གཡར་ཡིག་དང་ཆད་ཡིག་འབྲི་དུས་དོ་སྣང་བྱ་དགོས་པའི་དོན་ཚན།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-01-19 15:19:00
1. ནང་དོན་འཐུས་ཚང་ཡིན་དགོས། ཆད་ཡིག་འབྲི་དུས་ཆད་དངུལ་གྱི་གྲངས་ཀའམ་ཡང་ན་དངོས་རྫས་ཀྱི་གྲངས་ཀ ད་དུང་མིང་། སྤུས་ཀ ཚད་གཞི་དང་བཟོ་དབྱིབས་སོགས་རྩ་བའི་རང་བྱུང་གི་རང་བཞིན་དང་། ཕྱིར་འགྱངས་བྱེད་པའི་རྒྱུ་མཚན། ཕྱིར་སྤྲོད་ཀྱི་ཟླ་ཚེས། དུས་ལས་ཡོལ་ཏེ་མ་བྱིན་པའི་བཅའ་ཁྲིམས་མཇུག་འབྲས་བཅས་གསལ་པོ་བྲི་དགོས་པར་མ་ཟད། ད་དུང་བུན་དབང་འཛིན་མཁན་དང་བུན་འགན་འཁུར་མཁན་གྱི་མིང་ཡང་བྲི་དགོས་ཤིང་། མཇུག་མཐར་བུན་འགན་འཁུར་མཁན་གྱི་མིང་ཐོ་དགོད་དགོས་པའི་མི་ཚད་ཟླ་ཚེས་ཀྱང་བྲི་དགོས། གཡར་ཡིག་འབྲི་དུས་གོང་འཁོད་ཀྱི་དོན་ཚན་དག་གསལ་པོ་བྲི་དགོས་པ་ལས་གཞན་ད་དུང་གཡར་དངུལ་དུས་ཚད་དང་སྐྱེད་ཀ(གླ་དངུལ)དུས་ལས་ཡོལ་ཏེ་མ་བྱིན་པའི་སྐྱེད་ཀའི་བུ་ལོན(དུས་ཆད་དང་འགལ་བའི་དངུལ)སོགས་ཀྱི་དོན་ཚན་གསལ་པོར་བྲི་དགོས། འབྱོར་ཡིག་ལའང་གོང་འཁོད་ཀྱི་འབྲེལ་ཡོད་དོན་ཚན་བྲི་དགོས་པ་ལས་གཞན་དམིགས་སུ་བཅའ་ཁྲིམས་ཀྱི་མཇུག་འབྲས་ཅི་འདྲ་ཞིག་ཡིན་པ་གསལ་པོར་བྲི་དགོས། དཔེར་ན་སྐབས་འདིར་ཕན་ཚུན་ཕྱོགས་གཉིས་ཀའི་བུ་ལོན་གཙང་འཇལ་བྱ་རྒྱུ་དང་། སྐབས་འདིར་ཕན་ཚུན་ཕྱོགས་གཉིས་ཀའི་མངགས་བཅོལ་ལས་ཚབ་པའི་གན་རྒྱ་མཇུག་བསྒྲིལ་རྒྱུ་སོགས་ལྟ་བུ་རེད།
2. སྐད་ཆ་ཡང་དག་ཡིན་དགོས། ཡང་དག་མིན་པའི་སྐད་ཆ་བཀོལ་བ་གཏན་འགོག་བྱ་དགོས་ལ། དཔེར་ན། ཕལ་ཆེར། ཧ་ལམ། ཚོད་དཔག་སོགས་ལྟ་བུ། ནང་དོན་གསལ་པོ་ཡིན་དགོས། འབྲི་མཁན་གཤམ་གསལ་གྱི་གཡར་ཡིག་འདི་ལྟར་འབྲི་བའི་མི་མང་པོར་འཕྲད་སྲིད། ཀ་བས་ཁ་བར་སྒོར་ཁྲི་གཅིག་གཡར་ཞིང་། དེ་ནི་ཡིག་ངོས་ལས་དབྱེ་ཞིབ་བྱས་ན་མི་གཡར་ཡིག་དང་ཆད་ཡིག་འབྲི་དུས་དོ་སྣང་བྱ་དགོས་པའི་དོན་ཚན། གཞན་མགོ་འཐོམ་དུ་འཇོག་ངེས། དོན་ངོ་མར་ཀ་བས་ཁ་བར་སྒོར་གཡར་བ་ཡིན་ནམ་ཁ་བས་ཀ་བར་སྒོར་གཡར་བ་ཡིན། དོན་དམ་དུ་དེ་ནི་གསལ་པོ་ཞིག་བྲི་རྒྱུ་དེ་འདྲའི་ཁག་པོ་ཞིག་མིན་ཞིང་། དཔེར་ན་ཀ་བས་ཁ་བའི་ལག་ཏུ་སྒོར་ཁྲི་གཅིག་གཡར་ཞེས་གསལ་པོར་བྲིས་ན་ནོར་འཁྲུལ་འབྱུང་མི་སྲིད།
3. གཡར་ཡིག་དང་ཆད་ཡིག་ཚར་གཉིས་རེ་དཔར་ཏེ་སོ་སོས་གཅིག་རེ་འཛིན་དགོས།
