ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ན་གནོད་འཚེ་ཕོག་མཁན་གྱིས་རང་འགུལ་བྱ་སྤྱོད་སྤེལ་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1177པའི་གཏན་འཁེལ་ལྟར་ན། “ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་།གནས་ཚུལ་ཛ་དྲག་ཆེ་ཞིང་རྒྱལ་ཁབ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྲུང་སྐྱོབ་མ་ཐོབ་ལ། འཕྲལ་མར་དེའི་ཁྲིམས་མཐུན་ཁེ་དབང་ལ་ཁ་གསབ་བྱེད་མི་ཐུབ་པའི་གནོད་འཚེ་ཐེབས་སྐབས། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་འོས་པའི་ཁྱབ་ཁོངས་སུ། དབང་གནོད་མཁན་གྱི་ལག་ནས་རྒྱུ་ནོར་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ཆོག འོན་ཀྱང་མྱུར་དུ་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་བྱེད་པའི་རེ་བ་གདོན་དགོས།

གནོད་འཚེ་ཕོག་མཁན་གྱིས་སྤྱད་པའི་བྱེད་ཐབས་ཚུལ་མཐུན་མིན་པར་གཞན་ལ་གནོད་འཚེ་བཟོས་ན། དབང་གནོད་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།