“ལྕེ་ཐོག་གི་ཆུད་ཟོས”ལ་མཐའ་གཅིག་ཏུ་མི་ཆོག་ཅེས་བཤད་དགོས།
ཡོང་ཁུངས།:《ཏང་གི་འཚོ་བ》༢༠༢༡.༤
རྩོམ་སྒྲིག་པ:སུང་ཆི།
སྤེལ་དུས།:2021-09-01 10:30:00
ཕན་ཏུའོ་ཡན།
ཟླ4པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།ཁྱབ་བསྒྲགས་བྱས་པའི་ཉིན་ནས་ལག་བསྟར་བྱེད་དགོས།《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སུ་གཞུང་དོན་དུ་ཟ་མ་ཟ་དུས་གཏན་འབེབས་ཀྱི་ཚད་གཞི་ལས་བརྒལ་མི་ཆོག ཚོང་པས་འཛད་སྤྱོད་པར་བློ་འགུག་རིག་སྐྱེད་བྱས་ནས་ཚད་ལས་བརྒལ་བའི་ལྟོ་ཆས་འདེམ་དུ་བཅུག་ན་ཆེས་མཐོ་བར་སྒོར་ཁྲི1གི་ཆད་པ་གཅོད་རྒྱུ་དང་།ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་ཆུད་ཟོས་ཚབས་ཆེན་བྱས་ན་ཆེས་མཐོ་བར་སྒོར་ཁྲི5ཡི་ཆད་པ་གཅོད་རྒྱུ་སོགས་གཏན་འབེབས་བྱས་ཡོད།(ཟླ4པའི་ཚེས30ཉིན་གྱི་ཀྲུང་དབྱང་བརྙན་འཕྲིན་དྲ་བ་ལས་བཤུས)
“ལྟོ་གོས་ཙམ་ཡང་ཐོབ་དཀའ་བས། རྒྱུན་དུ་དངོས་ཟོག་ཐོབ་པའི་དཀའ་ངལ་ལ་འདང་བརྒྱབ་ནས་གཅེས་སྤྲས་བྱེད་དགོས”།ཧུར་བརྩོན་གྲོན་ཆུང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཞིག་ཡིན་མོད།འོན་ཀྱང་དངོས་པོའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་འགའ་ཡང་བྱུང་ཡོད།
ཀྲུང་གོའི་ཚན་རིག་ཁང་གིས་བརྟག་དཔྱད་བྱས་པའི་གྲངས་གཞི་ལས་མཚོན་པ་ལྟར་ན།རང་རྒྱལ་གྱི་བཟའ་བཏུང་ལས་རིགས་ཀྱི་ཕྱོགས་སུ་མི་རེའི་ཆ་སྙོམས་ཀྱིས་ཟས་རིགས་ཆུད་ཟོས་སུ་བཏང་ཚད་ནི་ཟ་མ་ཟ་ཐེངས་རེར་མི་རེས་ཁེ9ཆུད་ཟོས་སུ་བཏང་ཡོད་པ་དང་ཆུད་ཟོས་ཚད་ནི11.7%ལ་སླེབས་ཡོད།འདུ་འཛོམས་ཆེན་པོའི་ཆུད་ཟོས་ཚད་ནི38%ཀྱི་མཐོ་ཚད་ལ་སླེབས་ཡོད།《ཀྲུང་གོའི་ན་གཞོན་ཚགས་པར》ཐོག་བཀོད་པ་སྟེ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཞུ་ལས་མཚོན་པ་ལྟར་ན། 2020ལོར་འཛམ་གླིང་གི་རྒྱལ་ཁབ25ལ་བཀྲེས་ལྟོགས་ཀྱི་ཉེན་ཁ་ཚབས་ཆེན་འཕྲད་ཡོད་པ་དང་། འཛམ་གླིང་དུ་ཉུང་མཐར་ཡང་ལོ50ཡི་ནང་གི་ཆེས་ཚབས་ཆེན་གྱི་འབྲུ་རིགས་ཉམས་ཉེན་ལ་འཕྲད་ཡོད་པ་རེད།ཆུད་ཟོས་སུ་བཏང་ན་སྤྱི་ཚོགས་ཀྱི་ཐོན་ཁུངས་ཟད་གྲོན་བྱས་པ་དང་སྲོལ་རྒྱུན་གྱི་སྤྱོད་བཟང་དང་འགལ་བ་མ་ཟད།འཛམ་གླིང་ཡོངས་སུ་གློ་བའི་གཉན་ཚད་ཀྱི་རིམས་ནད་གསར་དུ་འགོས་པའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ།ད་དུང་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ལའང་ཐུག་ཡོད།མ་འོངས་སྔོན་འགོག་བྱས་ནས་འབྲུ་རིགས་བདེ་འཇགས་ལ་གཅེས་སྤྲས་བྱེད་པའམ་ཡང་ན“ལྕེ་ཐོག་གི་ཆུད་ཟོས”ལ་མི་ཆོག་ཅེས་བཤད་པ་གང་ཡིན་རུང་།ཆུད་ཟོས་སུ་བཏང་བའི་ཟས་རིགས་ཕྱིར་ལེན་རྒྱུ་དེ་རང་རྟོགས་དང་སྤྱོད་དྲང་ཞིག་ཏུ་འགྱུར་དགོས།སྐབས་འདིར། ཟས་རིགས་ཆུད་ཟོས་སུ་གཏོང་བའི་གོམས་སྲོལ་ངན་པ་དེ་མི་ཆོག་ཅེས་བཤད་པ་ནི་ཁྲིམས་སྐྱོང་གི་སྙིང་སྟོབས་ཤིག་ཏུ་འགྱུར་དགོས།
