ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་ལུགས།ཏང་གི་འཚོ་བ།
“ཅན་གསུམ”འཛུགས་སྐྲུན་ཤང་གྲོང་གི་སྒྲིག་ཨུར“རྣམ་པ”གཏོད་པ་དང“བླ་སྲོག”བཟོ་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༤  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2021-09-01 10:29:00

མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་སུ་ཤང་གྲོང་གི་སྒྲིག་ཨུ་ཚད་གཞི་ཅན་དང་།ཚད་ལྡན་ཅན།ལམ་ལུགས་ཅན(གཤམ་དུ“ཅན་གསུམ”འཛུགས་སྐྲུན་ཞེས་བསྡུས)བཅས་སུ་འཛུགས་སྐྲུན་བྱ་རྒྱུ་སྔོན་ལ་སྤེལ་བས། ནུས་པ་ལྡན་པའི་ངང་ཤང་གྲོང་གི་སྒྲིག་ཨུའི་ལྟ་སྐུལ་ཕན་ནུས་སྐུལ་སློང་བྱེད་པ་དང་།གཞི་རིམ་གྱི་ལྟ་སྐུལ་དེ་རྣམ་པའི་སྟེང་ནས་ཁེབས་པ་དང་ཕན་ནུས་ལྡན་པའི་ཁེབས་པ་གཉིས་ཕྱོགས་གཅིག་ཏུ་ཤུགས་བཏོན་ཏེ།སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”འཁོར་ཐབས་བྱས།

