2026ལོར་ལག་བསྟར་བྱ་རྒྱུ་ཡིན་པའི་ཁྲིམས་འདི་དག་ང་ཚོ་དང་འབྲེལ་བ་ཆེ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》2026ལོའི་ཟླ1པོའི་ཚེས1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན། དེ་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་ཡིན་པས། ང་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འགྱུར་ལྡོག་ཆེན་པོ་ལྔར་སློབ་སྦྱོང་ཐེངས་ཤིག་བྱེད་དང་། འདི་དག་ང་ཚོ་དང་འབྲེལ་བ་ཆེན་པོ་ཡོད།

འགྱུར་ལྡོག་དང་པོ།

སློབ་གྲྭའི་ནང་ཐུབ་ཚོད་བྱེད་པ་དེ་ཁྲིམས་འགལ་ཡིན་པ་གསལ་པོ་བཟོས་འདུག སློབ་གྲྭའི་ནང་དུ་དངུལ་འཕྲོག་པ་དང་ལུས་རྩལ་ཐང་དུ་སློབ་གྲོགས་ལ་རྡུང་བ། ཐུབ་ཚོད་ཕྲན་ཙམ་བཟོས་པ་སོགས་ལའང་ཆད་པ་གཅོད་ཀྱིན་འདུག གལ་ཏེ་དགེ་རྒན་དང་སློབ་སྤྱིས་གནས་ཚུལ་གསང་ནས་གོང་ཞུ་མ་བྱས་པ་དང་ཐག་གཅོད་མ་བྱས་ཚེ་འགན་འཁྲི་བདའ་འདེད་གཏོང་སྲིད་ལ། ཉེན་རྟོག་པ་སློབ་གྲྭར་ཡོང་ནས་ཁྲིམས་ལྟར་གྱོད་དོན་ཐག་གཅོད་བྱེད་ངེས་རེད།

འགྱུར་ལྡོག་གཉིས་པ།

གཞན་གྱིས་སྔོན་ལ་ལག་པ་བཀྱག་པ་དང་དེ་ནས་རང་གིས་ཕར་ལ་ལན་བསློགས་ན་རྡུང་རེས་བརྒྱབ་པའི་ཉེས་པར་བརྩི་བ་དེ་རྦད་དེ་ལོ་རྒྱུས་སུ་གྱུར་འདུག བཅའ་ཁྲིམས་གསར་པར་ལུགས་མཐུན་འགོག་སྲུང་ནི་ཁྲིམས་ལས་འགལ་བ་ཞིག་མིན་པ་དང་སྲང་ལམ་གྱི་འགྲུལ་པས་རྐུན་མ་འཛིན་རོགས་བྱས་ན་དེ་ནི་བདེན་པའི་རྒྱབ་ལངས་ལ་བརྩི་བཞིན་འདུག

འགྱུར་ལྡོག་གསུམ་པ།

བྱིས་པ་ཁ་ཤས་ཀྱིས་རང་ཉིད་ལོ་ན་ཆུང་བར་འདོད་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱིན་ཡོད། ཡིན་ནའང་བཅའ་ཁྲིམས་གསར་པའི་ནང་གཏན་འཁེལ་བྱས་དོན། ལོ14ནས16བར་གྱི་ཕྲུ་གུས་ལོ་གཅིག་ནང་ཁྲིམས་ལས་ཐེངས་གཉིས་འགལ་བའམ་ཡང་ན་ཐུབ་ཚོད་ངན་པ་ཐེངས་གཅིག་བཟོས་ཚེ་བཀག་ཉར་བྱེད་ཀྱིན་འདུག གལ་སྲིད་བཀག་ཉར་གྱི་ལོ་ཚད་མ་ལོན་ན་ཡོ་བསྲང་སློབ་གསོ་གཏོང་གིན་འདུག 

འགྱུར་ལྡོག་བཞི་པ།

ཁྱི་ཐུ་པོ་གསོ་མཁན་གྱིས་ཡིད་གཟབ་བྱ་དགོས་པར། ཁྱི་ལ་ཐག་པ་མ་བཏགས་པའི་སྒང་ལ་ད་དུང་གཞན་ལ་སོ་བཏབ་ན། བདག་པོས་འགན་འདི་ལྟར་འཁུར་དགོས་ཀྱིན་འདུག ཐག་པ་མ་བཏགས་པ་ཐེངས་དང་པོ་ཡིན་ཚེ་ཐ་ཚིག་སྒྲོག་པ་དང་། ད་དུང་ཡང་ཐག་པ་མ་བཏགས་པའམ་ཡང་ན་གཞན་ལ་སོ་བཏབ་ན། ཉུང་མཐར་ཡང་ཉིན་ལྔ་ལ་བཀག་ཉར་བྱེད་ཀྱིན་འདུག འདི་ནི་དངུལ་གྱིས་སྐྱིན་ཚབ་འཇལ་བས་ཆོག་པ་ཞིག་མིན་པར་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱིན་འདུག

འགྱུར་ལྡོག་ལྔ་པ།

འཛེར་སྒྲས་མང་ཚོགས་ལ་སུན་པོ་བཟོས་པའི་ཉེས་ཚབས་ཆེན་པོ་བསགས་ཚེ་ཐད་ཀར་བཀག་ཉར་བྱེད་ཀྱིན་འདུག དགོང་མོ་འཕྱི་འདུག་ནའང་ཐང་ཆེན་ཞབས་བྲོ་འཁྲབ་ནས་འཛེར་སྒྲ་ཆེན་པོ་བཟོ་བ་དང་ཁྱིམ་དུ་མི་མང་པོ་འཛོམས་ནས་ཁྱིམ་མཚེས་ངལ་གསོ་རུ་མ་བཅུག་པར་མ་ཟད། ཐེངས་མང་པོར་བཙལ་ཡང་ཁར་མ་ཉན་པར་མུ་མཐུད་འཛེར་སྒྲ་བཟོ་མཁན་ལ། ཉིན5ཡན་ནས་ཉིན10མན་བར་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར1000མན་གྱི་དངུལ་ཆད་གཅོད་ངེས་རེད།

གཏན་འཁེལ་གསར་པ་དེ་དག་གིས་བཅའ་ཁྲིམས་སྲུང་མཁན་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། ཁྲིམས་འགལ་བའི་བྱ་སྤྱོད་ལ་ཁྲིམས་ཆད་ནན་པོ་གཅོད་ཀྱིན་འདུག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།