མགྱོགས་མྱུར་དང་སྟབས་བདེའི་ངོས་འཛིན་བྱེད་སྟངས་ཤིག་ཡིན་པའི་ཆ་ནས། སྤྱིར་བཏང་གི་གནས་ཚུལ་འོག་ཏུ་འཛིན་ཡིག་ཡོད་དོ་ཅོག་ནི་ལག་བྲིས་ཡིན་པ་དང་། དེ་འདོན་མཁན་ལ་དམིགས་བསལ་རང་བཞིན་ལྡན་ཞིང་། དེ་ནི་དངུལ་ཆད་མཁན་དང་དངུལ་གཡར་མཁན།དངུལ་ལེན་མཁན་བཅས་ཀྱིས་བྲིས་པར་མ་ཟད་མིང་རྟགས་ཀྱང་བཀོད་མོད། འོན་ཀྱང་དོན་དངོས་ཁྲོད་བུན་དབང་འཛིན་མཁན་དང་དངུལ་གཏོང་མཁན། སྤྲོད་མཁན་བཅས་ཀྱིས་བྲིས་ཏེ། བསྐྱར་དུ་དངུལ་ཆད་མཁན་དང་དངུལ་གཡར་མཁན། དངུལ་ལེན་མཁན་བཅས་ལ་མིང་རྟགས་འགོད་དུ་འཇོག་པའི་གནས་ཚུལ་མི་ཉུང་བ་ཡོད། འདི་འདྲའི་གནས་ཚུལ་ལ་འཕྲད་ན་གལ་ཏེ་དངུལ་ཆད་མཁན་དང་དངུལ་གཡར་མཁན། དངུལ་ལེན་མཁན་བཅས་ཀྱི་ལག་ཏུ་གཅིག་མཚུངས་མིན་པའི་འཛིན་ཡིག་གཅིག་ཀྱང་མེད་ན། དེ་འབྲི་མཁན་གྱིས་འཛིན་ཡིག་གཅིག་པུ་དེ་རྫུན་བཟོ་བྱེད་ཉེན་ཆེ། དཔེར་ན་དངུལ་གཡར་བའི་མང་ཉུང་རྫུན་མ་འབྲི་བར་དོགས་པས་མིང་རྟགས་འགོད་མཁན་གྱིས་ཇི་ལྟར་བཤེར་རྩོད་བྱེད་དམ།
4. བྱེད་པོའི་ཐོབ་ཐང་གཏན་འཁེལ་བྱ་དགོས། གལ་ཏེ་བྱེད་པོ་ནི་ཀུང་སི་ཡིན་ཚེ། ཀུང་སི་དེ་ཐོ་ཁོངས་ནས་བསུབ་ཡོད་མེད་ལ་བརྟག་དགོས་པ་དང་ཀུང་སིའི་མིང་ཡང་དག་ཡིན་མིན་ལ་ཡང་བལྟ་དགོས། དེ་མིན་རང་བྱུང་མི་ནར་སོན་ཡོད་མེད་དང་དེའི་མིང་ནི་ཐོབ་ཐང་ལག་ཁྱེར་དང་མཐུན་མིན་ལ་ཞིབ་ཏུ་བལྟ་དགོས། གཞན་ཡང་བྱེད་པོའི་རྩ་བའི་ཐོབ་ཐང་གི་ཆ་འཕྲིན་འཇོག་དགོས་ལ། དཔེར་ན་རང་བྱུང་མིའི་ལོ་ཚོད། སྡོད་གནས། མི་རིགས། ལས་རིགས་དེ་མིན་འབྲེལ་གཏུག་ཨང་གྲངས་བཅས་འཇོག་དགོས་ཤིང་། ད་དུང་ཀུང་སིའི་ས་གནས་དང་ཁྲིམས་བཀོད་ལས་ཚབ་པའི་མིང་། ལས་འགན་དང་འབྲེལ་གཏུག་ཨང་གྲངས་སོགས་འཇོག་དགོས། རབ་ཡིན་ན་ཕན་ཚུན་ལ་ཕྱོགས་གཉིས་ཀའི་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་རམ་ཡང་ན་ཚོང་གཉེར་ཆོག་ཡིག་གི་བུ་ཡིག་བསྐྱར་དཔར་འཇོག་དགོས།
5. ཨང་གྲངས་ཆེ་འབྲི་བྱ་དགོས། ཨང་གྲངས་ཆེ་འབྲི་བྱས་ཀྱང་ཆོག་ལ་རབ་ཡིན་ན་ཆེ་ཆུང་གཉིས་ཀ་མཉམ་འབྲི་བྱས་ན་ལེགས་ཤིང་། འདི་ལྟར་བྲིས་ན་བསྒྱུར་བཅོས་བྱེད་དཀའ་བ་ཡིན། གལ་ཏེ་ཨ་རབ་ཀྱི་ཨང་ཀི་རྐྱང་བ་བྲིས་ན123456789བསྒྱུར་བཅོས་དང་ཁ་སྣོན་བྱེད་སླ། དེ་མིན་ལག་རྩལ་ངོས་ཐོག་གི་དོན་ཚན་ལ་དོ་སྣང་བྱ་དགོས་ཏེ། དཔེར་ན་སྒོར130000འདི་ལྟར་བྲི་དགོས་ཚེ། ཡི་གེའི་ལམ་ནས“སྒོར་ཁྲི་བཅུ་གསུམ”ཞེས་བྲི་དགོས། རྒྱུ་མཚན་ནི་ཡི་གེ་ལྟར་བྲིས་ན་བསྒྱུར་བཅོས་བྱེད་པར་སྔོན་འགོག་བྱ་ཐུབ།