མཁྲེགས་ཆས་མཉེན་ཆས་ཚད་གཞི་ཅན་དུ་འགྱུར་བ་བྱས་ནས“རྣམ་པ”གསར་གཏོད་མངོན་འགྱུར་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་གྱིས་ཤང་གྲོང་གི་སྒྲིག་ཨུའི་མཁྲེགས་ཆས་མཉེན་ཆས་སྒྲིག་བཀོད་ཀྱི་སྒྲིག་སྦྱོར་འཛུགས་སྐྲུན་དེ་ཤང་གྲོང་གི་སྒྲིག་ཨུའི“ཅན་གསུམ”འཛུགས་སྐྲུན་གྱིས་ཐག་གཅོད་བྱེད་དགོས་པའི་ཐོག་མའི་གདམ་ག་དང་གཏོར་སའི་ཁ་ཤོ་བྱས་ནས།བརྟག་ཞིབ་རྒྱ་ཁྱབ་བྱེད་པའི་རྨང་གཞིའི་སྟེང་ཡུལ་བབ་དང་བསྟུན་ཞིང་རིགས་དབྱེ་བའི་ངང་སྐུལ་སྤེལ་བྱས།ལག་ལེན་གྱི་ཁྲོད་དུ་ས་བབ་ཀྱི་གནས་ཡུལ་དང་མི་གྲངས་ཀྱི་གཞི་ཁྱོན།ཞུ་གཏུག་གྲངས་འབོར་སོགས་ཀྱི་དམིགས་ཚད་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང94དེ་རིགས་གསུམ་དུ་དབྱེ་ནས་རིགས་དང་པོའི་ཤང་གྲོང18དང་རིགས་གཉིས་པའི་ཤང་གྲོང52དང་།རིགས་གསུམ་པའི་ཤང་གྲོང24བཅས་གཏན་འཁེལ་བྱས་ནས་མ་མཐར་ཡང“གཅིག་ཅན་བརྒྱད”བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་ལྟར།ཤང་གྲོང་སྒྲིག་ཨུའི་མཁྲེགས་ཆས་གཉེན་ཆས་ཀྱི་སྒྲིག་བཀོད་ཚད་གཞི་ཅན་དུ་བཀོད་སྒྲིག་བྱས་ནས་མཐའ་གཅིག་ཏུ“གཅིག་དཔེ་བརྒྱ་འགེབས”ཀྱི་སྣང་ཚུལ་བཀག་འགོག་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་གྱི་ཤང་གྲོང་ཁག་གིས་རིགས་དབྱེ་ཚད་གཞི་ལྟར།རིགས་དང་པོའི་ཤང་གྲོང་ལ་རྨང་གཞིའི་སྒྲིག་བཀོད་རིགས12སྒྲིག་སྦྱོར་བྱེད་པ་དང་།རིགས་གཉིས་པའི་ཤང་གྲོང་ལ་རྨང་གཞིའི་སྒྲིག་བཀོད་རིགས10སྒྲིག་སྦྱོར་བྱེད་པ།རིགས་གསུམ་པའི་ཤང་གྲོང་ལ་རྨང་གཞིའི་སྒྲིག་བཀོད་རིགས8སྒྲིག་སྦྱོར་བྱེད་པ་བཅས་བྱས། གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི681བཏང་ནས་ཤང་གྲོང་སྒྲིག་ཨུ་རུ་སོ་སོར་ཚད་གཞིའི་བླང་བྱ་དང་མཐུན་པའི་གླེང་མོལ་ཁང་དང་།ཞུ་གཏུག་སྣེ་ལེན་ཁང94བཟོ་སྐྲུན་བྱས།ཆེད་ལས་ཅན་གྱི་གྱོད་དོན་སྒྲུབ་པའི་སྒྲིག་ཆས་ལ“གཅིག་ཅན་བརྒྱད”ཀྱི་ལས་གཞི་བཀོད་སྒྲིག་བྱེད་པ་དང་། གཅིག་གྱུར་གྱིས་དུས་མཉམ་སྒྲ་ཕབ་བརྙན་ཕབ་དང་།ལྟ་སྐུལ་ཚོད་འཛིན།ཁྲིམས་བསྟར་ཟིན་ཐོ་འགོད་ཆས་སོགས་སྒྲིག་ཆས1128སྒྲིག་སྦྱོར་བྱས་པས།“གཞུང་དོན་སྒྲུབ་ས་དང་།མཁོ་བསྟུན་སྒྲིག་བཀོད།གཞུང་སྒྲུབ་སྒྲིག་ཆས།པར་ངོས་མཚོན་རྟགས”བཅས་བཞི་གཅིག་གྱུར་མངོན་འགྱུར་བྱས།མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཨུའི་གཅིག་གྱུར་བཀོད་སྒྲིག་འོག་ཏུ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་ཁག་གི་སྒྲིག་ཨུ་ཚང་མར་ཆེད་བསྐོས་སྒྲིག་ཨུའི་ཧྲུའུ་ཅི་བཀོད་སྒྲིག་བྱས་པ་དང་།སྒྲིག་ཨུའི་ཨུ་ཡོན2དང་ལས་འགན་གཅིག་ལྕོགས་ཀྱི་ལྟ་ཞིབ་ཀྲོན་ཡོན་གྱི་ལས་རོགས་པ2སྒྲིག་སྦྱོར་བྱས། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་སྡེ་རིམ་པ་གཉིས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་མི་སྣ་ནི་མི1961སླེབས་ཡོད་པས་གཞི་རིམ་གྱི་ལྟ་སྐུལ་དཔུང་སྡེའི་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།དུས་ཐོག་ཏུ་ཤང་གྲོང་སྒྲིག་བཤེར་ལས་བྱེད་པའི་ལོ་གཉིས་ཀྱི་རེས་སྐོར་གསོ་སྦྱོང་གི་འཆར་གཞི་ལག་བསྟར་བྱས་ནས། གྱོད་གཞིའི་ཚབ་སྦྱོང་དང་།དངོས་འཐབ་གསོ་སྦྱོང་།གནས་སྦྱར་སྦྱོང་བརྡར།ལས་གནས་རེས་སྐོར་གྱི་རོགས་བྱེད་འཚམས་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་བས་ཕན་ནུས་ལྡན་པའི་ངང་ལས་སྒོའི་ནུས་པ་མཐོ་རུ་བཏེགས་ཡོད། གསར་གཏོད་ལག་ལེན་སྐུལ་འདེད་བྱེད་པ་དང་། རིམ་སྤར་ལས་སྒྲུབ་དང་གོང་འོག་མཉམ་འགུལ།མཉམ་འབྲེལ་བརྟག་དཔྱད།ཡུག་སྦྲེལ་རོགས་ལས་སོགས་ཀྱི་ལམ་སྲོལ་སྤེལ་བར་སྐུལ་འདེད་བྱས་ཏེ།གཞི་རིམ་གྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བྱས་ཡོད།

