(1)དབང་གནོད་ཕོག་མཁན་ལ་ནོར་འཁྲུལ་ཡོད་པ། གལ་ཏེ་དབང་གནོད་ཕོག་མཁན་གྱིས་གནོད་འཚེ་གཅིག་མཚུངས་ལ་ནོར་འཁྲུལ་བྱུང་བའམ་རྒྱ་ཆེ་རུ་བཏང་ན། དབང་གནོད་གཏོང་མཁན་གྱི་འགན་འཁྲི་ཇེ་ཡང་དུ་བཏང་ཆོག
(2)གནོད་འཚེ་ཐེབས་པར་གནོད་འཚེ་ཐེབས་མཁན་གྱིས་བསམ་བཞིན་དུ་བཟོས་པ་ཡིན་ན། བྱ་སྤྱོད་སྤེལ་མཁན་གྱིས་ཁག་འགན་འཁུར་མི་དགོས།
(3)ཉེན་ཁ་ཡོད་པ་ཤེས་བཞིན་དུ་རང་གི་འདོད་མོས་ལྟར་རིག་གནས་ལུས་རྩལ་བྱ་འགུལ་ལ་ཞུགས་པ་དང་། ཞུགས་མཁན་གཞན་དག་གི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་ཕོག་ན། གནོད་འཚེ་ཕོག་མཁན་གྱིས་ཞུགས་མཁན་གཞན་དག་ལ་དབང་གནོད་ཁག་འགན་འཁུར་བའི་རེ་ཞུ་བྱས་མི་ཆོག འོན་ཀྱང་དེར་ཞུགས་མཁན་གཞན་དག་གིས་གནོད་འཚེ་འབྱུང་བར་ཤེས་བཞིན་དུ་བྱས་པའམ་ལས་འཛོལ་ཚབས་ཆེན་བྱུང་བ་འདིའི་ཁོངས་སུ་མི་གཏོགས།