ཁྱིམ་མི་ལ་བྱ་བའི་ཁྲོད་རྨས་ཕོག་ན་ལས་རྨས་ཁ་གསབ་སྟེར་དགོས་པའི་རེ་འདུན་བཏོན་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཨ་ཁུ་ལ་བྱ་བའི་ཁྲོད་རྨས་ཕོག་པ་དང་། གསལ་འབྱེད་ལས་རྨས་སྐྱོན་རིམ་པ་གསུམ་པར་ངོས་འཛིན་བྱས་པས། སྔོན་ཆད་ཀྱི་ལས་གནས་དེའི་སྟེང་དུ་ལས་ཀ་ལས་ཐབས་བྲལ། འདིར་འདྲི་རྒྱུ་ཞིག་ནི་གནས་ཚུལ་འདི་ལྟ་བུའི་འོག་ཏུ་ལས་རྨས་ཁ་གསབ་སྟེར་དགོས་པའི་རེ་འདུན་བཏོན་ཆོག་གམ།  

ཀློག་པ་པོ་འཕྲིན་ལས་ཀྱིས།

བློ་མཐུན་འཕྲིན་ལས་ལགས།

འབྲེལ་ཡོད་གཏན་འཁེལ་ལྟར་ན། ལས་བཟོ་པར་ལས་རྨས་ཕོག་སྟེ་རྨས་སྐྱོན་རིམ་པ་དང་པོ་ནས་བཞི་པར་ངོས་འཛིན་བྱས་ན། ངལ་རྩོལ་འབྲེལ་བ་སོར་འཇོག་བྱས་རྗེས་ལས་གནས་དང་ཁ་བྲལ་བ་དང་། རྨས་སྐྱོན་ཁ་གསབ་དང་བཅས་པའི་འབྲེལ་ཡོད་ཐོབ་ཆ་ལོངས་སྤྱོད་བྱས་ཆོག ལས་རྨས་ཁ་གསབ་ནི་ལས་རྨས་ཉེན་སྲུང་ཐེབས་རྩ་ཡིས་ཟླ་རེ་རེར་སྟེར་བ་དང་། ཚད་གཞི་ནི་རྨས་སྐྱོན་རིམ་པ་དང་པོར་ཟླ་ཕོགས་ཀྱི90%དང་། རྨས་སྐྱོན་རིམ་པ་གཉིས་པར་ཟླ་ཕོགས་ཀྱི85%། རྨས་སྐྱོན་རིམ་པ་གསུམ་པར་ཟླ་ཕོགས་ཀྱི80%། རྨས་སྐྱོན་རིམ་པ་བཞི་པར་ཟླ་ཕོགས་ཀྱི75%བཅས་རེད། ལས་རྨས་ཁ་གསབ་ཀྱི་དོན་དངོས་དངུལ་འབོར་དེ་ས་གནས་ཀྱི་མ་མཐའི་ཟླ་ཕོགས་ཀྱི་ཚད་གཞི་ལས་དམའ་ན་ལས་རྨས་ཉེན་སྲུང་ཐེབས་རྩ་ལས་ཁ་གསབ་བྱེད་དགོས། ལས་བཟོ་པར་ལས་རྨས་ཕོག་སྟེ་རྨས་སྐྱོན་རིམ་པ་དང་པོ་ནས་བཞི་པའི་བར་ངོས་བཟུང་ན། མི་བཀོལ་སྡེ་ཁག་དང་ལས་བཟོ་བ་རང་ཉིད་ཀྱིས་ལས་རྨས་ཁ་གསབ་རྨང་གཞིར་བཟུང་སྟེ། གཞི་རྩའི་སྨན་བཅོས་འགན་སྲུང་དངུལ་སྤྲོད་དགོས། ཁྱོད་ཀྱི་ཨ་ཁུ་ལ་ལས་ཀའི་དབང་གིས་རྨས་ཕོག་པ་དང་། གསལ་འབྱེད་བྱས་ཏེ་རྨས་སྐྱོན་རིམ་པ་གསུམ་པར་ངོས་འཛིན་བྱས་ཡོད་ན། ལས་རྨས་ཁ་གསབ་འདུ་བའི་གོང་གི་ཐོབ་ཆ་དེ་དག་ཁྲིམས་ལྟར་ལོངས་སུ་སྤྱད་ཆོག་གོ །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།