གཙོ་འགན་གཙོ་ལས་ཚད་ལྡན་ཅན་དུ་འགྱུར་བ་བྱས་ནས“བླ་སྲོག”བཟོ་བ་མངོན་འགྱུར་བྱེད་དགོས།

མཚོ་ཤར་གྱི་གྲོང་ཁྱེར་དང་རྫོང(ཆུད)གི་རིམ་གཉིས་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ཤང་གྲོང་གི་སྒྲིག་ཨུ་ལྟ་ཞིབ་གཞུང་དོན་ཁང་ལ་རང་འགན་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ནས།འགན་ནུས་འགན་འཁྲི་ཚད་ལྡན་ཅན་དང་།གཞོགས་འདེགས་ལས་དོན་ཚད་ལྡན་ཅན།རྒྱུན་ལྡན་གྱི་ལྟ་སྐུལ་ཚད་ལྡན་ཅན།སྒྲིག་ཁྲིམས་ལག་བསྟར་ཚད་ལྡན་ཅན་བཅས་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ་དང་།ཤང་གྲོང་གི་སྒྲིག་ཨུས་ཤང་གྲོང་གི་ཏང་ཨུ་ལ་གཞོགས་འདེགས་བྱས་ནས་ཏང་ཨུ་ཡི་ཏང་སྲོལ་འཛུགས་སྐྱོང་བྱེད་པ་དང་རུལ་སུངས་ངོ་རྒོལ་བྱ་བ་རྩ་འཛུགས་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཡོད།ངོ་སྤྲོད་བྱས་པར་ལྟར་ན།ད་ལྟ་ཤང་གྲོང་གི་སྒྲིག་ཨུའི་འགན་ནུས་ཀྱི་གནས་ཐིག་གཏན་འཁེལ་གསལ་པོ་ཡིན་པ་དང་མི་སྣ་བཀོད་སྒྲིག་གནད་ལ་འཁེལ་ཡོད་པས་གྲོང་རྡལ་ཏང་ཨུར་གཞོགས་འདེགས་བྱེད་པའི་འགན་འཁྲི་ཡང་འདོན་སྤེལ་གང་ལེགས་བྱས་ཡོད།རང་ཉིད་ཀྱི་གཙོ་འགན་གཙོ་ལས་དམ་འཛིན་བྱས་ཏེ“གཙོ་གནད་བཞི་དང་གལ་ཆེན་གཅིག”དང“གྲོས་བཞི་དང་ཡོངས་བསྒྲགས་གཉིས”།“མ་དངུལ་དང་མ་རྩ། ཐོན་ཁུངས་བཅས་ཀྱི་དོ་དམ”།དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས།སྤྱོད་ཚུལ་གྱི་གནད་དོན་སོགས་ཕྱོགས་ཡོངས་སུ་རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་པ་དང་།མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཡང་ཐག་གཅོད་ལེགས་པོ་བྱས་པས།མང་ཚོགས་ཀྱིས་ཞང་གྲོང་གི་སྒྲིག་ཨུ་ལ་བཅངས་པའི་ཡིད་ཆེས་དང་ཁས་ལེན་བྱེད་ཚད་མཐོ་རུ་འདེགས་པ་དང་།སྔོན་ཆད་མང་ཚོགས་ཀྱིས་རིམ་པ་བརྒལ་ནས་ཡར་གཏུག་བྱེད་པའི་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ལེགས་བཅོས་བྱས་ཡོད།

