན་གྱི་ཁེ་ཕན་མངོན་འགྱུར་ལ་དགོས་མེད་ཀྱི་རྙོག་དྲ་བཟོ་སྲིད།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཆད་ཡིག་དང་གཡར་ཡིག་གཉིས་ལས་གང་ལ་ཁྲིམས་ནུས་ལྡན། དེ་གཉིས་ཀྱི་ཁྱད་པར་ཅི།

ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥

རྩོམ་སྒྲིག་པ། སུང་ཆི།