ཉིན་འགའི་སྔོན་ལ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས“རྨ་ཀླུང་སྔོན་མོ”ཡི་ཡུལ་སྐོར་ཁུལ་གྱི་སྤུས་ལེགས་ལམ་ཐིག་བཞི་ཁྱབ་སྒྲོག་བྱས། ལམ་ཐིག་དེས་རྨ་ཆུའི་ཆུ་མགོ་དང་། ཁམས་རའི་ཏན་ཞ། ཁྲི་ཀའི་རྨ་ཀླུང་སྔོན་མོ། ཚལ་རྔ་འགག་གྲོག་རོང་། རྨ་ཙོང་རོང་ས་ལ་སོགས་ཀྱི་ལྟེ་བའི་ཐོན་ཁུངས་དག་རྒྱུན་ཐག་གཅིག་ལ་བརྒྱུས་ནས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་བསྐྲུན།
ལམ་ཐིག་བཞི་ལས། དང་པོ་ནི “རྨ་ཀླུང་སྔོན་མོ”སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ཡིན། ལམ་ཐག་ལ་ལེ་དབར510ཡོད་ཅིང་། ལམ་དེ་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང(ལཱ་ཚང་གི་གནའ་ཤུལ་སྤྱི་གླིང་། ཡུས་ཝང་འགག)ནས་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང (ས་ལར་རིགས་ཀྱི་ལྗང་མདོག་ཁྱིམ་གཞིས། ས་ལར་ཕ་གཞིས། དམངས་སྲོལ་རིག་གནས་གླིང་)དང་། དེ་ནས་གཅན་ཚ་རྫོང(བདེ་སྐྱིད་གྲོང་ཚོ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་)། ཁྲི་ཀ་རྫོང(རྨ་ཀླུང་སྔོན་མོ། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་)། གསེར་ཆེན་རྫོང(ཚལ་རྔ་འགག་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི)བརྒྱུད་མཐར་མཚོ་སྔོན་པོའི་མཚོ་སྔོན་དང་ཀན་སུའུ་ཡི་བསྐོར་ལམ་ལ་སྦྲེལ་ཡོད།
གཉིས་པ་ནི“མཆེད་ཁོངས་འཚོལ་བའི”རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་ཡིན། ལམ་ཐག་ལ་ལེ་དབར260ཡོད་ཅིང་། ལམ་དེ་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་(ལཱ་ཚང་གི་གནའ་ཤུལ་སྤྱི་གླིང་)ནས་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང(ཀེ་ཙི་ཁ་ཆེ་ལྷ་ཁང་། ས་ལར་རིགས་ཁ་ཆེ་ལྷ་ཁང་གི་གནའ་ཁང་ཚོགས། པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས )། ལུང་མདོ་ཆུས(གླང་མ་ཁུག་ཚོན་རྫའི་བཤམས་སྟོན་ཁང་། རྨ་ཙོང་རིག་གནས་རྟེན་མཛོད་ཁང་། གྲོ་ཚང་རྡོ་རྗེ་འཆང་དགོན)། དམར་གཙང་ཆུས(དམར་གཙང་རྟ་བབས་ཏེ་རྨ་ཙོང་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་ས)བཅས་བརྒྱུད་མཐར་ཟི་ལིང་གྲོང་ཁྱེར་ལ་སྦྲེལ་ཡོད།
གསུམ་པ་ནི“ཆུ་ཀླུང་སྔོན་མོ་དང་ཏན་ཞ་ས་གཤིས”ཀྱི་ཞིབ་སློབ་ཡུལ་སྐོར་ཁུལ་ཡིན། ལམ་ཐག་ལ་ལེ་དབར360ཡོད་ཅིང་། ཁྲི་ཀ་རྫོང(ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་)ནས་གཅན་ཚ་རྫོང (ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་)། བ་ཡན་ཧུའེ་རིགས་རང་སྐྱོང་རྫོང(ཨ་ཝ་ཐང་ས་གཤིས་གྲོང་ཚོ )། རེབ་གོང་གྲོང་ཁྱེར(རེབ་གོང་རྒྱལ་ཁབ་ལོ་རྒྱུས་རིག་གནས་མཁར་གྲོང་)། རྩེ་ཁོག་རྫོང(དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ )བརྒྱུད་མཐར་མཚོ་སྔོན་ལྷོ་རྒྱུད་ཚོད་ལྟ་ཁུལ་ལ་སྦྲེལ་ཡོད།
བཞི་བ་ནི་རྨ་ཆུའི“གྲངས”འོད་བཟོ་ལས་ལྗོངས་ཁུལ་ཡུལ་སྐོར་ཁུལ་ཡིན་ཞིང་། ལམ་ཐིག་དེ་དམར་གཙང་ཆུས་ནས་ཟི་ལིང་བརྒྱུད་མཐར་གསེར་ཆེན་རྫོང་ལ་སྦྲེལ་ཡོད་དོ། །