ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཡིག་ལན་གྱི་བསམ་འཆར་ལྟར་ན། ཁྱོ་ཤུག་གི་འབྲེལ་བ་གནས་པའི་རིང་ལ། ཕྱོགས་གཉིས་ཀས་མིའི་ཐབས་ཀྱི་སྦྱོར་བ་ལ་བརྟེན་ནས་སྐྱེས་པའི་ཕྲུ་གུ་ནི་ཕན་ཚུན་གཉེན་བསྒྲིགས་ཏེ་སྐྱེས་པའི་ཕྲུ་གུ་ཡིན་པར་མ་ཟད། བཅའ་ཁྲིམས་སྟེང་དུ་ཕ་བུ་མ་བུའི་འབྲེལ་བ་གྲུབ་ཡོད་སྟབས། བུ་ཕྲུག་དེར་ཕ་མའི་ཤུལ་ནོར་ཤུལ་འཛིན་བྱེད་དབང་ཡོད།