ཉེ་ཆར། ཕིང་ཨན་གྲོང་ཁྱེར་ཕིང་ཨན་ཆུས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་གིས་རླངས་འཁོར་འཇོག་གླ་ལ་གཡོལ་ཆེད། རང་གི་རླངས་འཁོར་ལ་འཁོར་ཨང་རྫུན་མ་ཞིག་བཟོས་ཏེ་བཀལ་མཐར། རླངས་འཁོར་འཇོག་གླ་ལས་ཀྱང་མི་ཚད་པའི་ཆད་པ་ནན་མོ་བཅད།
དོན་རྐྱེན་བྱུང་བའི་ཉིན་དེར། ཕིང་ཨན་སྤྱི་བདེ་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར་ཏེ། ཕིང་ཨན་ཆུས་ཧུའེ་མིན་ཡོན་ས་འོག་འཁོར་ལྷས་ནང་དུ་རླངས་འཁོར་ཞིག་ལ་འཁོར་ཨང་རྫུན་མ་བཀལ་ཡོད་པའི་དོགས་གཞི་ཡོད་པར་བཤད། རུ་ཆེན་གྱི་ལས་རེས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་སོང་ནས། འཁོར་ལྷས་དེའི་ལྟ་སྐུལ་བརྙན་མིག་ལས་དོགས་ཡོད་རླངས་འཁོར་ཁ་ལོ་བ་སུ་ཡིན་གཏན་འཁེལ་བྱས་ཏེ་སྤྱི་བདེ་ཅུས་སུ་བོས་ནས་ཞིབ་བཤེར་བྱས། བདེན་དཔང་མང་པོའི་མདུན་དུ། ཆི་ཆེ་གེ་མོས་རླངས་འཁོར་གྱི་འཁོར་ཨང་རྫུན་མ་བཀལ་བའི་ཁྲིམས་འགལ་གྱི་དོན་དངོས་ཁས་བླངས་པ་ལྟར་ན། རིན་མེད་ངང་འཁོར་ལྷས་ནས་འཇོག་ཆེད་དྲ་ལམ་ནས་འཁོར་ཨང་རྫུན་མ་ཞིག་ལས་སུ་བཅུག་པ་དང་། དེ་ནས་འཁོར་ལྷས་ནས་ཕྱིར་འབུད་དུས་རླངས་འཁོར་འཇོག་གླ་སྟེར་མི་དགོས་པར་གང་འདོད་དུ་འགྲོ་ཆོག་ལ། ད་ཐེངས་ལས་བསམ་སར་མ་སོང་གསེག་སར་སོང་ཞེས་པ་ལྟར་རྫུན་གྱི་མཇུག་འབྲས་ལྷང་ལ་བུད་སོང་ཞེས་ཟེར།
མཐར་ཆི་ཆེ་གེ་མོར་འཕྲུལ་སྒུལ་འཁོར་ལོའི་འཁོར་ཨང་རྫུན་བཟོ་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པས། ཁྲིམས་ལྟར་ཉིན5རིང་སྲིད་འཛིན་བཀག་ཉར་དང་། སྒོར4000ཡི་དངུལ་ཆད་བཅད་པར་མ་ཟད། ཁ་ལོ་བའི་དཔང་ཡིག་སྟེང་གི་སྐར་མ12ཆ་ཚང་འཐེན་པ་པ་དང་། འཁོར་ཨང་རྫུན་མ་ཡང་ཁྲིམས་ལྟར་གཞུང་བཞེས་བྱས།