ཞིང་ཨུས“ཅན་གསུམ”འཛུགས་སྐྲུན་སྤེལ་བ་ནས་བཟུང།གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་གི་སྒྲིག་ཨུས་ཤང་གྲོང་གི་ཏང་ཨུར་བྱ་བའི་སྙན་སེང་ཐེངས272ཞུས་ནས་བྱ་བའི་གྲོས་འགོ223བཏོན་པ་དང་། གླེང་མོལ་མི་ཐེངས5261སྤེལ་བ། གནད་དོན211རོགས་བྱེད་ཐག་གཅོད་བཅས་བྱས། རྩ་འཛུགས་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཐེངས7540སྤེལ་བ་དང་།གནད་དོན45683རྟོགས་པ་མ་ཟད་ལྟ་སྐུལ་དག་ཐེར་བྱས།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་གནད་དོན་ཁག་གཅིག་མང་ཚོགས་ཀྱི་གམ་དུ་ཐག་བཅད་པ་ཡིན།

ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ལམ་ལུགས་ཅན་དུ་འགྱུར་བ་བྱས་ནས“ཕན་འབྲས”མཐོ་རུ་འདེགས་པར་མངོན་འགྱུར་བྱེད་དགོས།

མཚོ་ཤར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཤང་གྲོང་གི་སྒྲིག་བཤེར་ཨུ་ལྷན་གྱིས“ཅན་གསུམ”འཛུགས་སྐྲུན་ཁྲོད་ཐོག་མཐའ་བར་གསུམ་དུ་འཚོལ་ཞིབ་ཁྲོད་དུ་ལག་ལེན་བྱེད་པ་དང་།ལག་ལེན་ཁྲོད་དུ་ཕྱོགས་སྡོམ་བྱེད་པ། ཕྱོགས་སྡོམ་ཁྲོད་དུ་ཕན་འབྲས་མཐོ་རུ་འདེགས་པ་བཅས་བྱས་ནས། ཕན་རིང་ཅན་དང་ལས་ཕྱོད་ཅན་དུ་འགྱུར་བའི་ཐད་ཤུགས་སྣོན་པ་དང་བློ་འདོན་ཇུས་འགོད་བྱས་ནས་སྤྱོད་གོ་ཆོད་པའི་བྱེད་སྟངས་དེ་དངོས་སྒྲུབ་གོ་ཆོད་ཀྱི་ལམ་ལུགས་སུ་གྱུར་ཏུ་བཅུག་པའོ།།