སྒྲིག་ལམ་མེད་ན་ཚུལ་དང་ལྡན་པ་ཞིག་ཡོང་མི་ཐུབ།《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》གཏན་འབེབས་བྱས་པ་དེས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ལག་ལེན་ཁྲོད་ཀྱི་སྤྱོད་གོ་ཆོད་པའི་སྲིད་ཇུས་དང་བྱེད་ཐབས་རྣམས་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་སྤར་ཏེ།འབྲེལ་ཡོད་གྲུབ་ཆ་གཙོ་བོ་ཁག་གི་འགན་འཁྲི་ཁ་གསལ་བྱས་པས།ཡུན་ཕན་ལམ་སྲོལ་འཛུགས་ཤིང་བཅའ་ཁྲིམས་ཀྱི་ཁྲིད་སྟོན་དང་ཚད་ལྡན་གྱི་ནུས་པ་འདོན་སྤེལ་བྱེད་པ།སྤྱི་ཚོགས་ཡོངས་སུ་བཟའ་བཏུང་འཛད་སྤྱོད་དང་།རྒྱུན་ལྡན་གྱི་ཟས་རིགས་འཛད་སྤྱོད་ཀྱི་གཞི་རྩའི་བྱ་སྤྱོད་ཚད་གཞི་གཏན་འབེབས་བྱེད་པ་སོགས་ལ་ཕན་པ་ཡིན།སྒྲིག་ལམ་བཙུགས་པ་དང་།འགན་ཁུར་གསལ་པོར་བཏང་བ། གོམས་སྲོལ་དར་སྤེལ་བྱེད་པ་བཅས་ཀྱི་བཅའ་ཁྲིམས་འདིའི་ནང་དུ་བཅའ་ཁྲིམས་ཀྱི“བཙན་ཕྱོགས”དང་ཡུལ་སྲོལ་གྱི “ལྷོ་ཕྱོགས”གཉིས་ཀ་འཛོམས་པས། ཟས་རིགས་ཆུད་ཟོས་སུ་གཏོང་བའི་སྤྱི་ཚོགས་ཀྱི་ངན་རེངས་དེ་ཚོད་འཛིན་བྱ་རྒྱུར་ནུས་ལྡན་བཅའ་ཁྲིམས་མཁོ་སྤྲོད་བྱས་ཡོད་པས།རང་རྒྱལ་གྱིས་ཟས་རིགས་ཆུད་ཟོས་སུ་གཏོང་བའི་ཟང་ཟིང་གི་སྣང་ཚུལ་བཅོས་སྐྱོང་བྱེད་པའི་རྣམ་འགྱུར་ནན་མོ་མངོན་ཡོད་ལ།འབྲུ་རིགས་བདེ་འཇགས་ལ་འགན་སྲུང་སྔར་ལས་ལེགས་པོའང་བྱེད་ཐུབ།
“ལྕེ་ཐོག་གི་ཆུད་ཟོས”ལ་མཐའ་གཅིག་ཏུ་མི་ཆོག་ཅེས་བཤད་པ།《ཟས་རིགས་ཆུད་ཟོས་ལ་ང་རྒོལ་བྱེད་པའི་བཅའ་ཁྲིམས》དངོས་སུ་དོན་འཁྱོལ་བྱེད་དགོས་ན།གཙོ་བོ་ནི་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས།བྱེ་བྲག་གི་ཁྲིམས་བསྟར་ལས་ཁུངས་ཀྱི་ཁྲིམས་བསྟར་དོན་ཐོག་ཏུ་འཁྱོལ་རྒྱུ་ནི་གནད་འགག་ཐུག་ས་ཡིན་པ་ཁ་གསལ་དགོས།ཐ་མག་འཐེན་མི་ཆོག་པའི་འབྲེལ་ཡོད་ཁྲིམས་སྲོལ་ལག་བསྟར་བྱེད་པར་དཔེ་བཞག་ན།ལོ་མང་པོའི་རིང་ལ་ལག་བསྟར་དང་དོན་འཁྱོལ་བྱས་པའི་ཚད་ཧ་ཅང་དམའ་བ་ཡིན། དེའི་ནང་གི་རྒྱུ་རྐྱེན་ཞིག་ནི་ཁྲིམས་ལག་བསྟར་བྱེད་པར་ནོར་འཛོལ་བྱུང་ཞིང་གོ་སྐབས་ཤོར་བ་ཡིན། བསླབ་བྱ་འདི་དང་ལེན་བྱེད་འོས་པ་རེད། དུས་མཚུངས་སུ།《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་གཏན་འབེབས་བྱས་པ་ལྟར་ན།བཟའ་བཏུང་ཞབས་ཞུའི་ཚོང་གཉེར་བྱེད་མཁན་གྱིས་འཛད་སྤྱོད་པར་བློ་འགུག་རིག་སྐྱེད་བྱས་ནས་ཚད་ལས་བརྒལ་བའི་ཟ་མ་མང་པོ་འདེམ་དུ་བཅུག་ནས་འཕྲོ་བརླག་ཏུ་བཏང་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གམ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