གཅིག སྔོ་ཚོད་དང་སིལ་ཏོག་གསར་པ་མང་ཙམ་ཟ་བ།
སྔོ་ཚོད་དང་སིལ་ཏོག་གསར་པའི་ནང་དུ་འཚོ་རྒྱུ་དང་གཏེར་རྒྱུ། བཟའ་བཅའི་ཚི་སྣ། ཆུ་བཅས་འདུས་པར་མ་ཟད། ད་དུང་ལུས་པོས་དབྱང་འགྱུར་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱེད་ཐུབ། དཔེར་ན་ལ་ཕུག་རྒྱུ་དང་ཀྲོ་མ་ཀྲུའི་དམར་རྒྱུ། ཧྭ་ཆིན་རྒྱུ། འཚོ་རྒྱུCསོགས་ལྟ་བུ། གྲུབ་ཆ་འདི་དག་གིས་ལུས་སྟེང་གི་གཉན་ཚད་ནུས་སྣང་ཇེ་ཆུང་དུ་གཏོང་བ་དང་ཕོ་བའི་བདེ་ཐང་སྲུང་སྐྱོབ་བྱེད་པ་ཡིན།
ཞིབ་འཇུག་ལས་མངོན་པ་ལྟར་ན། སྔོ་ཚོད་ཀྱི་བསྡུ་ལེན་བྱེད་ཚད་དེ་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་དང་འབྲེལ་བ་མེད། ཡིན་ནའང་། ཙོང་རིགས་ཀྱི་སྔོ་ཚོད་དང་རྒྱ་གྲམ་མེ་ཏོག་རིགས་ཀྱི་སྔོ་ཚོད་ཀྱིས་ཕོ་བའི་འབྲས་སྐྲན་སྔོན་འགོག་བྱེད་པའི་ནུས་པ་ཐོན། སིལ་ཏོག་གསར་པ་བསྡུ་ལེན་བྱེད་ཚད་ཇེ་མང་དུ་བཏང་ན། ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
གཞི་གྲངས་ལ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། གཟའ་འཁོར་རེར་སིལ་ཏོག་ཐེངས་གསུམ་ལས་ཉུང་བ་ཟ་བའི་མི་ཚོགས་ལས་གཟའ་འཁོར་རེར་སིལ་ཏོག་ཐེངས་གསུམ་མམ་གསུམ་གྱི་ཡན་ཟ་མཁན་ལ། ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ62%ཇེ་དམའ་རུ་སོང་ཡོད་པ་དང་། གཟའ་འཁོར་རེར་སྔོ་ཚོད་ཐེངས་གསུམ་ལས་ཉུང་བ་ཟ་བའི་མི་ཚོགས་ལས་གཟའ་འཁོར་རེར་ཐེངས་གསུམ་མམ་གསུམ་གྱི་ཡན་ཟ་བའི་མི་ལ། ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ38%ཇེ་དམའ་རུ་སོང་ཡོད།
གཉིས། རྒྱུན་དུ་སྲན་མའི་ཐོན་རྫས་ཟ་བ།
སྲན་སེར་དང་སྲན་ཐུད། སྲན་སྤྲི་སྐམ་བསྒྲིལ་མ། སྲན་ཐུད་སྐམ་པོ། སྲན་སྐུད་སོགས་སྲན་མའི་ཐོན་རྫས་ནང་སྲན་ཆེན་གྱི་ཐོང་སེར་རྒྱུ་ཕུན་སུམ་ཚོགས་པོ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྲན་ཆེན་ཐུང་སེར་རྒྱུ་ཡིས་ཕོ་བའི་འབྲས་སྐྲན་ཕྲ་ཕུང་རྙིད་པར་འཇམ་ཁྲིད་བྱེད་ཐུབ་པས། ཕོ་བའི་འབྲས་སྐྲན་སྔོན་འགོག་དང་དེ་ཉིད་ལ་འགོག་རྒོལ་བྱེད་པའི་ནུས་པ་ལྡན།
གསུམ། ཞིབ་མོར་བལྡད་ཅིང་དལ་མོར་མིད་པ་དང་རྒྱགས་ཆེ་བར་འཛེམ་པ།
ཟས་ཐུན་རེའི་ཟ་མ་ཟ་ཚད་ལ་ཚོད་འཛིན་ཡག་པོ་བྱ་དགོས་པ་དང་། ཕོ་བ་རྒྱགས་ཆེ་མི་རུང་། རྒྱུན་ལྡན་དུ་ཕོ་བའི་བཅུ་ཆའི་བདུན་ནས་བརྒྱད་ཙམ་རྒྱགས་ན་ཆོག ཕོ་བ་དང་རྒྱུ་མའི་ཁུར་བོ་ཇེ་ལྕི་རུ་མི་འགྲོ་བ་བྱ་དགོས། ཞིབ་མོར་བལྡད་ཅིང་དལ་མོར་མིད་ན། ཟ་མ་ཟ་ཚད་ལ་ཚོད་འཛིན་ལེགས་པོ་བྱེད་ཐུབ་པ་དང་། ཟ་མ་ཁམ་གང་རེ་མང་ཙམ་བལྡད་ན་འཇུ་བྱེད་གཤེར་ཁུ་དང་ཟས་རིགས་ཀྱི་འབྲེལ་གཏུག་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ། འཇུ་སླ་བ་དང་ཕོ་རྒྱུ་ཡི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ།
བཞི། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ།
ཚོ་ཆེ་བའི་མི་ཚོགས་ལ་ཡོངས་ཁྱབ་ཏུ་ནང་ཁྲོལ་ཚིལ་ཅུང་མང་བ་དང་། དེ་ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ་དང་འབྲེལ་བ་ཡོད། རིམས་ནད་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ནང་ཁྲོལ་ཚིལ་ནི་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་རེད། གཞན་ཡང་ཚོ་ཆེ་བ་ནི་འབྲས་སྐྲན་སྣ་ཚོགས་འབྱུང་བའི་ཉེན་ཁ་དང་འབྲེལ་བ་ཡོད་པས། ཕོ་བའི་འབྲས་སྐྲན་གྱི་ནད་རིགས་འཕེལ་བར་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད་དུ་ནུས་པ་ངེས་ཅན་ཐོན་ཡོད། །