མཚོ་ཤར་གྲོང་ཁྱེར་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་དོན་དངོས་ལ་གཞི་ཚུགས་ནས་ཤང་གྲོང་སྒྲིག་ཨུར་བྱ་བའི་གོ་རིམ་དང་ཡིག་ཆའི་པར་གཞི་སོགས་ལམ་ལུགས་ཕྱོགས་བསྒྲིགས་རིགས་ཆེ་གྲས5སྟེ་དོན་ཚན170ལྷག་ཡོད་པ་གཅིག་གྱུར་གྱིས་སྡེབ་སྒྲིག་བཟོས་འགོད་བྱས་ཏེ།འགན་སྒྲུབ་ལྟ་སྐུལ་ལམ་ལུགས་ཅན་དང་ལྟ་སྐུལ་གོ་རིམ་ལམ་ལུགས་ཅན།རང་ཉིད་འཛུགས་སྐྱོང་ལམ་ལུགས་ཅན།གསར་གཏོད་ལག་ལེན་ལམ་ལུགས་ཅན་བཅས་མངོན་འགྱུར་བྱས་པས། ཤང་གྲོང་སྒྲིག་ཨུས་ལྟ་སྐུལ་སྤེལ་བའི་གོ་རིམ་དུ“ལམ་ཀྱོག”ཏུ་འགྲོ་བ་ཇེ་ཉུང་དུ་བཏང་བ་དང་།བྱ་བའི་ལས་ཕྱོད་མཐོ་རུ་འདེགས་པ་མ་ཟད།དབང་རྩའི་སྣེ་མོ་ལྟ་བུའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་བྱ་བའང་གསོན་ཉམས་དོད་པོར་བཏང་བས་ལྟ་སྐུལ་བྱ་བའི་ཕན་ནུས་དེ་ཚད་མཐོ་བའི་ངང་མཐོ་རུ་བཏེགས་ཡོད།ཤང་གྲོང་གི་སྒྲིག་བཤེར་ཨུ་ལྷན་གྱི“ཅན་གསུམ་”འཛུགས་སྐྲུན་བརྒྱུད་དེ།“གྱོད་ཐོ་བཀོད་མེད་པའི”ཤང་གྲོང་གསར་དུ་བསྣན་པ31ལས་བརྒལ་ཞིང་།ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་ཚད་སྔར་ལོའི་དུས་གཅིག་པ་དང་བསྡུར་ན21%མར་ཆག་ཡོད་པ་དང་།གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པ་ཞུ་གཏུག་བྱེད་པའི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་ཚད་སྔར་ལོའི་དུས་གཅིག་པ་དང་བསྡུར་ན12.7%མར་ཆག་ཡོད་པ།དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་བདག་སྤྲོད་བྱེད་ཚད་སྔར་ལོའི་དུས་གཅིག་པ་དང་བསྡུར་ན22.2%མར་ཆག་ཡོད་པ་བཅས་ཡིན་པས།“གཅིག་འཕར་གསུམ་ཆག”གི་གནས་ཚུལ་མངོན་ཡོད།ཤང་གྲོང་སྒྲིག་ཨུའི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པ་དང་།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ཁག་གཅིག་ཐག་བཅད་པ་ཡིན།མཚོ་ཤར་གྲོང་ཁྱེར་གྱིས་ཤང་གྲོང་སྒྲིག་ཨུའི“ཅན་གསུམ”འཛུགས་སྐྱོང་བརྒྱུད་དེ། མང་ཚོགས་ཀྱི “གོང་རིམ་ལ་ཡིད་ཆེས་ཡོད་པ་ལས་འོག་རིམ་ལ་ཡིད་ཆེས་མེད་པའི”འདུ་ཤེས་རིམ་གྱིས་འགྱུར་བཞིན་ཡོད་པ་དང་། “དོན་ཆུང་གྲོང་སྡེའི་ནང་ནས་ཐག་གཅོད་པ་དང་དོན་ཆེན་གྲོང་རྡལ་གྱི་ནང་ནས་ཐག་བཅད་དེ་འགལ་བ་གོང་རིམ་ལ་མི་སྤྲོད་པའི”རྣམ་པ་ཞིག་ཕལ་ཆེར་ཆགས་ཏེ།ཤང་གྲོང་སྒྲིག་ཨུའི“རྣམ་པ”དང“གསོན་ཉམས”གཉིས་ལྡན་དང་། “ནུས་པ”དང“ཕན་འབྲས”མཐོར་འདེགས་མངོན་འགྱུར་བྱས་ཡོད།།

(རྩོམ་པ་པོ་ནི་མཚོ་ཤར་གྲོང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི།གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན)

(རྟ་མགྲིན་མཚོས་བསྒྱུར།)

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2022nbsp; མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
མཚོ་ཉརICPཨང་08000030བ། འབྲེལ་གཏུགས་ཁ་པར། 0971-8456487
 
“ཅན་གསུམ”འཛུགས་སྐྲུན་ཤང་གྲོང་གི་སྒྲིག་ཨུར“རྣམ་པ”གཏོད་པ་དང“བླ་སྲོག”བཟོ་དགོས།

ཡོང་ཁུངས།:《ཏང་གི་འཚོ་བ》༢༠༢༡.༤

རྩོམ་སྒྲིག་པ:སུང་ཆི།

སྤེལ་དུས།:2021-09-01 10:29:00