་དགོས།ཡོ་བསྲང་མི་བྱེད་པར་སྒོར་ཆིག་སྟོང་ཡན་ནས་ཆིག་ཁྲི་མན་གྱི་ཆད་པ་གཅོད་དགོས།འཚོ་བའི་དངོས་ཁྲོད་དུ། མཛད་སྤྱོད་མཁན་ལ་བློ་འགུག་རིག་སྐྱེད་བྱས་ནས་ཟ་མ་མང་པོ་འདེམ་དུ་འཇུག་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་ཡིན། མི་སྒེར་གྱི་ཆུད་ཟོས་ལ་ཚོད་འཛིན་བྱེད་པའི་མཚུངས་སུ། ཤུགས་སྣོན་བྱེད་ས་ནི“བྱེད་པོའི་འགན་འཁྲི”སྟེང་བཞག་ནས། བཅའ་ཁྲིམས་གསར་པ་ལས་ནུས་པ་འདོན་པ་དང“ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ”དེ་སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ཞིག་ཏུ་ཆགས་དགོས།
《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལག་ལེན་དོན་འཁྱོལ་བྱེད་པར་མི་ཚང་མར་འགན་ཁུར་ཡོད།ལག་ལེན་དོན་འཁྱོལ་བྱེད་པའི་ཁྲོད་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་བཏང་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང།རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་དང་གསར་འགྱུར་སྨྱན་བྱེད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང་འགལ་བར་ཆད་གཅོད་དང་དམར་རྗེན་དུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གྲོན་ཆུང་ནན་ཏན་ལ་སྣེ་ཁྲིད་བྱེད་དགོས།ལྟ་སྐུལ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། བཅའ་ཁྲིམས་ཀྱི་ཆད་གཅོད་དང་སྤྱི་ཚོགས་སྤྱི་པའི་སྤྱོད་བཟང་གི་ལྟ་སྐུལ་ལམ་སྲོལ་ཟུང་འབྲེལ་གང་ལེགས་བྱས་ཏེ། མིང་ཐོ་ནག་པོའི་ནང་འཇུག་དགོས་པ་རྣམས་ངེས་པར་དུ་མིང་ཐོ་ནག་པོའི་ནང་བཅུག་ནས་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་བཟའ་བཅའ་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་ལ་བཀག་འགོག་ནུས་ལྡན་བྱེད་དགོས།
“ར་མའི་ནང་གི་འབྲུ་རྡོག་རེ། དཀའ་སྤྱད་ལས་བྱུང་སུ་ཡིས་ཤེས”། སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་བྱེད་པ་དང་།འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ཏེ་ཟས་རིགས་ཆུད་ཟོས་སུ་གཏོང་བར་སྔོན་འགོག་བྱེད་པར་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པར་བྱེད་དགོས།གྲོན་ཆུང་ནི་དར་སྲོལ་ཞིག་དང་གོམས་སྲོལ་ཞིག་ཡིན་པས།ཁྲིམས་འཛུགས་དྲིལ་བསྒྲགས་དང་སློབ་གསོ་སོགས་ཕྱོགས་མང་པོའི་ཐད་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་ཏེ། སྤྱི་ཚོགས་ཡོངས་སུ“ཆུད་ཟོས་ནི་ངོ་ཚ་ཡིན་པ་དང་།གྲོན་ཆུང་ནི་གཟི་བརྗིད་ཡིན་པའི”རྣམ་པ་ཞིག་བསྐྲུན་ནས་ཧུར་བརྩོན་གྱིས་གྲོན་ཆུང་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་འཛུགས་དགོས།།