ཟི་ལིང་གི་ལྗོངས་ཁུལ་འདི་གསུམ་གྱི་པ་སེ་སྒོར10ལ་མར་ཕབ་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གསར་འགོད་པས་ཉེ་ལམ་ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན། དཔྱིད་དགུན་གྱི་ཡུལ་སྐོར་འཛད་སྤྱོད་སྤྲོ་པོ་ཡོང་ཆེད་དང་གྲོང་མི་དང་ཡུལ་སྐོར་བའི་རིག་གནས་ཡུལ་སྐོར་གྱི་མྱོང་རོལ་ཕུན་སུམ་ཚོགས་པར་གཏང་ཆེད། ཟི་ལིང་གྲོང་ཁྱེར་གྱིས2025ལོ་ནས2026ལོའི་དགུན་དཔྱིད་དུས་ཚིགས་རིང་གི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ།  དེའི་ནང་དམངས་ཕན་གྱི་བྱེད་ཐབས་འདི་ལ་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ་པ་སྟེ། 2025ལོའི་ཟླ12ཚེས1ཉིན་ནས2026ལོའི་ཟླ3ཚེས5ཉིན་བར་དུ། སྐུ་འབུམ་དགོན་དང་།  མཚོ་བོད་མཐོ་སྒང་རི་སྐྱེས་སྲོག་ཆགས་ར་བ(西宁野生动物园)དང་ཟི་ལིང་དོམ་ཁྲ་ཁང་བཅས་མཚོན་བྱེད་རང་བཞིན་གྱི་ལྗོངས་ཁུལ་ཆེན་པོ་གསུམ་གྱི་པ་སེ་དེ་གཅིག་གྱུར་བྱས་ནས་སྒོར10ལ་ཕབ་པ་དེ་རེད། 
  ཐེངས་འདིའི་བྱེད་ཐབས་ཀྱིས་དགུན་དཔྱིད་དུས་ཚིགས་སུ་ཡུལ་སྐོར་བ་ཉུང་བའི་རྣམ་པ་བཅོས་སྒྱུར་བྱས་ཏེ། དམངས་ཕན་གྱི་བྱེད་ཐབས་དང་བྱེད་སྒོ་སྣ་ཚོགས་བརྒྱུད་དེ་དགུན་དཔྱིད་ཀྱི་ཡུལ་སྐོར་ལ་འཁྲུག་ཆ་རྒྱས་སུ་འཇུག་རྒྱུ་རེད།  ཤེས་གསལ་ལྟར་ན།  ཐེངས་འདིའི་པ་སེ་རིན་གོང་སྒོར10ལ་ཕབ་པའི་ནང་དུ་རིག་གནས་ཤུལ་བཞག་དང་། མཐོ་སྒང་གི་སྐྱེ་ཁམས་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཐད་ཀྱི་ཚན་རིག་ཁྱབ་གདལ་ལ་སོགས་ཡོད་པས།  ཡུལ་སྐོར་བ་རྣམས་ཟི་ལིང་དུ་ཡོང་ན་ངེས་པར་དུ་སྐྱོད་སའི་གནས་ལེགས་ཤོས་ཡིན་ནོ།། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།